Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གྱི་མེས་པོ་དམ་པ་གྷཱཾ་དྷཱི་མཆོག་གི་འཁྲུངས་སྐར་ཉིན་མོ་སྲུང་བརྩི།

Tibetan News Headlines

  • Dalai Lama extends Saka Dawa greetings, calls for for meaningful, compassionate lives
  • Tibetans and supporters protest against Xi Jinping in Budapest
  • Geshe Lobsang Tenzin Negi is honored with the Jefferson award for his efforts in uniting two distinct traditions
  • Zeekgyab rinpoche appeals to Japanese parliamentarians
  • Derge printing house inscribed on UNESCO memory of the world regional register
  • Health and Wellness : Managing extreme heat to protect your health and safety

རེས་གཟའ་ཕུར་བུ། ༢༠༢༤།༠༥། ༠༩

  • ༸གོང་ས་མཆོག་གིས་ས་ག་ཟླ་བ་དང་བསྟུན་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་དགོས་པ་བཀའ་སྩལ་བ།
  • Hungary ནང་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག
  • དགེ་བཤེས་བློ་བཟང་བསྟན་འཛིན་ལགས་སུ་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ Jefferson གཟེངས་རྟགས་ཕུལ་འདུག
  • ཉི་འོང་གྲོས་ཚོགས་འཐུས་མི་རྣམས་ལ་པཎ་ཆེན་རིན་པོ་ཆེའི་གནད་དོན་དང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞུ་འབོད།
  • སྡེ་དགེ་པར་ཁང་འཛམ་གླིང་དྲན་ཤེས་རྣམ་གྲངས་ཀྱི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་མིང་ཐོར་ཚུད་འདུག
  • འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད། ཚ་དྲོད་འཕེལ་སྐབས་འཕྲོད་བསྟེན་བདག་གཅེས་གནང་སྟངས་སྐོར།

CTA celebrates 151st Gandhi Jayanti
བཞུགས་སྒར་རྡ་སར་རྟེན་་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གཞུང་འབྲེལ་མཛད་སྒོ་སྟབས་བདེ་ཞིག་གི་ཐོག་ནས། རྒྱ་གར་གྱི་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷཱཾ་དྷཱི་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོ་ ༡༥༡ པ་སྲུང་བརྩི་ཞུས་གནང་སོང་།
དེ་ཡང་དེ་རང་སྔ་དྲོ་ཕྱག་ཚོད་ ༡༠ པའི་ཐོག འཛིན་སྐྱོང་བཀའ་ཤག་གི་མདུན་ཐང་དུ། སྲིད་ཚབ་ཆོས་རིགས་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གི་དབུས། ལྷན་ཁང་ཁག་གི་བཀའ་བློན་རྣམ་པ་དང་དྲུང་འཕར་ཡན་གྱི་སྲིད་ཞུ་བ་རྣམ་པ་ལྷན་འཛོམས་ཐོག སྲིད་ཚབ་མཆོག་གིས་རྒྱ་གར་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་ཤིང་། རྒྱ་གར་རྒྱལ་གླུ་བླངས་བའི་ལས་རིམ་གྲུབ་རྗེས། བདག་ཉིད་ཆེན་པོ་གཱན་དྷི་མཆོག་གི་སྐུ་པར་མདུན་དུ་སྣང་གསལ་མར་མེ་ཞལ་ཕྱེ་དང་མཇལ་དར་ཕུལ་བའི་རྗེས་སུ། བཀའ་ཤག་གི་མཇལ་འཕྲད་ཁང་དུ་རྟེན་འབྲེལ་གྱི་མངར་ཟས་དང་གསོལ་ཇ་འདེགས་འབུལ་ཞུས་པ་བཅས་མཛད་སྒོ་སྟབས་བདེ་ཞིག་བརྒྱུད་ནས་མེས་པོ་དམ་པ་ཁོང་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་གནང་སོང་།
CTA Celebrates 151st Gandhi Jayanti
སྐབས་དེར་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས། དེ་རིང་གིས་དུས་ཚིགས་དང་བསྟུན། བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་རྒྱ་གར་གཞུང་མང་གཉིས་དང་གཞིས་བྱེས་བོད་མི་ཡོངས་ལ་འཚམས་འདྲི་ཞུས་པ་དང་འབྲེལ། ང་ཚོའི་ངོས་ནས་དེ་རིང་གི་ཉིན་མོ་དེར་མེས་པོ་དམ་པ་ཁོང་གི་བསླབ་བྱ་བཟང་པོ་རྣམས་ལག་བསྟར་གནང་རྒྱུ་དང་། ཁོང་གི་མཛད་རྗེས་ཁག་རྗེས་དྲན་གནང་བའི་ཐོག་ནས་སྲུང་བརྩི་གནང་དགོས་པའི་སྐུལ་མ་གནང་སོང་།
དེ་བཞིན་སྐབས་དེར་གསར་འགོད་པའི་ཁོང་ལ་དེ་རིང་གི་ཉིན་མོ་དང་བསྟུན་ནས་རྒྱ་ནག་གཞུང་ལ་བརྡ་ལན་ག་རེ་ཡོད་པའི་སྐོར་གྱི་དྲི་བར་ལན་འདེབས་དང་འབྲེལ། འཚེ་བའི་ཐོག་ནས་དབང་འཛིན་བྱས་པ་སོགས་དེ་སྔའི་དུས་ཚོད་ཡོལ་ཟིན་པའི་སྐད་ཆ་ཡིན་སྟབས། རྒྱ་ནག་གཙོས་པའི་འཛམ་གླིང་རྒྱལ་ཁབ་སྟོབས་ཆེན་རྒྱལ་ཁབ་ཚང་མས་བདེན་པ་དང་འཚེ་བ་མེད་པའི་ལམ་བུའི་ཐོག་བསྐྱོད་དགོས་པ་དང་། ཁོང་གི་ངོས་ནས་མགྱོགས་མྱུར་བཟང་ཕྱོགས་ཀྱི་འགྱུར་བ་ཐེབས་པའི་ཐུགས་རེ་གནང་བཞིན་ཡོད་པ་གསུངས་སོང་།
རྩ་བའི་སྔ་ལོ་ལྟ་བུར་ཆ་མཚོན་ན། དེ་རིང་གི་ཉིན་མོ་དེར་གཞུང་འབྲེལ་མཛད་སྒོ་དང་འབྲེལ། གཙང་བཟོའི་ལས་རིམ་ཐོག་ནས་མེས་པོ་དམ་པ་མཆོག་གི་འཁྲུངས་སྐར་སྲུང་བརྩི་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།