Tibetan Royal Year of 2151 | Year of the Wood Dragon

ཕྱི་ལོ་ ༢༠༢༢ ལོ་ནི་ཉེ་དུས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཆེ་ཤོས་ཡིན་པ།

Tibetan News Headlines

  • Press watchdog RSF: China’s communist regime leads world in repression of journalistic rights
  • Sikyong Penpa Tsering meets President of South Tyrol, before leaving for Berlin
  • Xi Jinping faces strong protests from Tibetans and rights advocates in Paris
  • Nancy Pelosi honored with Presidential Medal of Freedom, US highest civilian award
  • Tibetan MMA fighter Rinchen Griffithsgolha makes history with first professional victory
  • History Feature: Panchen Rinpoche’s Footprints Across Tibet

རེས་གཟའ་ཟླ་བ། ༢༠༢༤།༠༥།༠༦

  • རྒྱ་ནག་ནི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཡིན་པ་ཐེར་འདོན།
  • སྲིད་སྐྱོང་མཆོག་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་མོལ་གནང་རྗེས་འཇར་མ་ནིའི་རྒྱལ་ས་ Berlin དུ་ཕེབས་འབྱོར།
  • ཞི་ཅིན་ཕིང་ལ་ཧྥ་རན་སིར་བསླེབས་སྐབས་བོད་མིས་ངོ་རྒོལ།
  • ལྕམ་ Pelosi མཆོག་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཆེས་རླབས་ཆེན་ཞིག་ཡིན་པའི་ཆེ་བསྟོད།
  • བོད་མི་ཞིག་གིས་ཁུ་ཚུར་དྲག་རྩལ་གྱི་ཆེད་ལས་རྩེད་འགྲན་ནང་ཆེས་ཐོག་མ་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་འདུག
  • བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ལས་ལེའུ་དྲུག་པ་བོད་ཁམས་ཞབས་ཀྱིས་བཅགས་པ།

དེ་རིང་ཞོགས་པ་ཕྱག་ཚོད་ ༡༠།༣༠ ཐོག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དུ་ཕྱི་ལོ་༢༠༢༢ ལོའི་ལོ་འཁོར་སྙན་ཐོ་འདོན་སྤེལ་དང་སྦྲགས། ཕྱི་ལོ་ ༢༠༢༢ ལོ་ནི་ཉེ་དུས་བོད་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཆེ་ཤོས་སུ་ལྷུང་བའི་ལོ་ཞིག་ཆགས་ཡོད་པར་གསུངས་སོང་།

