ཉེ་ལམ་ཟླ་བ་འདིའི་ཚེས་གཅིག་ནས་བཟུང་། ཁེ་ན་ཌར་གནས་བཞུགས་པདྨ་ཀུན་དགའ་ལགས་ཀྱིས་གཙོ་བྱས་པའི་ཁོང་གི་ལས་རོགས་གསུམ་གྱིས་ཁུལ་དེར་ཡོད་པའི་བོད་དོན་རྒྱང་སྐྱོད་ཅེས་པའི་ལས་འགུལ་ཞིག་སྤེལ་ཏེ། ཁ་སང་ཁ་ན་ཊའི་ནང་གི་གྲོང་ཁྱེར་ཊོ་རིན་ཊོ་རུ་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་མདུན་ཐང་དུ་ཉིན་བཅུ་གཉིས་ལྷག་གི་བོད་དོན་རྒྱང་སྐྱོད་ལས་འགུལ་དེ་མཇུག་བསྡུས་འདུག
གཞི་རྩའི་ཐེངས་འདིའི་བོད་དོན་གྱི་ལས་འགུལ་དེ་ཁ་ན་ཊའི་གྲོང་ཁྱེར་ Montreal དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཡན་ལག་ལས་ཁུངས་ནས་འགོ་འཛུགས་ཀྱིས་རྒྱལ་ས་ Ottawa ཏུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དང་། དེ་ནས་གྲོང་ཁྱེར་ཊོ་རོན་ཊོ་ཡི་རྒྱ་ནག་གི་གཞུང་ཚབ་ཡན་ལག་ལས་ཁུངས་སོགས་ཀྱི་བར་སྤྱི་ལི་ ༦༠༠ རིང་ལ་རྒྱང་སྐྱོད་ཀྱི་ལས་འགུལ་སྤེལ་ཡོད་པ་དང་། ཐེངས་འདིའི་ལས་འགུལ་གྱི་འབོད་ཚིག་གཙོ་བོ་གསུམ་ནི། ཁ་ན་ཊ་ཡི་གཙོ་བྱས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་རྒྱ་ཞི་མོལ་ཡོང་བར་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་དང་། སང་ལོའི་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ཐོག་འཛུལ་ཞུགས་ཕྱིར་འཐེན་དགོས་བ། དེ་བཞིན་བོད་ནང་གི་བོད་མི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་བ་སོགས་ཀྱི་དགོས་འདུན་གསུམ་གྱི་འོག་ལས་འགུལ་དེ་སྤེལ་བ་ཞིག་ཆགས་ཡོད་པ་རེད།
ཁ་སང་གི་ལས་འགུལ་མཇུག་སྡོམ་གྱི་མཛད་སྒོར། ཁུལ་དེར་ཡོད་པའི་བོད་མི་བརྒྱ་ལྷག་མཉམ་འཛོམས་གནང་ཡོད་པ་མ་ཟད། ཁ་ན་ཊའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ། གྲོས་ཚོགས་འཐུས་མི་སྐུ་ཞབས་ Arif Virani ལགས་ཀྱིས་པདྨ་ཀུན་དགའ་ལགས་ཀྱི་གཙོ་བྱས་པའི་ལས་འགུལ་བ་གསུམ་དང་། ཁོང་ཅག་གི་རྒྱང་སྐྱོད་ལ་ཉམས་ཞུགས་བྱེད་མཁན་གྱི་ལས་རོགས་གཞན་གསུམ་ལ་ལས་འགུལ་དེ་འདྲ་ཞིག་སྤེལ་བར་ཐུགས་རྗེ་ཞུས་པ་མ་ཟད། ཁོང་ཅག་གི་ལས་འགུལ་གྱི་དོན་ཚན་གསུམ་དེར་ཡང་ཤེས་རྟོགས་ཡོད་པ་དང་ཁོང་གིས་དུས་རྒྱུན་ནས་རྒྱ་ནག་གི་བྱེད་བབ་དེ་དག་གསལ་བོར་བཟོ་རྒྱུར་ཕྱག་ལས་རྒྱུན་སྐྱོང་གནང་གི་ཡོད་པ་དང་འབྲེལ་ནས། རྒྱང་སྐྱོད་པ་རྣམས་ཀྱིས་ཐུན་མོང་གི་དམིགས་འདུན་གྱི་ཆེད་དུ་ལས་འགུལ་སྤེལ་བ་དེ་རླབས་ཆེན་གྱི་བྱ་བཞག་ཅིག་ཡིན་པར་གསུངས་འདུག
འདི་གའི་གསར་འགོད་པའི་པདྨ་ཀུན་དགའ་ལགས་སུ་ཁོང་གི་ཐེངས་འདིའི་ལས་འགུལ་དང་འབྲེལ་ནས་ཞལ་པར་བརྒྱུད་དེ་བཀའ་འདྲི་ཞུས་པར་ཁོང་གིས། གཞི་རྩའི་ཉིན་བཅུ་གཉིས་ཀྱི་རྒྱང་སྐྱོད་ཀྱི་ཁྲོད་དུ་གནམ་གཤིས་སོགས་ཀྱི་དཀའ་ངལ་ཏོག་ཙམ་འཕྲད་ཡོད་ཀྱང་། གཞིས་བཞུགས་སྤུན་ཟླ་རྣམས་རྒྱ་ནག་གི་བཙན་དབང་གི་འོག་ཏུ་དཀའ་སྡུག་མྱོང་བཞིན་པ་དེ་བསམ་ན་ང་ཚོར་དཀའ་ངལ་གང་ཡང་འཕྲད་མེད་པ་ཞིག་ཡིན་པ་དང་འབྲེལ་ནས། ཐེངས་འདིའི་ལས་འགུལ་ཁྲོད་ཁ་ན་ཊར་བཞུགས་པའི་བོད་མི་རྣམས་ཀྱིས་རྒྱང་སྐྱོད་ལས་འགུལ་བ་ཡོངས་ལ་ཧ་ལས་པའི་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུུ་ཡིན་པར་གསུངས་ཏེ་མུ་མཐུད་དུ་བོད་མི་རྣམས་ཀྱིས་རྩ་དོན་འཐབ་རྩོད་ལ་ཤུགས་སྣོན་གནང་དགོས་བའི་སྐུལ་མ་གནང་སོང་།
