Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གི་བདེ་འཇགས་ཚན་ཁག་གི་བོད་རིགས་ལས་བྱེད་རྣམས་ལ་རྒྱལ་ཡོངས་ཀྱི་གཟེངས་རྟགས་སྤྲད་འདུག

Tibetan News Headlines

  • Sikyong dismisses China’s remarks on Tibet talks as ‘nothing new’, calls MWA only solution to Tibet problem
  • Sikyong begins Europe visit with public talk in Switzerland, to meet MPs today
  • UK MP detained and deported by China-allied nation for his outspoken advocacy on Tibetans, Uighurs, and Hong Kongers
  • Talks with China going on smoothly, India will never bow down: Rajnath Singh
  • 9th working committee meeting of NDPT concludes with a new mid term President

རེས་གཟའ་ཟླ་བ། ༢༠༢༤།༠༤།༢༩

  • བོད་རྒྱ་འབྲེལ་མོལ་གྱི་གནད་དོན་དེ་༸གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་མ་ཡིན་པར་བོད་མི་ས་ཡ་དྲུག་གི་གནད་དོན་ཡིན་པ་གསུངས་སོང་།
  • སྲིད་སྐྱོང་མཆོག་སུད་སི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་ནག་གི་གནོན་ཤུགས་འོག་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ཞིག་ཨ་ཕི་རི་ཀའི་རྒྱལ་ཁབ་ཞིག་ནས་ཕྱིར་འབུད།
  • རྒྱལ་སྲུང་བློན་ཆེན་ Rajnath Singh མཆོག་གིས་རྒྱ་གར་གྱི་རྒྱ་ནག་ལ་ནམ་ཡང་མགོ་དགུར་གྱི་མ་རེད་གསུངས་འདུག
  • བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་དང་འབྲེལ་བར་བརྒལ་ཚོགས་གཙོ་འོས་འདེམས་གནང་འདུག

རྒྱ་ནག་གཞུང་གིས་རྒྱལ་ཡོངས་ཀྱི་ལས་དོན་གཟེངས་ཐོན་གྱི་ཕྱག་ལས་གནང་མཁན་གྱི་མི་སྣར་ལོ་འཁོར་གྱི་གཟེངས་རྟགས་འབུལ་བཞིན་པའི་ཁོངས་སུ། འདི་ལོར་བོད་ཁུལ་གྱི་བདེ་འཇགས་དང་འབྲེལ་བའི་བོད་རིགས་གྲངས་ ༣༠ ལ་མིག་དཔེར་འོས་བའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་སྤྲད་འདུགརྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། འདི་ལོ་རྒྱ་ནག་གིས་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་ཀྱི་ཁོངས་སུ་བོད་མིའི་བདེ་འཇགས་དང་འབྲེལ་བའི་ལས་བྱེད་ཁག་ཅིག་ལ་བྱ་དགའ་སྤྲད་པ་དེ་ནི་བོད་མི་ཡོངས་ལ་རྒྱ་ནག་དང་མཉམ་རུབ་ཀྱིས་ལས་ཀ་བྱས་ཚེ་གཟེངས་རྟགས་འབུལ་རྒྱུ་ཡིན་པའི་བརྡ་སྟོན་གསལ་བོ་ཞིག་ཆགས་ཡོད་སྐོར་འཁོད་འདུག

གཞི་རྩའི་འདི་ལོའི་ཟླ་བ་༡༡ པའི་ཚེས་ ༢༤ ཉིན། རྒྱ་ནག་དམར་ཤོག་སྲིད་གཞུང་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཆེ་བསྟོད་ཀྱི་གཟེངས་རྟགས་ཀྱི་ནང་དུ། རྒྱལ་ཡོངས་ཀྱི་དཔེ་བཟང་གི་ལས་དོན་པ་༡༦༨༩ དང་རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པ་༨༠༤ ལ་གཟེངས་རྟགས་ཕུལ་བའི་ཁོངས་སུ་བོད་མི་ ༣༠ ལ་ཡང་བྱ་དགའ་ཕུལ་ཡོད་པ་ལས། མང་ཆེ་བ་ནག་ཆུ་ས་ཁུལ་དང་རྔ་བ་ས་ཁུལ། དེ་བཞིན་དཀར་མཛེས་ས་ཁུལ་སོགས་ཀྱི་བདེ་འཇགས་ཚན་ཁག་གི་ལས་བྱེད་མི་སྣ་ཡིན་པ་དང་། འགའ་ཞིག་བོད་དམག་གི་འགོ་ཁྲིད་ཡིན་འདུག

བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ཐེངས་འདིར་རྒྱ་ནག་རྒྱལ་ཡོངས་ཀྱི་དཔེ་བཟང་གི་ལས་དོན་གཟེངས་རྟགས་བཞེས་མཁན་གྱི་ཁོངས་སུ། རྒྱ་ནག་གིས་ས་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་གཏོགས་ཀྱི་གཞིས་ཀ་རྩེ་ཁུལ་གྱི་ལྷོ་རྒྱུད་དང་ནུབ་རྒྱུད་ཀྱི་ས་མཚམས་སུ་ཁྲིམས་མཐུན་མིན་པའི་ཐོག་ས་མཚམས་བརྒལ་མཁན་རྣམས་ལ་ལྟ་རྟོག་བྱེད་མཁན་གྱི་བོད་དམག་འགོ་ཁྲིད་སྐལ་ནོར་བུ་ཟེར་བ་ཡོད་འདུག

གཞན་ཡང་ཆབ་མདོ་ས་ཁུལ་གྱི་བོད་མི་བྱམས་པ་རྣམ་རྒྱལ་ཟེར་བར་དགོན་པའི་ལས་དོན་ཞི་མཐུན་དང་བརྟན་བརླིང་གི་ངང་ནས་འཛིན་སྐྱོང་བྱས་ཡོད་པར་ངོས་འཛིན་གྱིས་ལས་དོན་དཔེ་བཟང་གི་གཟེངས་རྟགས་སྤྲད་ཡོད་པ་དང་དེ་བཞིན། ལྔ་བ་བོད་རིགས་རང་སྐྱོང་ས་ཁུལ་གྱི་བོད་མི་བཟང་ཧྥེ་ཟེར་བ་ཞིག་ལ་ཁུལ་དེར་སྤྱི་ཚོགས་བརྟན་བརླིང་གི་ངང་འཛིན་སྐྱོང་བྱས་པར་ངོས་འཛིན་གྱིས་རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པའི་བྱ་དགའ་སྤྲད་ཡོད་འདུག

དེ་བཞིན་ཉག་ཆུ་ས་ཁུལ་གྱི་བདེ་འཇགས་ཚན་པའི་བོད་མི་བཀྲ་ཤིས་དོན་འགྲུབ་ཟེར་བར་ཁུལ་དེར་བོད་མི་རྣམས་ཀྱིས་རྒྱ་ནག་ལ་རྒོལ་རྡུང་གི་ལས་འགུལ་སྤེལ་སྐབས་བསླབ་བྱ་ལེགས་པོ་བརྒྱབས་ཡོད་པར་ངོས་འཛིན་གྱིས་སྔོན་ཐོན་ལས་དོན་གྱི་གཟེངས་རྟགས་སྤྲད་ཡོད་པ་དང་། དེ་བཞིན་དཀར་མཛེས་ཁུལ་གྱི་བདེ་འཇགས་ཚན་པའི་རྒྱ་རིགས་ལས་བྱེད་པར་ཡང་བྱ་དགའ་སྤྲད་ཡོད་པར་འཁོད་འདུག

རྒྱ་ནག་གིས་འབྲེལ་བརྗོད་བྱས་པ་ལྟར་ན། སྤྱི་ཚོགས་ཀྱི་དཔེ་བཟང་ལས་དོན་དང་སྔོན་ཐོན་གྱི་ལས་དོན་གྱི་གཟེངས་རྟགས་དེ་ནི་རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ཀྱི་དངོས་བོའི་དཔལ་ཡོན་དང་ཆབ་སྲིད་ཀྱི་དཔལ་ཡོན། དེ་བཞིན་བསམ་པའི་དཔལ་ཡོན་བཅས་འཛུགས་སྐྲུན་བྱེད་མཁན་གྱི་གདོང་ལེན་རུ་ཁག་ལ་ཕུལ་བ་ཞིག་ཡིན་སྐོར་འབྲེལ་བརྗོད་ཀྱིས། གཟེངས་རྟགས་དེ་ཡིས་མི་མང་གི་ནང་རྒྱ་ནག་གི་དཔེ་བཟང་གི་ལས་དོན་གྱི་འདུ་ཤེས་སྐྱེད་བསྲེང་བྱེད་རྒྱུ་དེ་ཡིན་སྐོར་བསྒྲགས་ཡོད་འདུག

