Tibetan Royal Year of 2151 | Year of the Wood Dragon

བོད་རིགས་དཔོན་རིགས་ཤིག་དམར་ཤོག་གི་ལས་གནས་ལས་གནས་དབྱུང་བཏང་འདུག

Tibetan News Headlines

  • Press watchdog RSF: China’s communist regime leads world in repression of journalistic rights
  • Sikyong Penpa Tsering meets President of South Tyrol, before leaving for Berlin
  • Xi Jinping faces strong protests from Tibetans and rights advocates in Paris
  • Nancy Pelosi honored with Presidential Medal of Freedom, US highest civilian award
  • Tibetan MMA fighter Rinchen Griffithsgolha makes history with first professional victory
  • History Feature: Panchen Rinpoche’s Footprints Across Tibet

རེས་གཟའ་ཟླ་བ། ༢༠༢༤།༠༥།༠༦

  • རྒྱ་ནག་ནི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཡིན་པ་ཐེར་འདོན།
  • སྲིད་སྐྱོང་མཆོག་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་མོལ་གནང་རྗེས་འཇར་མ་ནིའི་རྒྱལ་ས་ Berlin དུ་ཕེབས་འབྱོར།
  • ཞི་ཅིན་ཕིང་ལ་ཧྥ་རན་སིར་བསླེབས་སྐབས་བོད་མིས་ངོ་རྒོལ།
  • ལྕམ་ Pelosi མཆོག་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཆེས་རླབས་ཆེན་ཞིག་ཡིན་པའི་ཆེ་བསྟོད།
  • བོད་མི་ཞིག་གིས་ཁུ་ཚུར་དྲག་རྩལ་གྱི་ཆེད་ལས་རྩེད་འགྲན་ནང་ཆེས་ཐོག་མ་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་འདུག
  • བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ལས་ལེའུ་དྲུག་པ་བོད་ཁམས་ཞབས་ཀྱིས་བཅགས་པ།

དེ་ཡང་ཟླ་འདིའི་ཚེས་ ༧ ཉིན་རྒྱ་ནག་གི་ Huan Xu Wang ཞེས་པའི་དྲ་གནས་སྟེང་གནས་ཚུལ་འཁོད་པ་ལྟར་ན། བོད་རིགས་བློ་བཟང་ཚེ་རིང་ཞེས་པའི་དམར་ཤོག་སྲིད་གཞུང་གི་ལས་བྱེད་ཅིག་གིས་དམར་ཤོག་སྲིད་གཞུང་ལ་ཡིད་ཆེས་དང་ལྷག་བསམ་ཉམས་པ། དེ་བཞིན་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཞན་པས་དམར་ཤོག་སྲིད་གཞུང་གི་ལས་གནས་ལས་གནས་དབྱུང་བཏང་ཡོད་ལུགས་འཁོད་འདུག

དེ་ཡང་གསར་གནས་དེར་འཁོད་པ་ལྟར་ན། བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ལྟ་བཤེར་ཁང་གིས། བོད་ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཉེན་རྟོག་ཁང་གི་མགོ་གཙོ་གཞོན་པ་དང་ལྟ་ཞིབ་མགོ་ཁྲིད། བོད་མི་བློ་བཟང་ཚེ་རིང་ལ་ཞིབ་བཤེར་བྱས་ཏེ།  བོད་རིགས་མགོ་ཁྲིད་དེས་རྒྱ་ནག་དམར་ཤོག་གི་བསམ་བློ་དང་ཡིད་ཆེས་བོར་བརླགས་སུ་བཏང་ཡོད་པ་མ་ཟད། དམར་ཤོག་གི་ཕུགས་བསམ་དང་ལས་འགན་རྒྱབ་ཏུ་སྐྱུར་བ་བརྒྱུད་ནས།  རྒྱ་ནག་དམར་ཤོག་སྲིད་གཞུང་གི་གཞི་རྩའི་སྒྲིག་ཁྲིམས་བརྒྱད་དང་འགལ་ཡོད་སྟབས་ལས་གནས་ནས་གནས་དབྱུང་བཏང་ཡོད་ལུགས་འཁོད་འདུག

