Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་གནས་བརྟན་སྡེ་པའི་ལུགས་ཀྱི་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་མོ་དང་འབྲེལ་བའི་གསུང་འཕྲིན་ཞིག་བསྩལ་འདུག

Tibetan News Headlines

  • Dalai Lama meets with Estonian parliamentarians and Tibet support group delegation
  • International community calls China to provide evidence of Panchen Lama’s whereabouts and wellbeing
  • Its solely a pilgrimage and religious visit: Sakya Gongma Trichen rinpoche on recent visit to Bhutan
  • Tibetan spiritual leader grants an audience to 200 devotees from Nepal
  • Xi Jinping tells Antony Blinken US should avoid ‘vicious competition’ with China
  • US jails Chinese man who threatened student activist
  • Diaspora feature: Yeshi Thaye, hairdresser in Odisha Phuntsokling Settlement

རེས་གཟའ་པ་སངས། ༢༠༢༤།༠༤།༢༦

  • ༸གོང་ས་མཆོག་གིས་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་མཇལ་ཁ་སྩལ་བ།
  • རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་ལ་༸པཎ་ཆེན་རིན་པོ་ཆེ་གར་ཡོད་ཕྱིར་བསྒྲགས་དགོས་པའི་ནན་སྐུལ་གནང་འདུག
  • འབྲུག་ཡུལ་དུ་ཆིབས་བསྒྱུར་མཛད་པ་ནི་ཆོས་ཕྱོགས་ཀྱི་ལས་དོན་ཁོ་ནའི་ཆེད་དུ་ཡིན་པ་བཀའ་བསྩལ་སོང་།
  • ༸གོང་ས་མཆོག་གིས་བལ་པོའི་མི་སེར་༢༠༠ བརྒལ་བ་ལ་མཇལ་ཁ་སྩལ་བ།
  • ཞི་ཅིན་ཕིང་གིས་ཨ་རྒྱ་གཉིས་མཐུན་གྲོགས་ལས་ཁ་གཏད་བྱ་མི་རུང་ཞེས་བརྗོད་འདུག
  • མང་གཙོའི་ལས་འགུལ་བ་ཞིག་ལ་འཇིགས་སྐུལ་བྱས་རྐྱེན་རྒྱའི་སློབ་མ་ཞིག་ལ་ཁྲིམས་ཐག་བཅད་པ།
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། ཨོ་རི་ས་ཕུན་ཚོགས་གླིང་དུ་གནས་སྡོད་སྐྲ་བཟོ་བ་ཡེ་ཤེས་མཐའ་ཡས།

དེ་རིང་ཕྱི་ཟླ་ ༥ ཚེས་ ༥ ཉིན་གནས་བརྟན་སྡེ་པའི་ལུགས་ཀྱི་ས་ག་ཟླ་བའི་ཚེས་ ༡༥ སྟེ། བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེང་གེ་མཆོག་ལུམ་བི་ནིར་སྐུ་བལྟམས་པ་དང༌། གནས་མཆོག་རྡོ་རྗེ་གདན་དུ་སངས་རྒྱས་པ། རྩྭ་མཆོག་གྲོང་དུ་མྱ་ངན་ལས་འདས་ནས་མི་ལོ་ ༢༥༠༠ ལྷག་འཁོར་བའི་དུས་ཆེན་ཁྱད་འཕགས་པ་གསུམ་འཛོམས་ Buddha Purnima ཞེས་འཁེལ་གྱི་ཡོད་པ་ལྟར། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁྱད་པར་ཅན་གྱི་དུས་ཚིགས་དེ་དང་བསྟུན། གནས་བརྟན་སྡེ་པའི་རྗེས་འབྲང་པ་རྣམས་ལ་དགའ་བསུའི་གསུང་འཕྲིན་ཞིག་སྩལ་ཡོད་པ་དང་། དེའི་ནང་མགོན་པོ་༸གང་ཉིད་མཆོག་གིས་དད་ལྡན་ཡོངས་ལ་དུས་ཆེན་དེ་དང་འབྲེལ་ནས་སེམས་བཟང་པོ་བྱ་དགོས་གལ་དང་། དེ་ནི་འཛམ་གླིང་ཞི་བདེ་བསྐྲུན་པའི་ཆ་རྐྱེན་གཙོ་བོ་དེ་ཡིན་པ་བཀའ་སྩལ་འདུག

