Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཐོག་དགོངས་པ་བཞེས་དགོས།

Tibetan News Headlines

  • UK’s Ministry of Defence ‘hacked by China’
  • French lawmakers targeted by Chinese cyberattack demand sanctions, amid Xi visit
  • Bharat Tibbat Sahyog Manch celebrates concluding ceremony of its 25th anniversary
  • Tibet house Japan organizes Tibet festival at Tsukiji Hongwanji temple
  • Rights group protests world’s leading press freedom predators visit to France
  • Alalamo: ‘Gyaling Sey’, by Acho Namgyal

རེས་གཟའ་མིག་དམར། ༢༠༢༤།༠༥།༠༧

  • རྒྱ་གཞུང་གིས་ཨིན་ཡུལ་རྒྱལ་སྲུང་ལྷན་ཁང་ལ་སོ་ཉུལ་བྱས་པ་མངོན་གསལ།
  • ཕྷ་རན་སིའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་རྒྱ་ནག་གི་དྲ་ལམ་གཏོར་རྒོལ་བ་རྣམས་ལ་སྲིད་དོན་ཉེས་ཆད་བཀལ་དགོས་པའི་འབོད་སྐུལ།
  • རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་བརྙེས་ནས་ལོ་ ༢༥ འཁོར་བའི་དུས་དྲན་མཇུག་སྒྲིལ་གྱི་མཛད་སྒོ་འཚོགས་པ།
  • ཉི་འོང་ནང་བོད་ཀྱི་དུས་སྟོན་སྲུང་བརྩི།
  • གསར་འགོད་རང་དབང་ལ་དྲག་གནོན་བྱེད་མཁན་ཆེས་སྡུག་ཤོས་རྒྱལ་ཁབ་ཀྱི་འགོ་ཁྲིད་ France ནང་བསླེབས་པར་ངོ་རྒོལ་བྱས་འདུག
  • ཨ་ལ་ལ་མོ་དམིགས་བསལ་ལས་རིམ། སྟོད་གཞས་རྒྱ་གླིང་སྲས།