ཐེངས་འདིའི་ལས་འགུལ་གྱི་མཇུག་སྡོམ་མཛད་སྒོར། བོད་མི་མང་པོ་རྒྱ་ནག་གི་གཞུང་ཚབ་ཊོ་རོན་ཊོ་ཡི་རྒྱ་ནག་གི་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་མདུན་དུ་འཛོམས་ནས། བོད་རང་བཙན་ཡིན། ༸གོང་ས་མཆོག་དགོང་ལོ་ཁྲི་ལོར་བརྟན་པར་ཤོག རྒྱ་ནག་གིས་བོད་མི་རྣམས་དམར་གསོད་གཏོང་རྒྱུ་མཚམས་འཇོག་དགོས་སོགས་ཀྱི་འབོད་སྒྲ་བསྒྲགས་ཏེ་ཐེངས་འདིའི་ལས་འགུལ་དེ་རེ་ཞུག་མཇུག་སྡོམ་ཞུས་ཡོད་པ་རེད།
གཞི་རྩའི་པདྨ་ཀུན་དགའ་ལགས་ཀྱིས་སྔར་ལོ་ཡང་བོད་དོན་རྒྱང་སྐྱོད་སྤེལ་ཏེ་རྒྱལ་སྤྱི་ནས་བོད་རྒྱ་འབྲེལ་མོལ་སླད་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པ་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ། དེ་བཞིན་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་དགོས་པ་བཅས་ཀྱི་དགོས་འདུན་གསུམ་ངོ་སྤྲོད་གནང་ཡོད་པ་དང་འདི་ལོར་ཁོང་དང་ཁོང་གི་ལས་རོགས་གསུམ་གྱི་སྣེ་ཁྲིད་འོག བོད་མི་གཞན་གསུམ་གྱིས་ཀྱང་རྒྱང་སྐྱོད་ལས་འགུལ་དེར་ཉམས་ཞུགས་གནང་ཡོད་པ་རེད།
བོད་དོན་རྒྱང་སྐྱོད་ཀྱི་ལས་འགུལ་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་ནས་མཇུག་བསྡུས་འདུག
Tibetan News Headlines
- China Forum 2026 Highlights Challenges Facing Tibet’s Future, Including Succession and Repression
- Dalai Lama Institute Hosts Third Annual Conference on Tibetan Studies
- Tibet House US Honours Michael Douglas and the Thurmans with Art of Freedom Awards
- Macao Ex-Lawmaker Receives 12.5 Year Prison Sentence in Unfair Trial
- Taiwan-Malaysia Trade Talks Halted After Anwar Reaffirms ‘One China’ Policy
- TIO Liaison Officer Addresses China’s Tibet Policy at Chinese Democracy Conference
ཪེས་གཟའ་མིག་དམར། ༢༠༢༦།༡༡།༡༠
- རྒྱ་ནག་གི་གླེང་སྟེགས་ ༢༠༢༦ ཐོག་བོད་ཀྱི་མ་འོངས་གནས་བབ་དང་། སྐུའི་ཡང་སྲིད། རྒྱ་ནག་གི་དྲག་གནོན་སྐོར་དཔྱད་ཞིབ་བགྲོ་གླེང་གནང་འདུག
- སྦེང་ལོར་ནང་ Stub Kaiser སེའི་ཌབཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་དབུ་འཛུགས།
- ཨ་རིའི་གློག་བརྙན་ཁྲབ་སྟོན་པ་ Michael Douglas ལགས་དང་ Robert Thurman བཟའ་ཚང་ལ་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་ཐོབ་པ།
- Macau མང་གཙོ་དོན་གཉེར་བ་ཞིག་ལ་ལོ་ ༡༢ དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
- ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་པར་ཐེ་ཝན་གྱིས་མ་ལེ་ཤི་ཡ་དང་ཚོང་འབྲེལ་གྲོས་མོལ་མཚམས་འཇོག་བྱས་པ།
- རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོར་རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་འདུག