དེ་རིང་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་དང་ངག་དབང་ལུང་རྟོགས་ལགས་རྣམ་གཉིས་དབུ་བཞུགས་ཐོག་ ༢༠༢༤ ལོའི་ལོ་འཁོར་སྙན་ཐོ་དང་འབྲེལ་གསར་ལྷན་སྐོར་ཚོགས་སྐབས་ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་གཞུང་གིས་རིམས་ནད་གཙང་དག་གི་སྲིད་བྱུས་ཟེར་བ་ལག་བསྟར་གྱིས་སྔར་ལས་ལྷག་པའི་དམ་བསྒྲགས་ཚོད་མེད་བྱས་ཏེ་བོད་མི་གཙོས་རྒྱ་ནག་གི་དབང་འོག་ཏུ་གནས་པའི་མི་མང་ས་ཡ་མང་པོར་དཀའ་སྡུག་ཚད་མེད་སྤྲད་པ་དང་། ལྷག་པར་དུ་བོད་ཁུལ་དུ་རིམས་ནད་གཙང་སེལ་ལ་ཁ་གཡར་ནས་བོད་མི་བརྒྱ་ཕྲག་མང་པོ་འཛིན་བཟུང་བྱ་རྒྱུ་གཙོས་སྒོ་རྒྱ་བཀག་སྡོམ་དང་དཀའ་ངལ་བརྗོད་མཁན་ཚོའི་སྨྲ་བརྗོད་རང་དབང་ལ་ཚད་བཀག་ཆེན་པོ་བཟོས་ཡོད་པ་དང་། སྐབས་དེར་རིམས་ནད་སྔོན་འགོག་གི་ཐབས་བྱུས་དེ་བོད་ནང་དུ་དམ་བསྒྲགས་ཆེ་རུ་གཏོང་བྱེད་ཀྱི་ལག་ཆར་སྤྱད་ནས་གཉན་རིམས་ཕོག་ཡོད་མེད་གཉིས་ཀར་སྨན་བཅོས་དང་ཁ་ཟས་སོགས་ཀྱི་ཐུན་རྐྱེན་ཞན་པའི་ཟུར་འཇོག་ཁང་དུ་མཉམ་དུ་བཅུག་ཡོད་པ་འགྲེལ་བརྗོད་དང་སྦྲགས། དྲ་ལམ་དུ་རིམས་ནད་སྐབས་ཀྱི་ཛ་དྲག་གནས་ཚུལ་སྤེལ་མཁན་ཀྱི་བོད་མི་རྣམས་འཛིན་བཟུང་བཀག་ཉར་བྱས་ཏེ་བཙན་ཤེད་ཀྱིས་བརྙན་ཐུང་ནང་དུ་རང་ཉིད་ཀྱིས་སྤེལ་བའི་གནས་ཚུལ་དེ་དག་དཀྲོག་གཏམ་དང་གནས་ཚུལ་རྫུན་མ་ཡིན་པའི་ངོས་ལེན་གྱི་སྐད་ཆ་བཤད་དུ་བཅུག་ཏེ་གཞུང་འབྲེལ་དྲ་ལམ་དུ་སྤེལ་བ་དང་། རིམས་ནད་དང་དེའི་སྲིད་བྱུས་རྐྱེན་གྱིས་འཚོ་བ་དང་སེམས་ཁམས་ཀྱི་དཀའ་ངལ་ཆེས་ཆེར་སོང་བར་བརྟེན་རང་ཤི་རྒྱག་མཁན་མི་ཉུང་བ་ཞིག་བྱུང་ཡོད་པར་མ་ཟད། བྱིས་པ་དང་རྒས་འཁོགས་ལ་སྨན་བཅོས་སོགས་ཀྱི་ལྟ་རྟོག་མ་རག་པའི་རྐྱེན་གྱིས་འདས་གྲོངས་སུ་གྱུར་མཁན་ཡང་མང་དག་ཅིག་བྱུང་ཡོད་པར་བཀོད་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཕྱི་ལོ་༢༠༢༢ ལོའི་སྙན་ཐོ་ནང་ད་དུང་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་སུ་རྒྱ་གཞུང་གིས་བོད་མི་སྐྱ་སེར་ཕོ་མོ་རྒན་གཞོན་དབྱེར་མེད་ས་ཡ་དུ་མའི་ DNA འམ་རིགས་རྫས་འདོད་མོས་ཡོད་མེད་ལ་ལྟོས་མེད་བཙན་གྱིས་བསྡུ་ལེན་བྱས་པ་ཙམ་མ་ཟད། བོད་ནང་རིག་གཞུང་བཙན་བསྒྱུར་གྱི་སྲིད་བྱུས་རྒྱར་བསྐྱེད་བྱས་ཏེ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཐོབ་ཐང་ལའང་བརྩི་མེད་རྡོག་རོལ་ཆེས་ཆེར་བཏང་ནས་བོད་ནང་གི་ཤེས་ཡོན་ལམ་ལུགས་ཡོངས་རྫོགས་རྒྱ་གཞུང་གི་སྟངས་འཛིན་འོག་སློབ་གྲྭ་ཁག་གི་སྐད་ཡིག་རྒྱ་ཡིག་ཏུ་བསྒྱུར་བ་དང་། སྒེར་གཉེར་སློབ་གྲྭ་མང་དག་ཅིག་སྒོ་བརྒྱབ་པ་དང་ཐད་ཀར་གཞུང་གི་སྟངས་འཛིན་འོག་བཅུག་ཡོད་པ། དེ་བཞིན་ཆོས་ལུགས་དང་འབྲེལ་བའི་སྒྲིག་གཞི་གསར་དུ་སྤེལ་ནས་དྲྭལམ་གྱི་ཆོས་ལུགས་ལས་དོན་སྤེལ་བར་གཞུང་གིས་ཆོག་མཆན་དགོས་པ་དང་ཆོག་མཆན་མ་ཐོབ་ཚེ་ཁྲིམས་འགལ་ཡིན་པར་ངོས་འཛིན་བཅས་ཀྱི་ཚད་བཀག་བཟོས་ཏེ་ཆོས་ལུགས་དད་མོས་རང་དབང་དང་ཆོས་ལུགས་འཆད་ཁྲིད་ཀྱི་སྨྲ་བརྗོད་རང་དབང་ལ་སྔར་ལྷག་རྡོག་རོལ་བཏང་ཡོད་པ་བཀོད་འདུག

གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པས་ཕྱི་ལོ་ ༢༠༢༢ ལོའི་ནང་རྒྱ་ནག་གཞུང་གིས་བོད་མི་འཛིན་བཟུང་དང་བཀག་སྐྱིལ་བྱས་པའི་གྲངས་ཐོ་གཙོས་ཐེངས་འདིའི་སྙན་ཐོ་བརྒྱུད་ནས་དགོས་འདུན་ཅི་ཞིག་མངོན་གསལ་གནང་གི་ཡོད་དམ་ཞེས་སོགས་བཅར་འདྲི་ཞུས་པར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ལོ་ ༢༠༢༢ ལོར་ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་གདལ་ཆེས་ཆེར་སོང་བའི་གནད་དོན་དང་འབྲེལ་ནས་བོད་མི་འཛིན་བཟུང་དང་བཀག་སྐྱིལ་བྱས་པའི་གྲངས་ཐོ་ཕུད་བོད་མི་ ༢༧ ལྷག་འཛིན་བཟུང་དང་བཀག་སྐྱིལ་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་ཀྱང་། བོད་ནས་གནས་ཚུལ་མཁོ་སྒྲུབ་གནང་བར་ངལ་བ་ཆེན་པོ་འཕྲད་ཀྱི་ཡོད་སྟབས་ལྟེ་གནས་ཁང་ནས་ཤེས་རྟོགས་བྱུང་བ་ལས་མང་བ་ཡོད་ངེས་དང་། ཐེངས་འདིའི་སྙན་ཐོ་བརྒྱུད་རྒྱ་ནག་གཞུང་ནས་རྒྱ་ནག་རང་ཉིད་ཀྱི་ཁྲིམས་སྒྲིག་དང་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་གུས་བརྩི་ཞུས་པའི་ཐོག་ནས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ཞུས་དགོས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཁག་གིས་ཀྱང་འགྲོ་བ་མིའི་ཐོབ་ཐང་ལ་དགོངས་པ་བཞེས་ཏེ་ཚོང་གཉེར་གྱི་ཁེ་ཕན་ཁོ་ནའི་ཆེད་དུ་རྒྱ་ནག་གཞུང་དང་ལྷན་དུ་མ་འཛུགས་མི་གནང་རོགས་ཞེས་ཞུ་སྐུལ་ནན་པོ་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།