Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་དམར་ཤོག་ཚོགས་པའི་འཐུས་མི་ཨ་རིར་འགྲོ་རྒྱུར་དམ་དྲག་ཆེ་རུ་བཏང་འདུག

Tibetan News Headlines

  • Dalai Lama congratulates Taiwan’s new President Lai Ching-te
  • Taiwan independence is ‘dead end’: China warns Taiwan’s new President
  • See us not only as victims but also as partners: Sikyong in Paris
  • Citizen journalist who reported on covid outbreak missing after scheduled release from prison
  • Taiwan President’s swearing-in Ceremony and CTA delegation: Interview with Representative Kelsang Gyaltsen

རེས་གཟའ་མིག་དམར། ༢༠༢༤།༠༥།༢༡

  • ༸གོང་ས་མཆོག་གིས་ཐའེ་ཝན་གྱི་སྲིད་འཛིན་གསར་པར་འཚམས་འདྲི་མཛད་པ།
  • རྒྱ་གཞུང་གིས་ཐེ་ཝན་རང་བཙན་ཟེར་བ་ནི་གྲུབ་ཐབས་མེད་པ་ཞིག་ཡིན་པའི་ཉེན་བརྡ་བཏང་འདུག
  • ང་ཚོ་ནི་གནོད་འཚེ་ཕོག་ཡུལ་ཞིག་ཏུ་མི་བལྟ་བར་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་མཁན་གྱི་མཉམ་ལས་པ་ཞིག་ལ་བརྩི་དགོས།
  • ཏོག་དབྱིབས་གཉན་རིམས་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་གྱི་རྒྱ་རིགས་གསར་འགོད་པ་ཞིག་གར་སོང་ཆ་མེད་དུ་གྱུར་འདུག
  • ཐེ་ཝན་གཞུང་འཛིན་གསར་པ་དང་བོད་མིའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ཀྱི་འཚམས་གཟིགས།

ཨ་རིའི་གཞུང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་འཐུས་མི་དང་ཁོང་ཚོའི་གཉེན་འབྲེལ་རྣམས་ཨ་རིར་སྐྱོད་སྐབས་ཟླ་བ་གཅིག་གི་རིང་ལས་མཐོང་མཆན་སྤྲོད་རྒྱུ་མིན་པའི་ཁྲིམས་སྒྲིག་གསར་བ་ཞིག་བཟོས་འདུགདེ་ཡང་ཨ་རིའི་ཕྱི་སྲིད་ལས་ཁུངས་ངོས་ནས་ཁ་སང་གསར་འགོས་གསལ་སྒྲགས་ཞིག་འདོན་སྤེལ་གནང་བའི་ནང་། སྔོན་ཆད་རྒྱ་ནག་གི་དཔོན་རིགས་རྣམས་ཨ རིར་སྐྱོད་ནས་ལོ་བཅུའི་རིང་ལ་ཨ་རིར་བསྡད་ཆོག་པའི་མཐོང་མཆན་སྤྲོད་ཀྱི་ཡོད་ནའང་། ཐེངས་འདིའི་ཁྲིམས་སྒྲིག་གསར་བ་དེའི་ནང་དུ། ལོ་བཅུའི་མཐོང་མཆན་དེ་ཟླ་གཅིག་ལ་མར་གཅོག་འཕྲུ་གནང་ཡོད་ལུགས་འགྲེལ་བརྗོད་གནང་འདུག

གསལ་བསྒྲགས་དེའི་ཐོག་ད་དུང་ཚོགས་མི་ས་ཡ་ ༩༠ ལྷག་ཙམ་ཡོད་པའི་རྒྱ་ནག་དམར་ཤོགས་ཚོགས་པའི་ངོས་ནས་ཨ་རིར་དམིགས་བསལ་ལས་དོན་མི་སྣ་མངགས་གཏོང་བྱས་ཏེ་འཛེམ་བག་མེད་པའི་ཐོག་ནས་ཆབ་སྲིད་དྲིལ་སྒྲགས་དང་དཔལ་འབྱོར་གྱི་གནོན་ཤུགས་སོགས་ཀྱི་བརྒྱུད་ཡུལ་དེའི་མང་ཚོགས་ལ་ཤུགས་རྐྱེན་སྤྲོད་ཐབས་བྱེད་བཞིན་པ་མ་ཟད། ཨ་རིར་གནས་སྡོད་རྒྱ་རིགས་རྣམས་ལ་ལྟ་ཞིབ་དང་འཇིག་སྐུལ་གྱི་ལས་དོན་སྤེལ་བཞིན་ཡོད་སྐོར་གསུངས་བ་དང་སྦྲགས། ད་རེས་ཀྱི་སྲིད་བྱུས་གསར་པ་དེ་ནི་ཨ་རིའི་རྒྱལ་ཁབ་འདི་བཞིན་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ཤུགས་རྐྱེན་ངན་པ་ལས་སྲུང་སྐྱོབ་བྱེད་ཐབས་ཆེད་ཡིན་པར་ཡོངས་གྲགས་གནང་འདུག

