Tibetan Royal Year of 2151 | Year of the Wood Dragon

ཅེན་ནའི་མང་ཚོགས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་དཔལ་འབྱོར་བསྡུ་རུབ་གནང་བཞིན་འདུག

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

ཉེ་ཆར་ཟླ་བ་སྔོན་མའི་ནང་རྒྱ་གར་ལྷོ་ཕྱོགས་Tamil Nadu མངའ་སྡེར་ཆར་ཤུགས་རྐྱེན་པས་ཆུ་ལོག་གི་འཇིགས་པ་ཆེན་པོ་བྱུང་ནས་མངའ་སྡེའི་ས་གནས་མི་དམངས་ཀྱི་འཚོ་བ་དང་། DSC_0273ཤེས་ཡོན་དང་ཁྲོམ་ར། དེ་བཞིན་སྡོད་ཁང་སོགས་ལ་བསམ་ཡུལ་ལས་འདས་པའི་གོད་ཆགས་ཚབས་ཆེ་ཕོག་པར་བརྟེན། རྒྱ་གར་དབུས་གཞུང་དང་རྒྱལ་སྤྱིའི་ཚོགས་པ་ཁག་མང་པོ་ཞིག་ནས་ཁུལ་དེའི་མི་དམངས་རྣམས་ཀྱི་སླད་དུ་ངལ་སེལ་སྐྱོབ་གསོའི་ལས་གཞི་མང་དག་ཞིག་སྤེལ་22བཞིན་པའི་ཁྲོད། དེ་རིང་བཞུགས་སྒར་མེག་གྷན་ཁུལ་དུ་རྟེན་གཞི་བྱས་པའི་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་ཁག་ལྔ་ཟུང་འབྲེལ་གྱིས་ཅེན་ནའི་ས་གནས་མི་དམངས་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་དཔའ་འབྱོར་བསྡུ་རུབ་ཀྱི་ལས་གཞི་ཞིག་སྤེལ་བཞིན་འདུག ད་ལན་གྱི་ལས་འགུལ་དེ་བཞིན་བཞུགས་སྒར་དུ་དེ་རིང་དང་སང་ཉིན་བཅས་ཉིན་གཉིས་རིང་གནང་རྒྱུ་ཡིན་པ་རེད་འདུག བཞུགས་སྒར་ནས་བསྡུ་རུབ་བྱུང་པའི་དཔལ་འབྱོར་ཁག་ཅེན་ནའི་ནང་ཡོད་པའི་མཚམས་བོད་རིགས་སློབ་ཕྲུག་ཚོགས་པ་བརྒྱུད་ཟླ་བ1་འདིའི་ཕྱི་ཚེས་ཉི་ཤུ་རྩ་ལྔ་སྟེ། Christmas འམ་ཡི་ཤུའི་སྐུ་འཁྲུངས་ཚེས་དང་རྒྱལ་སྤྱའི་ལོ་གསར་ཉིན་མོར་ཅེན་ནའི་ས་གནས་མི་དམངས་ལ་ཕན་པའི་སྤྱི་ཚོགས་ཞབས་ཞུའི་ལས་འགུལ་སྤེལ་རྒྱུ་རེད་འདུག གཞི་རྩའི་དབུས་བོད་ཀྱི་བུ་མེད་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། དགུ་བཅུ་གསུམ་ལས་འགུལ་ཚོགས་པ། དེ་བཞིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གཙོས་པའི་ཅེན་ནའི་ནང་རྟེན་གཞི་བྱས་པའི་མཚམས་བོད་རིགས་སློབ་ཕྲུག་33ཚོགས་པའི་སློབ་ཟུར་བཅས་ཟུང་འབྲེལ་གྱིས་དཔལ་འབྱོར་བསྡུ་རུབ་གནང་བཞིན་འདུག རྩ་བའི་ད་ལན་ཅེན་ནའི་ནང་འབྱུང་བའི་རྐྱེན་ངན་གྱིས་གོད་ཆགས་འོག་གནོད་འཚེ་ཕོག་པ་རྣམས་ལ་སྐྱོབ་གསོ་དང་ཉེན་སྐྱོབ་ཡོང་བར་མགོན་པོ་༸གང་ཉིད་མཆོག་གིས་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཏཱ་ལའི་བླ་མའི་དགེ་རྩ་ནས་རོགས་དངུལ་ཧིན་སྒོར་ས་ཡ་བཅོ་ལྔ་( ༡༥༠༠༠༠༠༠) གསོལ་སྩལ་གནང་པ་དང་སྦྲགས། བློན་ཆེན་མཆོག་དང་། ལྷག་དོན་ད་ལན་གྱི་དོན་རྐྱེན་འོག་གོད་ཆགས་ཕོག་པའི་ཏ་མིལ་ན་དུའི་ཡུལ་མི་རྣམས་ལ་ཐུགས་སྨོན་སྩལ་མཛད་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།