 

གཞན་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཉེ་སྔོན་Tibet press  watch ཞེས་པའི་བོད་གནས་ལྟ་ཞིབ་ཀྱི་གསར་འཕྲིན་ལ་དམིགས་པའི་དཔྱད་བརྗོད་ཅིག་གི་ནང་དུ། ད་ལྟའི་ཆར་བོད་ནང་དུ་རྒྱ་ནག་ལ་རྒྱལ་ཞེན་ཡོད་པའི་བོད་རིགས་གསར་བ་ཁག་ཅིག་དང་། དེ་བཞིན་སྐབས་འཚོལ་རིང་ལུགས་པ་གཉིས་ཡོང་གི་ཡོད་པར་མངོན་གསལ་གྱིས། རྒྱ་ནང་ལ་རྒྱལ་ཞེན་ཡོད་པའི་བོད་རིགས་གསར་མའི་རུ་ཁག་གིས་བོད་ནི་རྒྱ་ནག་ལ་བརྟེན་དགོས་བ་ཞིག་ཡིན་པར་ཡིད་ཆེས་ཡོད་པའི་ཐོག   བོད་ནང་དུ་རྒྱ་ནག་གི་སྲིད་བྱུས་དྲག་པོ་ཡོད་པ་ཤེས་བཞིན་དུ། རྒྱ་ནག་གི་ནམ་རྒྱུན་ནས་དྲིལ་བསྒྲགས་བྱེད་བཞིན་པ་ལྟར། བོད་ཀྱི་་མུན་ནག་དང་རྗེས་ལུས་རྣམ་པ་བསྒྱུར་རྒྱུར་རྒྱ་ནག་གི་དྲག་ཤུགས་ལ་བརྟེན་དགོས་བ་ཞིག་ཡིན་སྐོར་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་ལྟར། རྒྱ་ནག་གིས་བོད་མི་དེ་ཚོ་བེད་སྤྱོད་ཀྱིས་བོད་ལ་དབང་བསྒྱུར་བྱེད་བཞིན་ཡོད་སྐོར་དང་། དེ་བཞིན་སྐབས་འཚོལ་རིང་ལུགས་པ་རྣམས་ཀྱིས་རང་གི་གོ་གནས་དང་ཁེ་ཕན་གྱི་ཆེད་དུ་རྒྱ་ནག་གི་སྲིད་བྱུས་འོག་བོད་ཁུལ་དུ་ལས་ཀ་བྱེད་ཀྱི་ཡོད་པར་འཁོད་འདུག

 

གཞི་རྩའི་ཐེངས་འདིར་རྒྱ་ནག་གིས་དཔེ་བཟང་ལས་དོན་པ་དང་སྔོན་ཐོན་ལས་དོན་ལ་ཞེས་པའི་མིང་ཐོག་ནས་བྱ་དགའ་སྤྲད་པའི་ཁོངས་སུ།  རྒྱ་ནག་གི་ས་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་ཁུལ་དུ་བོད་མི་བཅུ་དགུ་དང་། དཀར་མཛེས་བོད་རིགས་རང་སྐྱོང་ས་ཁུལ་དུ་གཅིག དེ་བཞིན་ཟི་ཁྲོན་བོད་རིགས་ས་ཁུལ་དུ་བོད་མི་གཅིག མཚོ་སྔོན་ས་ཁུལ་དུ་བོད་མི་དྲུག  ཀན་ལྷོ་ས་ཁུལ་དུ་བོད་མི་གཉིས།  བདེ་ཆེན་བོད་རིགས་རང་སྐྱོང་ས་ཁུལ་དུ་བོ་མི་གཅིག་བཅས་ཡིན་པར་འཁོད་འདུག

 

འབྲེལ་ཡོད་གསར་གནས།

གསར་གནས།