Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་ཀར་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་གསར་པར་འཚམས་འཕྲིན་སྩལ་བ།

Tibetan News Headlines

  • Press watchdog RSF: China’s communist regime leads world in repression of journalistic rights
  • Sikyong Penpa Tsering meets President of South Tyrol, before leaving for Berlin
  • Xi Jinping faces strong protests from Tibetans and rights advocates in Paris
  • Nancy Pelosi honored with Presidential Medal of Freedom, US highest civilian award
  • Tibetan MMA fighter Rinchen Griffithsgolha makes history with first professional victory
  • History Feature: Panchen Rinpoche’s Footprints Across Tibet

རེས་གཟའ་ཟླ་བ། ༢༠༢༤།༠༥།༠༦

  • རྒྱ་ནག་ནི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཡིན་པ་ཐེར་འདོན།
  • སྲིད་སྐྱོང་མཆོག་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་མོལ་གནང་རྗེས་འཇར་མ་ནིའི་རྒྱལ་ས་ Berlin དུ་ཕེབས་འབྱོར།
  • ཞི་ཅིན་ཕིང་ལ་ཧྥ་རན་སིར་བསླེབས་སྐབས་བོད་མིས་ངོ་རྒོལ།
  • ལྕམ་ Pelosi མཆོག་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཆེས་རླབས་ཆེན་ཞིག་ཡིན་པའི་ཆེ་བསྟོད།
  • བོད་མི་ཞིག་གིས་ཁུ་ཚུར་དྲག་རྩལ་གྱི་ཆེད་ལས་རྩེད་འགྲན་ནང་ཆེས་ཐོག་མ་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་འདུག
  • བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ལས་ལེའུ་དྲུག་པ་བོད་ཁམས་ཞབས་ཀྱིས་བཅགས་པ།

༸གོང་ས་མཆོག་གིས་ཀར་ན་ཊ་ཀ་གཞུང་མང་གཉིས་ནས་ལྷག་བསམ་རྣམ་དག་གིས་བོད་མིར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་དང་འབྲེལ། སྤྱི་ཁྱབ་བློན་ཆེན་གསར་བའི་ལས་དོན་ཁག་ལམ་ལྷོངས་ཡོང་བའི་ཐུགས་སྨོན་མཛད་འདུག

ཁ་ཉིན་ཚེས་ ༢༠ ཉིན་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ Siddaramaiah མཆོག་རྒྱ་གར་ལྷོ་ཕྱོགས་ Karnataka ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པར་བསྐོ་བཞག་བྱུང་བར་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་ཡོད་པ་དང་། དེའི་ནང་མགོན་པོ་༸གང་ཉིད་མཆོག་གིས་འདི་ལོའི་ཕྱི་ཟླ་ ༤ ནི་བོད་མི་བཙན་བྱོལ་དུ་གྱར་ནས་མི་ལོ་ ༦༤ འཁོར་བའི་དུས་དྲན་དང་ལྷག་དོན་ཕྱི་ལོ་ ༡༩༥༩ ལོར་བོད་མི་རྣམས་ལ་རྒྱ་གར་ནང་གནས་སྡོད་བྱེད་ཡུལ་འཚོལ་བཞིན་པའི་སྐབས་དེར་རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་གིས་རྒྱ་གར་མངའ་སྡེ་ཁག་གི་སྤྱི་ཁྱབ་བློན་ཆེན་རྣམས་ལ་བོད་མིར་བཞུགས་གནས་མཁོ་སྤྲོད་གནང་བའི་འབོད་སྐུལ་ཞུས་པའི་ཁོངས་སུ་སྐབས་དེའི་ Karnataka མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ S. Nijalingappa མཆོག་གིས་བརྡ་ལན་བཟང་ཤོས་གནང་ཡོད་པ་ཐུགས་དྲན་གསོ་མཛད་པ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་དེ་སྔ་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་ནང་ཆིབས་བསྒྱུར་མཛད་སྐབས་ཁོང་དང་མཇལ་འཕྲད་བྱུང་བ་ཐུགས་དྲན་གསལ་བོ་ཡོད་ཅེས་བཀའ་སྩལ་འདུག