དེ་བཞིན་གསར་ཁང་དེས། བློ་བཟང་ཚེ་རིང་གིས་དམར་ཤོག་སྲིད་གཞུང་གི་ཁྲིམས་སྒྲིག་ལ་རྩིས་མེད་ཀྱིས་མང་ཚོགས་ཀྱི་ལག་ནས་ལྐོག་དངུལ་བླངས་བ་དང་།  བུད་མེད་ལ་འོས་འཚམས་མིན་པའི་ཆགས་སྤྱོད་རིགས་བྱས་པ། དེ་བཞིན་གཞུང་རྒྱུ་སྒེར་བདག་བྱས་བ། གཞན་ཡང་ཁྲིམས་སྒྲིག་དང་མི་མཐུན་པར་གང་བྱུང་ཕྱི་རུ་བསྐྱོད་པ་སོགས་ཀྱི་ཉེས་འཛུགས་ཀྱི་འོག   དམར་ཤོག་སྲིད་གཞུང་གི་ཆབ་སྲིད་ཀྱི་སྒྲིག་གཞི་དང་ཚོགས་པའི་སྒྲིག་གཞི། དེ་བཞིན་ཆིག་སྒྲིལ་གྱི་སྒྲིག་གཞི་སོགས་དང་ཡོངས་སུ་འགལ་ཡོད་པར་བརྗོད་དེ།  གནད་དོན་དེའི་རིགས་སྲིད་གཞུང་གིས་དོ་ནན་པོའི་ངང་ནས་ཐག་གཅོད་བྱེད་རྒྱུ་ཡིན་ལུགས་ལུང་འདྲེན་བྱས་འདུག

གཞན་ཡང་་གསར་གནས་དེས།  བློ་བཟང་ཚེ་རིང་གིས་མི་སྒེར་གྱི་འབྲེལ་ཡོད་གནས་ཚུལ་སྙན་སེང་དྲང་པོ་མ་ཞུས་པར་མི་སྒེར་གྱི་ལས་གནས་བེད་སྤྱད་ནས་མི་གཞན་གྱི་ལག་ནས་ཁེ་ཕན་ལེན་ཐབས་བྱས་ཡོད་པ་སོགས་ནི་དམར་ཤོག་སྲིད་གཞུང་གི་ཁྲིམས་སྒྲིག་གི་དགོངས་དོན་དང་ཡོངས་སུ་འགལ་ཡོད་པ་ཞིག་ཡིན་སྐོར་བརྗོད་འདུག

གཞི་རྩའི་རྒྱ་ནག་གིས་བོད་ཁུལ་དུ་བཞུགས་མོལ་ཚོགས་འདུ་དང་ལས་དོན་ཚོགས་འདུ་རིམ་པ་ཚོགས་པའི་ཁྲོད།  ཆོས་ལུགས་ཀྲུང་གོ་ཅན་ལ་བསྒྱུར་དགོས་བ་སོགས་ཀྱི་གནད་དོན་ནན་གྱིས་གླེང་ཡོད་པ་མ་ཟད། རྒྱ་ནག་གི་དམར་ཤོག་ཚོགས་མི་རྣམས་ཀྱིས་ཆོས་དད་བྱེད་རྒྱུར་བཀག་འགོག་གིས།  དམར་ཤོག་བོད་རིགས་དཔོན་རིགས་རྣམས་དགོན་པ་གྲྭ་ཚང་ཁག་ཏུ་མཆོད་མཇལ་ལ་འགྲོ་སྐྱོད་མི་ཆོག་པའི་བཙན་བཀའ་བཏང་བའི་གནས་ཚུལ་ཐོན་ཡོད་པ་མ་ཟད།  བོད་རིགས་སློབ་མ་རྣམས་ཀྱང་དགུན་དུས་ཀྱི་སྐབས་སུ་དགོན་པ་ཁག་གི་ནང་དུ་ཟབ་ཁྲིད་ལ་འགྲོ་རྒྱུར་བཀག་སྡོམ་བྱས་ཡོད་པའི་གནད་དོན་རིམ་པ་ཐོན་ཡོད་པ་ལྟར། སྤྱི་ཡོངས་ནས་བོད་རིགས་དཔོན་རིགས་རྣམས་ཀྱིས་དམར་ཤོག་གི་ལྟ་གྲུབ་གཞི་རྩར་བཟུང་ནས་ཆོས་ལུགས་དང་འབྲེལ་ཐག་རིང་དུ་གཅོད་རྒྱུའི་ཐབས་ཤེས་སྣ་མང་བྱས་ཡོད་པ་ལྟར། ཕྱི་ལོ་ ༢༠༡༩ ལོར་ཞིང་ཆེན་རིམ་པས་བོད་རིགས་དཔོན་རིགས་ལ་ཤིབ་བཤེར་བྱས་པའི་ཁྲོད་ནས་བོད་རིགས་དཔོན་རིགས་གསུམ་ཆོས་ལུགས་ཀྱི་བྱེད་སྒོར་འབྲེལ་འདྲིས་བྱས་ཡོད་པར་བསྙད་ནས་ལས་གནས་ལས་ཕྱིར་ཕུད་བཏང་ཡོད་པ་དང་། གཞན་དཔོན་རིགས་བཅུ་ལ་དམར་ཤོག་གི་ལྟ་གྲུབ་དང་ཁྲིམས་སྒྲིག་ཁག་བརྒལ་ནས་ཆོས་ལུགས་ཀྱི་བྱེད་སྒོར་བཅར་མི་ཆོག་པའི་ཉེན་བརྡ་བཏང་ཡོད་པའི་གནས་ཚུལ་བྱུང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།