Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གི་ཚོང་ལས་ཁང་ལ་སྲིད་དོན་ཉེས་ཆད་བཀལ་ཡོད་པར་རྒོལ་ལན་ནན་པོ་བསློག་རྒྱུ་ཡིན་པ་བཤད་འདུག

Tibetan News Headlines

  • Dalai Lama extends Saka Dawa greetings, calls for for meaningful, compassionate lives
  • Tibetans and supporters protest against Xi Jinping in Budapest
  • Geshe Lobsang Tenzin Negi is honored with the Jefferson award for his efforts in uniting two distinct traditions
  • Zeekgyab rinpoche appeals to Japanese parliamentarians
  • Derge printing house inscribed on UNESCO memory of the world regional register
  • Health and Wellness : Managing extreme heat to protect your health and safety

རེས་གཟའ་ཕུར་བུ། ༢༠༢༤།༠༥། ༠༩

  • ༸གོང་ས་མཆོག་གིས་ས་ག་ཟླ་བ་དང་བསྟུན་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་དགོས་པ་བཀའ་སྩལ་བ།
  • Hungary ནང་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག
  • དགེ་བཤེས་བློ་བཟང་བསྟན་འཛིན་ལགས་སུ་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ Jefferson གཟེངས་རྟགས་ཕུལ་འདུག
  • ཉི་འོང་གྲོས་ཚོགས་འཐུས་མི་རྣམས་ལ་པཎ་ཆེན་རིན་པོ་ཆེའི་གནད་དོན་དང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞུ་འབོད།
  • སྡེ་དགེ་པར་ཁང་འཛམ་གླིང་དྲན་ཤེས་རྣམ་གྲངས་ཀྱི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་མིང་ཐོར་ཚུད་འདུག
  • འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད། ཚ་དྲོད་འཕེལ་སྐབས་འཕྲོད་བསྟེན་བདག་གཅེས་གནང་སྟངས་སྐོར།

ཨ་རི་གཙོས་ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་ནང་རྟེན་གཞི་བྱས་པའི་ཚོང་ལས་ཁང་བརྒྱད་ལ་ཨུ་རུ་སུས་ཡུག་རེན་ནང་དམག་འཁྲུག་རྒྱག་རྒྱུར་རྒྱབ་སྐྱོར་གྱི་གནད་དོན་འོག་ཚོང་འབྲེལ་བཀག་སྡོམ་གྱིས་སྲིད་དོན་ཉེས་ཆད་བཀལ་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༢༦ ཉིན་རྒྱ་གཞུང་གིས་འཁོན་ལན་ཚུལ་དུ་ཨ་རི་གཙོས་ཡོ་རོབ་མཐུན་ཚོགས་ཀྱིས་དེ་ལྟ་བུའི་འགན་འཁུར་མེད་པའི་བྱ་སྤྱོད་རིགས་མུ་མཐུད་སྤེལ་ཚེ། དེར་རྒོལ་ལན་ནན་པོ་བསློག་རྒྱུ་ཡིན་པ་བཤད་འདུག

Mao Ning

ཨུ་རུ་སུས་ཕྱི་ལོ་ ༢༠༢༢ ཕྱི་ཟླ་ ༢ ནང་ཡུག་རེན་ནང་བཙན་འཛུལ་གྱིས་དམག་འཁྲུག་རྒྱབ་སྟེ་ད་ཆ་ལོ་ངོ་གཉིས་ལྷག་འགྲོ་ཡི་ཡོད་པའི་ཁྲོད་འདིར། ཟླ་བ་འདིའི་ཕྱི་ཚེས་ ༢༣ ཉིན་ཨ་རིའི་གཞུང་གིས་ཨུ་རུ་སུ་དང་། རྒྱ་ནག རྒྱ་གར། ལྷོ་ཀོ་རི་ཡ་བཅས་ཀྱི་ཚོང་ལས་ཁང་ ༩༣ གྱིས་ཨུ་རུ་སུའི་གཞུང་ལ་རྒྱབ་སྐྱོར་བྱས་པའི་གནད་དོན་འོག་ཚོང་འབྲེལ་བཀག་སྡོམ་གྱིས་སྲིད་དོན་ཉེས་ཆད་བཀལ་ཡོད་པ་དང་། དེ་རྗེས་རིམ་པས་གཟའ་འཁོར་འདིའི་ནང་དབྱིན་ཡུལ་གཙོ་བོར་འགྱུར་བའི་ཡོ་རོབ་མཐུན་ཚོགས་ཀྱིས་ཀྱང་རྒྱ་ནག་གི་འཕྲུལ་ལས་དང་འབྲེལ་བའི་ཚོང་ལས་ཁང་ ༣ དང་ཧོང་ཀོང་ནང་རྟེན་གཞི་བྱས་པའི་ཁེ་ལས་གཅིག་བཅས་ལ་སྲིད་དོན་ཉེས་ཆད་བཀལ་ཡོད་པ་རེད།

གནད་དོན་དེ་དང་འབྲེལ་ཁ་སང་རྒྱ་ནག་གི་ཚོང་དོན་ལྷན་ཁང་གི་མགྲིན་ཚབ་པས་ཨ་རི་དང་དབྱིན་ཡུལ་དེ་བཞིན་ཡོ་རོབ་མཐུན་ཚོགས་ཀྱིས་ཟླ་བ་འདིའི་ནང་རྒྱ་ནག་ནང་རྟེན་གཞི་བྱས་པའི་ཚོང་ལས་ཁང་ ༨ ཙམ་ལ་གཞི་མེད་ཁྲིམས་འགལ་གྱིས་སྲིད་དོན་ཉེས་ཆད་བཀལ་བར་སྐྱོན་བརྗོད་ནན་པོ་དང་འབྲེལ། དེ་ལྟ་བུའི་འགན་འཁུར་མེད་པའི་བྱ་སྤྱོད་རིགས་མུ་མཐུད་སྤེལ་ཚེ་དེར་མཇུག་འབྲས་ངན་པ་ཡོང་སྲིད་པའི་ཉེན་བརྡ་བཏང་བ་ཙམ་མ་ཟད། རྒྱ་ནག་གི་ཚོང་ལས་ཁང་དེ་དག་གི་ཁེ་ཕན་བསྲུང་རྒྱུར་རང་ནུས་གང་ལྕོགས་བྱ་རྒྱུ་ཡིན་པ་བརྗོད་འདུག