མགོན་པོ་༸གང་ཉིད་མཆོག་གིས་ད་དུང་ཕྱི་ལོ་ ༡༩༦༠ ལོར་ཀར་ན་ཊ་ཀ་མངའ་སྡེའི་ནང་བོད་མི་ཁྱོན་སུམ་ཁྲི་ལྷག་གནས་སྡོད་གནང་ཡོད་པར་རྒྱ་གར་ནང་གི་བོད་མིའི་མི་འབོར་མང་ཤོས་ཆགས་ཡོད་པ་དང་། ལྷག་དོན་ཀར་ན་ཊ་ཀའི་མངའ་གཞུང་གིས་བོད་མིའི་གཞིས་ཆགས་ལྔ་གསར་སྐྲུན་མཐུན་འགྱུར་དང་ཆབས་ཅིག བོད་པའི་དགོན་སྡེ་ཆེ་ཁག་མང་པོ་བསྐྱར་གསོ་དང་དེར་དཔལ་ནཱ་ལནྡཱའི་རིག་གཞུང་གཞིར་བཞག་པའི་ཐོག་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་སོགས་རྒྱ་གར་གནའ་བོའི་རིག་གཞུང་ཁག་སློབ་གཉེར་བྱས་དང་བྱེད་མུས་ཡིན་པར་བརྟེན། བོད་མིར་དཀའ་ཁག་ཆེ་བའི་དུས་སྐབས་སུ་ཀར་ན་ཊ་ཀའི་གཞུང་མང་གིས་རྒྱབ་སྐྱོར་དང་རོགས་རམ་རྒྱ་ཆེ་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་དང་སྦྲགས། སྤྱི་ཁྱབ་བློན་ཆེན་གསར་པའི་མ་འོངས་ལས་དོན་མཐའ་དག་ལམ་ལྷོངས་དང་ཀར་ན་ཊ་ཀའི་མི་མང་གི་རེ་བ་དང་མངོན་འདོད་ལྟར་བསྒྲུབ་ཐུབ་པའི་ཐུགས་སྨོན་མཛད་བཞིན་ཡོད་ཅེས་བཀའ་སྩལ་འདུག

དེའི་བར་ན་ཉེ་ཆར་སིང་གྷ་ལའི་རྒྱལ་ཁབ་ནང་གི་ཆོས་བརྒྱུད་ཆེན་པོ་གསུམ་གྱི་ནང་ཚན་ Amarapura Maha Nikaya གི་ཆེས་མཐོའི་དབུ་ཁྲིད་བླ་ཆེན་ Dodampahala Chandrasiri Thero མཆོག་དགུང་གྲངས་ ༨༤  ཐོག་དགོངས་པ་རྫོགས་པར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞིང་གཤེགས་དམ་པ་ཁོང་གི་རྗེས་འབྲང་པ་ཚོ་དང་ཆོས་གྲོགས་ཕོ་མོ་ཚོར་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་འདུག

དེའང་ཟླ་བ་འདིའི་ཚེས་ ༢༡ ཉིན་༸གོང་ས་མཆོག་གིས་སྩལ་བའི་གསུང་འཕྲིན་ནང་། སིང་གྷ་ལའི་རྒྱལ་ཁབ་ནང་གི་ཆོས་བརྒྱུད་ཆེན་པོ་གསུམ་གྱི་ནང་ཚན་ Amarapura Maha Nikaya གྱི་ཆེས་མཐོའི་བླ་ཆེན་མཆོག་དགོངས་རྫོགས་པའི་གནས་ཚུལ་ཐོས་པར་མགོན་པོ་༸གང་ཉིད་མཆོག་ཐུགས་ཕམ་དང་འབྲེལ་ནས་ཞིང་གཤེགས་དམ་པ་བླ་ཆེན་ཁོང་གི་རྗེས་འབྲང་པ་རྣམས་དང་ཆོས་གྲོགས་ཕོ་མོ་ཡོངས་ལ་ཐུགས་གསོ་མཛད་པ་མ་ཟད། ལྷག་དོན་དམ་པ་ཁོང་གིས་ད་བར་མང་ཚོགས་སླད་ཞབས་ཞུ་རླབས་ཆེན་བསྒྲུབས་ཏེ་སྐུ་ཚེ་དོན་དང་ལྡན་པར་བྱམས་བརྩེའི་ལམ་ནས་གཞན་ལ་ཕན་ཐོགས་སྒྲུབ་པའི་མཛད་རྗེས་རྣམས་མུ་མཐུད་རྒྱུན་སྐྱོང་གནང་རྒྱུ་ནི་ཞིང་གཤེགས་དམ་པ་ཁོང་གི་རྗེས་དྲན་ཡག་ཤོས་དེ་རེད་ཅེས་ལམ་སྟོན་མཛད་ཡོད།

ཞིང་གཤེགས་དམ་པ་བླ་ཆེན་ཁོང་ནི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཧ་ཅང་གི་བརྩི་བཀུར་ཞུ་མཁན་ཞིག་ཡིན་པ་དང་། དེ་སྔོན་ཏོག་དབྱིབས་ནད་ཡམས་མ་ཁྱབ་གོང་བླ་ཆེན་དམ་པ་ཁོང་རྒྱ་གར་ལ་ཆེད་ཕེབས་གནང་སྟེ། མགོན་པོ་༸གང་ཉིད་མཆོག་དང་མཇལ་འཕྲད་མཐའ་མ་གནང་ཡོད་ལ། དེ་སྔོན་ ༢༠༢༢ ལོར་ཤྲི་ལནྐར་བོད་ཀྱི་ནང་ཆོས་མཐུན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་༸རྒྱལ་བའི་༸སྐུའི་འཁྲུངས་སྐར་ཉིན་བླ་ཆེན་དམ་པ་ཁོང་ལྷན་ཞུགས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།