Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གི་མཛད་རྗེས་ལ་ཆེ་བསྟོད་ཀྱི་གསེར་གྱི་གཟེངས་རྟགས་ཕུལ་བ།

Tibetan News Headlines

  • Dalai Lama meets participants of conference on the impact of contemplative practices
  • PM Modi says he talks frequently with Dalai Lama, Exile Tibetans calls on next leadership to meet him
  • UN slammed as it asks Taiwanese journalists to show Chinese passports to attend WHO assembly
  • 14 trading points along Nepal-China border reopen
  • DYSA Mundgod and Dhasa United enter 29th GCM Gold Cup final

རེས་གཟའ་ཟླ་བ། ༢༠༢༤།༠༥།༢༧

  • ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་ཞིབ་འཇུག་ཚོགས་འདུའི་ཟབ་སྦྱོང་བ་རྣམས་ལ་བཀའ་སློབ་སྩལ་བ།
  • རྒྱ་གར་གྱི་གཞུང་འཛིན་གསར་པ་སུ་ཕེབས་ནའང་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་དགོས་པ་གསུངས་སོང་།
  • རྒྱལ་ཚོགས་ཀྱིས་ཐེ་ཝན་དེ་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་གྱིས་ཐེ་ཝན་གྱི་གསར་འགོད་པ་གཉིས་བཀག་སྡོམ་བྱས་འདུག
  • བལ་བོད་དབར་གྱི་ཚོང་འབྲེལ་ས་མཚམས་ཁག་ ༡༤ ལོ་བཞི་རྗེས་སུ་བསྐྱར་དུ་རིམ་པས་སྒོ་ཕྱེ་བཞིན་པ།
  • དྷ་ས་ཆིག་སྒྲིལ་རུ་ཁག་དང་མོན་གྷོ་འདོད་རྒུ་གླིང་རུ་ཁག་གཉིས་༸རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་མཐའ་མའི་འགྲན་བསྡུར་ནང་ཚུད་སོང་།

དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་ནང་རྟེན་གཞི་བྱས་པའི་ Scheherazade ཐེབས་རྩས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་འགྲོ་བ་མིའི་རིགས་ཀྱི་བདེ་དོན་དང་ཆོས་ལུགས་མཐུན་སྒྲིལ། དེ་བཞིན་འཛམ་གླིང་ཞི་བདེ་བཅས་ཀྱི་ཆེད་དུ་བསྐྱངས་པའི་རླབས་ཆེན་གྱི་མཛད་རྗེས་ལ་ཆེ་བསྟོད་ཀྱི་གསེར་གྱི་གཟེངས་རྟགས་ཕུལ་འདུག 

Scheherazade ཐེབས་རྩ་ཁང་གི་གསེར་གྱི་གཟེངས་རྟགས་ནི། ཐེབས་རྩ་ཁང་གིས་འཛམ་གླིང་ཐོག་བེུད་ཀྱི་ནུས་སྟོབས་གོང་འཕེལ་བརྒྱུད་ནས་དམིགས་དཔེ་ལྡན་པའི་མ་འོངས་ན་གཞོན་བེུད་འགོ་ཁྲིད་རྩོད་ལེན་གནང་མཁན་དང། རིག་གཞུང་ཕན་ཚུན་དབར་མཐུན་ལམ་དང་སེམས་ཐག་ཉེ་པོའི་ཐོག་ནས་ཁྱད་དུ་འཕགས་པའི་མཛད་རྗེས་འཇོག་མཁན་སྐྱེ་བོ་རྣམས་ལ་ཕུལ་གྱི་ཡོད་པ་རེད། 

ཟླ་བ་འདིའི་ཕྱི་ཚེས་ ༡༤ ཉིན་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་ Scheherazade ཐེབས་རྩ་ཁང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་འགྲོ་བ་མིའི་རིགས་ཀྱི་བདེ་དོན་དང་ཆོས་ལུགས་མཐུན་སྒྲིལ། དེ་བཞིན་འཛམ་གླིང་ཞི་བདེ་བཅས་ཀྱི་ཆེད་དུ་བསྐྱངས་པའི་རླབས་ཆེན་གྱི་མཛད་རྗེས་ལ་ཆེ་བསྟོད་ཞུ་ཕྱིར་ཐེབས་རྩ་ཁང་གསར་འཛུགས་གནང་མཁན་རྩོམ་པ་པོ་ Tahir Shah ལགས་ཀྱི་བུ་ Timur Shah ལགས་ནས་ཐེབས་རྩའི་སྐུ་ཚབ་ཞུས་ཏེ་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་ཆེད་བཅར་གྱིས་གསེར་གྱི་གཟེངས་རྟགས་དེ་ཉིད་སྐུ་ཚབ་དོན་གཅོད་བརྒྱུད་ནས་ཕུལ་འདུག

རྩ་བའི་ Scheherazade ཐེབས་རྩ་ཁང་ནི་ཕྱི་ལོ་ ༢༠༢༠ ལོར་དབྱིན་ཡུལ་ནང་གནས་བཞུགས་དང་རྩོམ་པ་པོ་དང་དངོས་བྱུང་གློག་བརྙན་བཟོ་སྐྲུན་པ་ Tahir Shah ལགས་ཀྱིས་བཙུགས་པའི་ཁེ་མེད་ཚོགས་པ་ཞིག་ཡིན་འདུག་ཅིང་། ད་བར་ཐེབས་རྩ་ཁང་དེའི་གསེར་གྱི་གཟེངས་རྟགས་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་དམ་པ་ Nelson Mandela མཆོག་དང་དབུལ་ཕོངས་སྐྱོང་མཁན་ཡེ་ཤུའི་ཨ་མ་དམ་པ་ Mother  Teresa ལགས་སོགས་འཛམ་གླིང་གི་ཆབ་སྲིད་དབུ་ཁྲིད་དང་སྤྱི་ཚོགས་ཞབས་ཞུ་བ། དེ་བཞིན་རྩོམ་པ་སོགས་སྐྱེ་བོ་ ༡༩ ལྷག་ལ་ཕུལ་ཡོད། ཐེབས་རྩ་ཁང་གསར་འཛུགས་གནང་མཁན་རྩོམ་པ་པོ་ Tahir Shah ལགས་ ༢༠༠༩ ལོར་བཞུགས་སྒར་དྷརྨ་སཱ་ལཱར་ཆེད་བཅར་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཡོད་པ་རེད། 

འབྲེལ་ཡོད་གསར་གནས།

གསར་གནས།

Monday 27/05/2024