རྒྱ་གཞུང་གིས་སྤེལ་བའི་བསྒྲགས་གཏམ་དེའི་ནང་ཨ་རི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་ནས་རྒྱའི་བཟོ་ཚོང་ལས་ཁང་མང་དག་ཅིག་ལ་གཞི་མེད་ཁྲིམས་འགལ་གྱི་སྐྱོན་འཛུགས་བྱས་པ་དེས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཚོང་འབྲེལ་གཙོས་སྤྱི་ཡོངས་ཀྱི་འབྲེལ་ལམ་ལ་དོ་ཕོག་གཏོང་ངེས་ཡིན་པ་དང་། དེ་ལྟ་བུའི་རྒྱ་ནག་གི་མིང་རྗེས་ངན་པ་བཟོ་རྒྱུའི་ལས་དོན་རྣམས་མཚམས་འཇོག་དགོས་པ་སོགས་ཀྱི་ལན་འདེབས་བྱས་འདུག

Image Credit: The Economic Times

དེ་བཞིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ Mao Ning གིས་ད་རེས་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་འགས་རང་སྣང་གང་དྲན་གྱིས་རྒྱ་ནག་གི་ཚོང་ལས་ཁང་ཁག་ཅིག་ལ་སྲིད་དོན་ཉེས་ཆད་བཀལ་བར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་དང་། ཐག་གཅོད་དེར་རྒྱ་ནག་གིས་ཀྱང་དགྲ་ལན་ བསློག་རྒྱུ་ཡིན་པ་ཙམ་མ་ཟད། ཨ་རིས་རྒྱུན་དུ་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་དང་ཨ་རུ་སུར་དམག་དོན་རྒྱབ་སྐྱོར་སོགས་ལ་ཁ་གཡར་ནས་རྒྱ་ནག་གི་འཕྲུལ་ལས་ཡར་རྒྱས་ལ་དྲག་གནོན་བྱེད་བཞིན་ཡོད་སྐོར་བཤད་དེ། རྒྱ་ནག་གི་སྒེར་དང་བཟོ་ཚོང་ལས་ཁང་ཁག་ལ་ཁྲིམས་ལུགས་དང་མི་མཐུན་པའི་ཉེས་ཆད་གཅོད་ཀྱི་ཡོད་པའི་ལས་དོན་རྣམས་འཕྲལ་དུ་མཚམས་འཇོག་བྱ་དགོས་པ་བཤད་འདུག

སྤྱིར་ཨུ་རུ་སུས་ལོ་གཉིས་ནས་ཡུག་རེན་ནང་བཙན་འཛུལ་གྱིས་དམག་འཁྲུག་རྒྱག་པར་ནུབ་ཕྱོགས་རྒྱལ་ཁབ་ཚང་མས་དེར་སྐྱོན་བརྗོད་དང་། ཨུ་རུ་སུའི་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ལ་ཉེན་བརྡ་ཐེངས་མང་བཏང་ཡོད་ཀྱང། རྒྱ་གཞུང་ནས་ཨུ་རུ་སུས་རྒྱལ་སྤྱིའི་ཁྲིམས་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་དག་ལ་ཁ་ཡ་མི་བྱེད་ཅིང་སྲིད་འཛིན་ Putin ལ་མངོན་གསལ་དོད་པོས་སྐྱོན་བརྗོད་བྱ་རྒྱུར་འཛེམས་ཟོན་བྱེད་ཀྱི་ཡོད་པ་རེད། བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན་རྒྱ་གཞུང་གིས་ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་པར་གོ་མཚོན་དང་དཔལ་འབྱོར་གྱི་རོགས་རམ་བྱེད་ཀྱི་ཡོད་པ་སོགས་ར་སྤྲོད་བྱུང་ཡོད་པ་རེད།

རྩ་བའི་ད་རེས་ཨ་རིས་ཡུག་རེན་ལ་བཙན་འཛུལ་ཐད་ཨུ་རུ་སུའི་གཞུང་ལ་རྒྱབ་སྐྱོར་བྱེད་པའི་གནད་དོན་འོག་ཚོང་ལས་ཁང་ ༩༣ ལ་ཚོང་འབྲེལ་བཀག་སྡོམ་གྱིས་སྲིད་དོན་ཉེས་ཆད་བཀལ་ཡོད་པའི་ཁོངས་སུ་ཧོང་ཀོང་གི་བཟོ་ཚོང་ལས་ཁང་ ༣ དང་རྒྱ་ནག་གི་ཚོང་ལས་ཁང་ ༨ ཨུ་རུ་སུའི་བཟོ་ཚོང་ལས་ཁང་ ༦༣ ། ཊར་ཀི་ཡི་ བཟོ་ཚོང་ལས་ཁང་ ༡༦ དང་། རྒྱ་གར། ལྷོ་ཀོ་རི་ཡ། ཡུ་ཨེ་ཨི་ UAE བཅས་སུ་ཡོད་པའི་བཟོ་ཚོང་ལས་ཁང་ཁག་ཅིག་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།