Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་འདས་ལོར་བོད་ནང་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་དང་རྗེས་འབྲང་པར་དམ་བསྒྲགས་བྱས་པར་མངོན་གསལ།

Tibetan News Headlines

  • Press watchdog RSF: China’s communist regime leads world in repression of journalistic rights
  • Sikyong Penpa Tsering meets President of South Tyrol, before leaving for Berlin
  • Xi Jinping faces strong protests from Tibetans and rights advocates in Paris
  • Nancy Pelosi honored with Presidential Medal of Freedom, US highest civilian award
  • Tibetan MMA fighter Rinchen Griffithsgolha makes history with first professional victory
  • History Feature: Panchen Rinpoche’s Footprints Across Tibet

རེས་གཟའ་ཟླ་བ། ༢༠༢༤།༠༥།༠༦

  • རྒྱ་ནག་ནི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཡིན་པ་ཐེར་འདོན།
  • སྲིད་སྐྱོང་མཆོག་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་མོལ་གནང་རྗེས་འཇར་མ་ནིའི་རྒྱལ་ས་ Berlin དུ་ཕེབས་འབྱོར།
  • ཞི་ཅིན་ཕིང་ལ་ཧྥ་རན་སིར་བསླེབས་སྐབས་བོད་མིས་ངོ་རྒོལ།
  • ལྕམ་ Pelosi མཆོག་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཆེས་རླབས་ཆེན་ཞིག་ཡིན་པའི་ཆེ་བསྟོད།
  • བོད་མི་ཞིག་གིས་ཁུ་ཚུར་དྲག་རྩལ་གྱི་ཆེད་ལས་རྩེད་འགྲན་ནང་ཆེས་ཐོག་མ་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་འདུག
  • བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ལས་ལེའུ་དྲུག་པ་བོད་ཁམས་ཞབས་ཀྱིས་བཅགས་པ།

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༢༢ ལོར་རྒྱལ་སྤྱིའི་ཁྲོད་ཆོས་དད་རང་དབང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་འདོན་སྤེལ་གནང་བར་གཞིགས་ན་འདས་ལོར་རྒྱ་ནག་གཞུང་གིས་བོད་ནང་དུ་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་མཐོ་ཤོས་གཉིས་མང་ཚོགས་ཀྱི་མཇལ་རྒྱུ་མེད་པ་བཟོས་ཡོད་པ་གཙོས་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་དང་རྗེས་འབྲང་པར་སྔར་ལྷག་དམ་བསྒྲགས་བྱས་ཡོད་པར་མངོན་གསལ་གནང་འདུག

སང་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དགུང་ལོ་ ༦ ཐོག་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་མི་ལོ་ ༢༨ སོང་བའི་དུས་ཚིགས་དང་བསྟུན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ལས་རིམ་ཞིག་གི་ཐོག་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་དང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་ Rashad Hussain ལགས་རྣམ་གཉིས་དབུ་བཞུགས་ཐོག་འདས་ལོ་ནང་རྒྱལ་སྤྱིའི་ཁྲོད་ཆོས་དད་རང་དབང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་ཞིག་དབུ་འབྱེད་གནང་ཡོད་པ་རེད། 

སྙན་ཐོ་ནང་རྒྱ་གཞུང་གིས་བོད་པའི་བུད་མེད་འཛོམས་དཀར་ལགས་དང་གཡུ་སྒྲོན་ལགས་གཉིས་ལ་མཆོད་གཤོམ་ནང་༸གོང་ས་མཆོག་གི་༸སྐུ་པར་སྒྲིག་གཤོམ་གནང་བའི་ཉེས་མིང་འོག་འཛིན་བཟུང་བྱས་པ་སོགས་ཀྱི་གནད་དོན་ལུང་འདྲེན་དང་སྦྲགས། སྔ་ལོར་རྒྱ་ནག་གཞུང་གིས་བོད་ནང་༸གོང་ས་མཆོག་གི་༸སྐུ་པར་སྒྲིག་གཤོམ་དང་ཉར་ཚགས་གནང་བར་དམ་བསྒྲགས་ཆེས་ཆེར་བྱས་ཡོད་པར་མ་ཟད། བོད་པའི་དགོན་སྡེ་ཁག་དང་ཁྱིམ་ཚང་ཁག་ལ་བཙན་དབང་གིས་ཞི་ཅིན་ཕིང་དང་མོའུ་ལ་སོགས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་པར་སྒྲིག་དགོས་པར་བཙན་བཀའ་ཁྱབ་བསྒྲགས་བྱས་པ་མ་ཚད་པར་དགོན་སྡེ་ཁག་དང་གཞུང་གི་ལས་བྱེད་པ་རྣམས་ལ་༸གོང་ས་མཆོག་ལ་མཚན་སྨད་ཞུ་དགོས་པ་དང་། ༸རྒྱལ་བའི་ཡང་སྲིད་ལ་ཐེ་བྱུས་བྱེད་ཐབས་སུ་ཆེད་དམིགས་ཀྱིས་རྒྱལ་མཚན་ནོར་བུར་གུས་བརྩི་ཞུ་དགོས་པའི་བཙན་བཀའ་ཡང་བཏང་ཡོད་པར་མངོན་གསལ་གནང་འདུག

