Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་མཆོག་གིས་ཐེངས་འདིའི་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་བརྒྱུད་རྒྱ་གཞུང་ལ་འཇིགས་སྣང་སྐྱེས་དགོས་པ་ཞིག་ཆགས་ཡོད་པ་རེད་ཅེས་གསུངས་པ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

 

རྒྱ་ནག་གཞུང་གིས་ ༢༠༡༦ ལོའི་བཙན་བྱོལ་བོད་མིའི་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་ལ་སྐྱོན་བརྗོད་དང་སྦྲགས།  བཙན་བྱོལ་བོད་མི་རྣམས་ནང་འཁྲུག་རྒྱབ་བཞིན་འདུག་ཅེས་བཤད་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཐེངས་འདིའི་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་བརྒྱུད་རྒྱ་གཞུང་ལ་འཇིགས་སྣང་སྐྱེས་དགོས་པ་ཞིག་ཆགས་ཡོད་པ་རེད་ཅེས་གསུངས་ཡོད།

དེ་ཡང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་འཚོགས་བཞིན་པ་དང་བསྟུན། རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་བོད་ལྗོངས་ཀྲུང་ཀོའི་དྲ་བ་རྒྱུད་ཏེ་རྒྱ་ནག་དབུས་གྲོས་ཚོགས་ཀྱི་གྲངས་ཉུང་མི་རིགས་དང་། ཆོས་དོན་ལྷན་ཁང་གི་ཚོགས་གཙོ་ Zhu Weiqun ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་མི་རྣམས་ནི་བོད་རྒྱ་ནག་དང་ཁ་བྲལ་དུ་བཏང་མཁན་གྱི་ཁ་བྲལ་རིང་ལུགས་པ་ཡིན་པར་འགྲེལ་བརྗོད་བྱེད་པ་དང་འབྲེལ། ད་ལྟ་བཙན་བྱོལ་བོད་མིའི་འོས་བསྡུའི་བརྒྱུད་རིམ་ཁྲོད་དབུ་མ་དང་རང་བཙན་སོགས་གང་བཤད་ཀྱང་དོན་དངོས་ཐོག་བོད་དེ་རྒྱ་ནག་དང་ཁ་བྲལ་དུ་གཏོང་རྒྱུའི་བསམ་ངན་ཡོད་པ་ལ་འགྱུར་བ་གཏན་ནས་མེད་པ་རེད་ཅེས་སྐྱོན་བརྗོད་བྱས་འདུག

ད་དུང་ Zhu Weiqun གིས་དྲ་བ་དེ་བརྒྱུད་ནས་ད་ལྟའི་བཙན་བྱོལ་བོད་མིའི་འོས་བསྡུའི་བརྒྱུད་རིམ་ཁྲོད་བོད་མི་ཞིག་གིས་རང་ཤི་རྒྱབ་ཡོད་པ་དང་།  གཞུང་གི་ལས་བྱེད་དགོངས་ཞུ་གནང་པ།  དེ་བཞིན་བཀའ་སྤྱི་གཉིས་ཀྱི་འོས་མིའི་དབར་ལ་མཚང་འབྲུས་སྐྱོན་འཛུགས་བྱེད་བཞིན་པ་སོགས་ཀྱི་གནས་ཚུལ་ཁག་ཅིག་གསལ་བཏོན་དང་སྦྲགས། བཙན་བྱོལ་བོད་མི་རྣམས་ནང་ཁུལ་དབར་ལ་རང་ཉིད་ཀྱི་ལུང་ཚན་དང་ཆོལ་ཁའི་ཕྱོགས་ཞེན་སོགས་ཀྱི་འཐེན་འཁྱེར་འོག་ནང་འཁྲུག་རྒྱབ་བཞིན་ཡོད་པ་རེད་ཅེས་བརྗོད་བྱས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁ་སང་སྲིད་སྐྱོང་འོས་མི་རྣམ་གཉིས་དབར་གྱི་བགྲོ་གླེང་གི་ལས་རིམ་ཟིན་རྗེས་ གསར་འགོད་པས་བཅར་འདྲི་ཞུས་པར་བཀའ་ལན་གནང་སྐབས། ཁོང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་པའི་མང་གཙོའི་འགན་དབང་རྣམས་བོད་མི་ཡོངས་ནས་བཟང་སྤྱོད་དང་ལྡན་པའི་ཐོག་ལག་བསྟར་བྱེད་བཞིན་ཡོད་པ་མ་ཟད། ཐེངས་འདིའི་འོས་བསྡུའི་ལས་རིམ་བརྒྱུད་རྒྱ་གཞུང་ལ་འཇིགས་སྣང་སྐྱེས་དགོས་པ་ཞིག་ཆགས་ཡོད་པ་རེད་ཅེས་ལན་འདེབས་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།