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་བཞུགས་སྒར་དྷརྨ་སཱ་ལཱར་ཉིན་གྲངས་གཉིས་རིང་གི་འཚམས་གཟིགས་དེ་ཁ་སང་མཇུག་སྒྲིལ་གནང་གྲུབ་རྗེས་རྒྱ་ནག་གཞུང་གིས་ལྕམ་སྐུ་མཆོག་གི་འཚམས་གཟིགས་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག འདས་པའི་ཉིན་གྲངས་གཉིས་རིང་གི་འཚམས་གཟིགས་ཁྲོད་ལྕམ་སྐུ་མཆོག་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ལས་ཁུངས་ཁག་དང་བོད་ཀྱི་འགྲེམས་སྟོན་ཁང་། དྷ་ས་བོད་ཀྱི་དཔེ་མཛོད་ཁང་། དྷ་སྟེང་བོད་ཁྱིམ།  གཞུང་འབྲེལ་མིན་པའི་སྐུ་ཚབ་དང་ཨ་རི་བོད་མིའི་སློབ་ཡོན་ལས་འཆར་ནང་འཛུལ་ཞུགས་གནང་མཁན་ཁག་ཅིག་བཅས་དང་མཇལ་འཕྲད་གནང་ཡོད་པར་མ་ཚད་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དང་༸དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་བཅས་ལའང་འཚམས་གཟིགས་གནང་ཡོད། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Zhao Lijian ཡིས་འཚམས་གཟིགས་དེར་སྐྱོན་བརྗོད་དང་སྦྲགས། བོད་ནི་རྒྱ་ནག་གི་ཆ་ཤས་དང་བོད་ཀྱི་ཆོས་ཕྱོགས་ཀྱི་གནད་དོན་རྣམས་རྒྱ་ནག་ནང་སྲིད་ཀྱི་གནད་དོན་ཡིན་པ་མ་ཟད། ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་བྱས་པ་དེས་རྒྱ་ནག་ནང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་བྱས་པ་དེ་ལ་རྒྱ་ནག་གི་ངོས་ནས་མཐའ་གཅིག་ཏུ་དགག་བྱ་ཡོད་སྐོར་བཤད་འདུག རྒྱ་ནག་གིས་ཨ་རིས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་དང་བོད་རང་བཙན་ལ་རྒྱབ་སྐྱོར་བྱ་རྒྱུ་མིན་པའི་བཞེངས་ཕྱོགས་བཟུང་དགོས་པ་ལས་ཏཱ་ལའི་ཁ་བྲལ་རུ་ཚོགས་ལ་རྒྱབ་སྐྱོར་བྱ་རྒྱུ་མེད་པ་དང་། རྒྱ་ནག་གི་ངོས་ནས་མུ་མཐུད་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་སྲུང་སྐྱོབ་བྱེད་ཀྱི་ཡིན་ཞེས་བཤད་འདུག ཆབས་ཅིག་ཏུ་བོད་མིའི་སྒྲིག་འཛུགས་ནི་ཁ་བྲལ་གྱི་ཆབ་སྲིད་ཚོགས་ཁག་ཅིག་ཡིན་པ་དང་སྒྲིག་འཛུགས་དེ་ནི་ཁྲིམས་འགལ་དང་འཛམ་གླིང་རྒྱལ་ཁབ་སུ་གཅིག་གི་ངོས་ནས་ངོས་འཛིན་གནང་གི་མེད་སྐོར་བཤད་ཡོད་པ་དང་། ༸གོང་ས་མཆོག་ནི་ཁ་བྲལ་རིང་ལུགས་ཀྱི་ལས་དོན་ནང་ཞུགས་ཡོད་པ་དང་བོད་དེ་རྒྱ་ནག་ནས་ཁ་བྲལ་གཏོང་ཐབས་བྱེད་ཀྱི་ཡོད་སྐོར་བཤད་འདུག  རྒྱ་གཞུང་ནས་ལྕམ་སྐུ་ Uzra Zeya མཆོག་བཞུགས་སྒར་དུ་འཚམས་གཟིགས་ཕེབས་པར་སྐྱོན་བརྗོད་དང་འབྲེལ་ཏེ། འདི་ག་རླུང་འཕྲིན་ཁང་ལ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་རྒྱ་གཞུང་ནས་བོད་ཀྱི་གནད་དོན་ཐོག་མི་འདོད་པའི་རྣམ་འགྱུར་སྟོན་གྱིན་བསྡད་ན་དེས་དོན་ཕན་གང་ཡང་སོན་རྒྱུ་མེད་སྟབས། རྒྱ་ནག་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཐོག་དགོངས་པ་བཞེས་དགོས་ཀྱི་རེད་ཅེས་གསུངས་སོང་།གཞི་རྩའི་ལྕམ་སྐུ་ Uzra Zeya མཆོག་ནས་བཞུགས་སྒར་དུ་ཉིན་གྲངས་གཉིས་རིང་གི་འཚམས་གཟིགས་དེའི་ཁྲོད་ཕྱི་ནང་གི་གསར་འགོད་པའི་བཅར་འདྲིར་དང་ལེན་གནང་མེད་པ་དེ་ལྟར་ནའང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཚོགས་ཁང་དུ་སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་དང་ལྷན་དུ་བོད་དོན་སྐོར་ཚོགས་འདུ་ཚོགས་ཡོད་པ་མ་ཟད། དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཆུ་ཚོད་ཕྱེད་ཀ་ལྷག་གི་རིང་ཚོགས་གཙོ་སྦྲེལ་པོ་དབུས་སྤྱི་འཐུས་རྣམས་དང་བཀའ་མོལ་གནང་ཡོད། ལྷག་པར་ཁ་སང་ཉིན་གཉིས་པའི་སྔ་དྲོར་ལྕམ་སྐུ་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཏེ་ཆུ་ཚོུད་གཅིག་ཙམ་གྱི་རིང་ལ་གསུང་མོལ་ཞུས་པའི་ཁྲོད། མགོན་པོ་༸གང་ཉིད་མཆོག་གིས་ཨ་རི་དང་རྒྱ་གར་གཉིས་ནི་རང་དབང་དང་མང་གཙོ་ལྡན་པའི་རྒྱལ་ཁབ་ཡིན་པར་ཆེ་བསྟོད་མཛད་པ་དང་། ལྷག་པར་བོད་ཀྱི་གནད་དོན་དང་འབྲེལ་ཏེ་རྒྱ་ནག་དམར་པོའི་གཞུང་གི་ངོས་ནས་ད་བར་བོད་མིའི་བསམ་བློར་འགྱུར་བ་གཏོང་ཐབས་ཇི་ཙམ་བྱས་ཀྱང་དེར་ལམ་ལྷོངས་རྩ་བ་ནས་བྱུང་མེད་ཅེས་བཀའ་སྩལ་མཛད་ཡོད། མཛད་རིམ་ལྟར་ན་ལྕམ་སྐུ་མཆོག་རྒྱལ་ས་ལྡི་ལི་ནས་བལ་ཡུལ་ལ་ཕེབས་ཐོན་གནང་གི་ཡོད་པ་རེད། ལྕམ་སྐུ་མཆོག་གིས་ཉེ་ལམ་ཨ་རིར་རྟེན་གཞི་བྱས་པའི་བལ་ཡུལ་གཞུང་ཚབ་པ་སྐུ་ཞབས་ Shridar Khatri ལགས་དང་མཇལ་འཕྲད་གནང་ཡོད་པ་དང་།  དེ་འབྲེལ་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་ཁག་ནང་བལ་ཡུལ་གྱི་འཚམས་གཟིགས་ཁྲོད་རྒྱལ་ཁབ་གཉིས་ཀྱི་གནད་དོན་དང་ལྷག་པར་དུ་བལ་ཡུལ་ཁུལ་དུ་གནས་སྡོད་གནང་མཁན་བཙན་བྱོལ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་ཏེ་བོད་མིར་འཕྲད་བཞིན་པའི་དཀའ་ངལ་དང་འབྲེལ་བའི་ཐོག་བལ་ཡུལ་གཞུང་དང་ལྷན་དུ་བཀའ་བསྡུར་གནང་ངེས་ཡིན་སྐོར་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།