Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་རིགས་ལས་དོན་དང་འབྲེལ་བའི་ཚོགས་འདུ་ཐེངས་བཞི་པ་འཚོགས་བཞིན་པ།

Tibetan News Headlines

  • EU-China relations and significance of Xi Jinping’s Europe visit: Discussion

རེས་གཟའ་པ་སངས། ༢༠༢༤།༠༥།༡༡

  • ཞི་ཅིན་ཕིང་གི་ཐེངས་འདིའི་ཡོ་རོབ་སྐོར་བསྐྱོད་ཀྱི་གནད་འགག་དང་། རྒྱ་ནག་དང་ཡོ་རོབ་དབར་གྱི་འབྲེལ་ལམ་སྐོར་གླེང་མོལ་གྱི་ལས་རིམ།

དེའང་རྡ་སྟེང་བོད་ཁྱིམ་གྱི་ཉེ་འཁྲིས་སུ་ཡོད་པའི་ཨིནྡྲ་པྲཱ་སི་ཐ་གསོལ་མགྲོན་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་རྒྱ་ཡིག་ཚན་པའི་གོ་སྒྲིག་འོག བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་རིགས་ལས་དོན་དང་འབྲེལ་བའི་ལོ་འཁོར་ཚོགས་འདུ་ཐེངས་བཞི་པ་དབུ་འཛུགས་sགནང་ཡོད།
ཚོགས་འདུ་ཐེངས་བཞི་པ་དེའི་ཐོག་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས། ཕྱི་དྲིལ་རྒྱ་ཡིག་ཚན་པའི་ལས་བྱེད་པ། ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས། ཨ་རིའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས། ཐེ་ཝན་སྐུ་ཚབ་དོན་ཁང་གི་ལས་བྱེད་བསོད་ནམས་རྡོ་རྗེ་ལགས། ཐེ་ཝན་བདེ་དོན་ཚོགས་པའི་ཚོགས་གཙོ་བཀྲིས་ཚེ་རིང་ལགས་བཅས་ཀྱིས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལས་བྱེད་ཁག་ཅིག དེ་མིན་ཨ་རི་དང་ཡུ་རོབ། ཐེ་ཝན་བཅས་ཀྱི་ནང་ཡོད་པའི་རྒྱ་ཡིག་དང་རྒྱ་སྐད་ཤེས་མཁན་མི་སྣའི་སྐུ་ཚབ་ཁག་ཅིག བཞུགས་སྒར་དུ་རྟེན་གཞི་བྱས་པའི་འབྲེལ་ཡོད་ཚོགས་ཁག་གི་སྐུ་ཚབ། ཏཱ་ལའི་བླ་མའི་མཐོ་སློབ་ཏུ་རྒྱ་ཡིག་སློབ་སྦྱོང་གནང་མཁན་སློབ་ཕྲུག་ཁག་ཅིག ལྡི་ལིའི་ཤར་ཨེ་ཤི་ཡའི་ཞིབ་འཇུག་ལྟེ་གནས་ཁང་ནས་ཚོགས་བཅར་བ་བཅས་མི་གྲངས་ ༤༠ སྐོར་ཞིག་མཉམ་ཞུགས་གནང་འདུག
དབུ་བྱེད་ཀྱི་མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་ལམ་སྟོན་བཀའ་སློབ་ཕེབས་དོན་ལྟར། བོད་མིའི་སྒྲིགས་འཛུགས་ཀྱི་ངོmས་ནས་རྒྱ་རིགས་འབྲེལ་མཐུད་ཀྱི་ལས་དོན་དེ་ལས་དོན་གཙོ་ཆེར་ངོས་འཛིན་ཞུ་བཞིན་ཡོད་པ་དང་། ད་ལྟའི་ཆར་ཨ་རིའི་ནང་དུ་རྒྱ་རིགས་ཧ་ལམ་ས་ཡ་གསུམ་ཙམ་དང་། དེ་བཞིན་ཡུ་རོབ་དང་ཨོ་སི་ཊོ་ལི་ཡ། ཐེ་ཝན། ཧོང་ཀོང་སོགས་ཕྱི་སྡོད་རྒྱ་རིགས་ཧ་ཅང་མང་པོ་ཡོད་སྟབས། རྒྱ་རིགས་འབྲེལ་མཐུད་པ་གཅིག་པུས་རྒྱ་རིགས་ཕོན་ཆེར་སྙོབ་ཐུབ་རྒྱུ་ཁག་པོ་ཡིན་སྟབས། ང་ཚོས་མི་མང་བརྒྱུད་རྒྱ་རིགས་དང་འབྲེལ་བ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་པ་མ་ཟད། དེའང་རྒྱ་རིགས་རྣམས་ཀྱི་གཞི་རྩའི་བསམ་བློ་གཏོང་ཕྱོགས་དང་། དེ་སྔའི་ལོ་རྒྱུས་ཀྱི་བག་ཆགས། མི་རིགས་ཀྱི་འདུ་ཤེས་འཛིན་ཕྱོགས་སོགས་ཆ་ཚང་ཤེས་པའི་ཐོག་ནས་འབྲེལ་བ་གནང་ཐུབ་ན་དགེ་མཚན་ཆེན་པོ་ཡོད་པ་གསུངས་པ་མ་ཟད། ལྷག་དོན་མ་འོངས་པར་རྒྱ་རིགས་འབྲེལ་མཐུད་ཀྱི་ཚོགས་འདུའི་ཐོག་རྒྱ་ནག་ནང་ལོག་གི་སློབ་གྲྭ་དང་། གནད་ཡོད་མི་སྣ་བཅས་མགྲོན་འབོད་ཞུ་ཐབས་བྱ་དགོས་གལ་ཡིན་སྐོར་སོགས་ནན་བརྗོད་གནང་འདུག
རྩ་བའི་ཉིན་གྲངས་གསུམ་རིང་གི་ཚོགས་འདུ་དེའི་ཐོག་སློབ་ཕྲུག་རྣམས་ལ་མ་འོངས་པར་རང་སར་ལོག་རྗེས་རྒྱ་རིགས་མང་ཚོགས་དང་འབྲེལ་བ་བྱེད་ཕྱོགས་དང་། རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཅས་ཀྱི་སྐོར་ལ་གོ་རྟོགས་རྒྱ་གང་ཆེ་སྤེལ་ཐབས་གནང་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།