སྙན་ཐོའི་ནང་ད་དུང་འདས་པའི་ལོ་ ༣ གྱི་ནང་བླ་རུང་སྒར་དང་ཡར་ཆེན་སྒར་གཉིས་ནས་གྲྭ་བཙུན་སྟོང་ཕྲག་མང་པོ་ཕྱིར་ཕུད་བཏང་བའི་གནད་དོན་སོགས་ལུང་འདྲེན་གྱིས་སྔ་ལོར་རྒྱ་གཞུང་གིས་བོད་པའི་དགོན་སྡེ་ཁག་གི་གྲྭ་བཙུན་གྱི་གྲངས་འབོར་ཚད་འཛིན་བྱས་པར་མ་ཟད། ཕྱིར་ཕུད་བཏང་བའི་གྲྭ་བཙོན་རྣམས་ལ་མུ་མཐུད་སློབ་གཉེར་མི་ཆོག་པ་བཟོས་པ་དང་ཆབ་སྲིད་ཀྱི་སློབ་གསོ་སྤེལ་བཞིན་ཡོད་པ་སོགས་འཁོད་འདུག

ལྷག་པར་དུ་རྒྱ་ནག་ཞུང་གིས་འདས་ལོ་ནང་བྱིས་པ་གཙོས་བོད་མི་རྣམས་ལ་ཆོས་ཕྱོགས་ཀྱི་དུས་ཆེན་ཁག་ལ་མཉམ་ཞུགས་དང་གནས་མཇལ་ལ་ཕེབས་རྒྱུ་སོགས་ལ་དམ་བསྒྲགས་བྱས་པ་དང་ཆབས་ཅིག་ དགོན་སྡེ་ཁག་དང་ཕ་མ་རྣམས་ལ་བྱིས་པར་བོད་ཡིག་སློབ་ཁྲིད་གནང་མི་ཆོག་པ་དང་དེ་ལྟར་གནང་ཚེ་ཐོབ་ཐང་འཕྲོག་རྒྱུའི་ཉེན་བརྡ་བཏང་ཡོད་པར་མ་ཟད། བོད་པའི་བྱིས་པ་ས་ཡ་གཅིག་ཙམ་གཏན་འཇགས་སློབ་གྲྭར་བཞག་སྟེ་བོད་མི་རིགས་ཀྱི་ཆོས་རིག་དང་འབྲེལ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་བཀོད་འདུག

དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་རིགས་རྫས་བསྡུ་ལེན་ལས་གཞི་སྤེལ་བའི་གནས་སྟངས་བྱུང་ཡོད་སྟབས་བོད་ནང་གི་བོད་མིས་དེར་ངོ་རྒོལ་གནང་ཕྱིར་རང་ལུས་མེར་བསྲེགས་གནང་བའི་གནད་དོན་བྱུང་ཡོད་པ་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་གྲངས་ཐོར་གཞིགས་ཚེ་ད་ལྟའི་ཆར་ཉུང་མཐར་བོད་མི་ ༧༠༠ ཙམ་རྒྱ་གཞུང་གི་བཙོན་འཇུག་འོག་ཡོད་པ་སོགས་ཀྱི་གནས་སྟངས་མངོན་གསལ་གནང་ཡོད་པ་རེད།

ཁ་སང་གི་སྙན་ཐོ་དབུ་འབྱེད་མཛད་སྒོ་ཐོག་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་གཙོས་པའི་བོད་མི་ཁག་གཅིག་དང་དེ་བཞིན་རྒྱ་གཞུང་གི་དྲག་གནོན་མྱོང་བཞིན་པའི་མི་རིགས་གཞན་གྱི་སྐུ་ཚབ་བཅས་མཉམ་ཞུགས་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།