གསུང་འཕྲིན་གྱི་ཐོག་མ་སྤྱི་ནོར་༸གོང་ས་མཆོག་གིས་བདག་ཅག་གི་སྟོན་པ་མཉམ་མེད་ཤཀྱཱ་སེང་གེ་མཆོག་གང་དུ་མངོན་པར་རྗོགས་པ་སངས་རྒྱས་སའི་གནས་མཆོག་རྡོ་རྗེ་གདན་གྱི་སྐོར་ངོ་སྤྲོད་མཛད་པ་དང་འབྲེལ། དེའི་རྗེས་སྟོན་པས་བདེན་པ་བཞི་དང་བྱང་མཆོག་སོ་བདུན་སོགས་ཆོས་ཀྱི་འཁོར་ལོ་རིམ་པ་བསྐོར་ཡོད་ཅིང་། སྟོན་པ་ཐུགས་རྗེ་ཅན་གྱི་འགྲོ་བ་མཐའ་ཡས་པའི་བདེ་ཐབས་སླད་ཆོས་ཇི་སྙད་གསུངས་པ་དེ་དག་ཐམས་ཅད་བསྡུས་ན་བློ་སྦྱོང་དེ་ཡིན་པ་བཀའ་སྩལ་འདུག

༸གོང་ས་མཆོག་གིས་ད་དུང་སངས་རྒྱས་ཀྱི་ཆོས་ཀྱི་སྙིང་པོ་ནི་ཐབས་སྙིང་རྗེ་དང་བདག་མེད་རྟོག་པའི་ཤེས་རབ་གཉིས་ཟུང་དུ་སྦྲེལ་ཏེ་བྱང་ཆུབ་ཀྱི་སེམས་ཉམས་ལེན་གནང་རྒྱུ་དེ་ཡིན་པ་བཀའ་སྩལ་དང་འབྲེལ། ཇི་ཙམ་གཞན་དོན་དུ་ཁུར་བླངས་པ་དེའི་ཚོད་ཀྱིས་རང་ལས་གཞན་གཅེས་པའི་བསམ་བློ་དེ་ཡོང་རྒྱུ་ཡིན་པ་དང་། འཛམ་གླིང་ནང་གི་འགྲོ་བ་མི་ཐེར་འབུམ་ ༨ ཙམ་ཡོད་པ་དེ་དག་ཐམས་ཅན་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པར་བརྟེན། ང་ཚོ་ཚང་མ་ཕན་ཚུན་ལྟོས་གྲུབ་གྱི་རང་བཞིན་ཡིན་པ་ངོས་འཛོན་ཐུབ་ངེས་ཡིན་པ་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་འདུག

མ་ཟད་མགོན་པོ་༸གང་ཉིད་མཆོག་གིས་གསུང་འཕྲིན་གྱི་མཐའ་མར་དུས་ཚིགས་ཁྱད་པར་གྱི་ཉིན་མོ་དེའི་བརྒྱུད་ནས་འཛམ་གླིང་ཁྱོན་ལ་བཞུགས་པའི་ཆོས་གྲོགས་ཕོ་མོ་ཀུན་ལ་སེམས་བཟང་པོ་དང་གཞན་ཕན་སྒྲུབ་པའི་བརྒྱུད་མི་ཚེ་དོན་ལྡན་ཡོང་བའི་སྐུལ་མ་མཛད་པ་དང་ཆབས་ཅིག སེམས་བཟང་པོ་བྱ་རྒྱུ་དེ་ནི་འཛམ་གླིང་ནང་ཞི་བདེ་བག་ཕེབས་ཡོང་བའི་ཆ་རྐྱེན་གཙོ་བོ་དེ་ཡིན་པ་ལམ་སྟོན་བཀའ་དྲིན་ཆེ་བ་མཛད་འདུག

གཞི་རྩའི་དེ་རིང་ཉིན་མོར་ནང་པའི་རྗེས་འཇུག་པ་དང་ལྷག་པར་དུ་རྒྱ་གར་ནང་དུ་བདག་ཅག་གི་སྟོན་པ་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ལ་དད་གུས་ཞུ་མཁན་རྣམས་ནས་སངས་རྒྱས་ཀྱི་གསུང་རྗེས་སུ་དྲན་པའི་ཐོག་ཚོགས་འདུ་དང་ལས་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་པ་དང་།  རྒྱ་གར་གྱི་སྲིད་འཛིན་དང་སྲིད་བློན་མཆོག་གིས་གཙོས་གནད་ཡོད་མི་སྣ་མང་པོས་དེ་རིང་གི་དུས་ཚིགས་ཁྱད་པར་ཅན་གྱི་ཉིན་མོར་འཚམས་འདྲི་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།