ཁོང་གིས་ད་དུང་། ལོ་ངོ་བཅུ་ཕྲག་འགའ་ཤས་ཀྱི་ནང་དུ། ཨ་རིའི་ངོས་ནས་རྒྱ་ནག་གི་མི་སེར་རྣམས་ཨ་རིའི་ལྟེ་གནས་ཁག་དང་ཚོང་ལས་ཀྱི་ནང་དུ་རང་དབང་གིས་སྐྱོད་རྒྱུའི་ཐོབ་ཐང་སྤྲད་ཡོད་ནའང་། རྒྱ་ནག་གིས་ཨ་རི་བ་རྣམས་ལ་ཐོབ་ཐང་དེ་ནམ་ཡང་སྤྲོད་མྱོང་མེད་ཅེས་གསུངས་འདུག

ཨ་རིའི་ངོས་ནས་རྒྱ་ནག་དམར་ཤོག་གི་འཐུས་མི་ཨ་རིར་འགྲོ་སྐྱོད་བྱེད་རྒྱུར་དམ་དྲག་གི་སྲིད་བྱུས་གསར་བ་དེ་ཕྱི་ལ་བསྒྲགས་མ་ཐག  རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་ Hua Chunying གྱིས་རྒྱ་ནག་གི་ངོས་ནས་ཨ་རིའི་མི་སེར་རྣམས་ཀྱིས་རྒྱ་ནག་ལ་སྡང་འཛིན་ཆེ་བའི་བསམ་བློ་དེ་མཚམས་འཇོག་བྱེད་དགོས་བའི་ཞུ་སྐུལ་གནང་འདུག

 ཡང་དེའི་བར་ན་ཨ་རིའི་གཞུང་གིས་ཟླ་འདིའི་ཟླ་འགོར་བཀོད་ཁྱབ་བཏང་བའི་ནང་། རྒྱ་ནག་གིས་ཤིན་ཅང་གི་ཁུལ་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཤུགས་ཆེར་གཏོང་གི་ཡོད་པར་བརྟེན། ཤིན་ཅང་གི་ཁུལ་ནས་ཐོན་སྐྱེད་བྱས་པའི་ཤིང་བལ་རིགས་ཀྱི་ཚོང་ལས་ཕྱིར་ཚོང་རིགས་ཡོངས་སུ་བཀག་སྡོམ་བྱས་ཡོད་པའི་བཀའ་ཁྱབ་བཏང་སྟེ། ཨ་རིའི་ནང་གི་ཚོང་ལས་སྡེ་ཚན་རྣམས་ཀྱིས་རྒྱ་ནག་ཏུ་མཉམ་དུ་ཤིང་བལ་གྱི་ཚོང་ལས་གཉེར་མི་ཆོག་པར་བསྒྲགས་ཡོད་པ་རེད

གཞི་རྩའི་འདི་ལོར་ཨ་རིའི་སྲིད་གཞུང་གིས་རྒྱ་ནག་གི་དཔོན་རིགས་ཨ་རིར་ཡོང་རྒྱུར་བཀག་སྡོམ་རིམ་པ་བྱས་ཡོད་པའི་ཁྲོད་དུ། ཤིན་ཅང་ཁུལ་གྱི་ཡུ་གུར་མི་མང་བཀག་སྐྱིལ་དང་འབྲེལ་བའི་རྒྱ་ནག་གི་དཔོན་རིགས་དང་། དེ་བཞིན་ཧོང་ཀོང་ནང་གི་བདེ་འཇགས་ཀྱི་ཁྲིམས་གཞི་ཞེས་པ་ལག་བསྟར་བྱེད་མཁན་གྱི་དཔོན་རིགས། གཞན་ཡང་རྒྱ་ནག་གི་དམག་སྒར་དང་འབྲེལ་བ་ཡོད་པའི་སློབ་མ་སོགས་ཀྱང་ཨ་རིར་འགྲོ་སྐྱོད་བྱེད་རྒྱུར་བཀག་སྡོམ་བྱས་ཡོད་པ་རེད།

 

འབྲེལ་ཡོད་གསར་གནས།

གསར་གནས།