ཨ་རྒྱ་གཉིས་ཀྱི་གྲོས་མོལ་ཐོག་བོད་ཀྱི་གནད་དོན་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་དགོས་གལ་ཡིན་པ་གསུངས་འདུག

Tibetan News Headlines

  • Sikyong Penpa Tsering Expresses Disappointment Over Trump’s Silence on Human Rights in Dealings with China
  • China’s Overseas Surveillance Network Targets Tibetan Activists and Exile Administration, Rights Group Reports
  • Tibetan Advocates from 20 Countries Gather in Barcelona to Strengthen Global Campaign for Tibet
  • 7th Prof. Dawa Norbu Memorial Symposium Held in New Delhi
  • Xi Jinping Describes Taiwan’s Reunification as an ‘Unwavering Historical Mission’ of the Chinese Communist Party
  • Education Kalon Urges Tibetan Children in Exile to Preserve Their Identity and Uphold Tibetan Values in Children’s Day Speech
  • Health and Wellness: World Diabetes Day- Prevention and Treatment of Diabetes

ཪེས་གཟའ་པ་སངས། ༢༠༢༦།༡༡།༡༣

  • ཨ་རྒྱ་གཉིས་ཀྱི་གྲོས་མོལ་ཐོག་བོད་ཀྱི་གནད་དོན་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་མེད་པའི་སེམས་འཚབ་ཀྱི་རྣམ་པ་མངོན་གསལ།
  • སྙན་ཐོ་གསར་པ་ཞིག་གི་ནང་རྒྱ་ནག་གིས་བཙན་བྱོལ་བོད་མི་རྣམས་ལ་ལྟ་སྲུང་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་གསལ་སྟོན།
  • རྒྱལ་ཁབ་ ༢༠ ནས་བོད་དོན་ལས་འགུལ་བ་ལྷན་འཛོམས་ཐོག་བོད་དོན་འཐབ་རྩོད་ཀྱི་འཐབ་ཇུས་གསར་པའི་སྐོར་གྲོས་བསྡུར།
  • རྒྱལ་ས་ལྡི་ལིར་མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་ཉམས་ཞིབ་ཚོགས་འདུ་ཐེངས་ ༧ པ་འཚོགས་པ།
  • ཞི་ཅིན་ཕིང་གིས་ཐེ་ཝན་རྒྱ་ནག་དང་ཟླ་སྒྲིལ་གཏང་རྒྱུ་ནི་རྒྱ་ནག་གི་ལོ་རྒྱུས་ཀྱི་རྒྱབ་རྟེན་ཡོད་པའི་ཕུགས་དམིགས་ཤིག་ཡིན་པར་ལྡོག་ཐབས་མེད་པ་ནན་བརྗོད།
  • བཙན་བྱོལ་བོད་ཕྲུག་རྣམས་ནས་རང་ཉིད་ཀྱི་སྤྱོད་པ་དང་ཤེས་ཡོན་གཉིས་ཀའི་ཐད་ནས་མི་རིགས་དང་སྤྱི་ཚོགས་ལ་ཕན་འདོགས་ཐུབ་མཁན་ཞིག་བྱེད་དགོས་པ་གསུངས་འདུག
  • གཅིན་སྙི་ནད་གཞི་ཉིན་མོ། གཅིན་སྙི་ནད་གཞིའི་སྔོན་འགོག་དང་བཅོས་ཐབས།

དེ་ཡང་དེ་རིང་ Reuters གསར་ཁང་གིས་ཁ་ཉིན་ཚེས་ ༡༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་བཅར་འདྲི་ཞུས་པའི་གནས་ཚུལ་ཞིག་འདོན་སྤེལ་གནང་འདུག་པ་དེའི་ནང་། སྲིད་སྐྱོང་མཆོག་གིས་དེང་སྐབས་ཨ་རིའི་སྲིད་འཛིན་ཊམ་མཆོག་གིས་རྒྱ་ནག་དང་ལྷན་གྲོས་མོལ་གནང་བའི་སྐབས་རྒྱལ་ཁབ་ཀྱི་ཚོང་འབྲེལ་དང་བདེ་འཇགས་ཁོ་ནར་དམིགས་པ་མ་གཏོགས། འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་བ་མཐོང་རྒྱུ་ཁག་པོ་ཡིན་པར་ཐུགས་འཚབ་ཀྱི་རྣམ་པ་མངོན་གསལ་གནང་འདུག

Sikyong Penpa Tsering Expresses Disappointment Over Trump’s Silence on Human Rights in Dealings with China
Photo: Reuters

མ་ཟད་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་ ༡༩༥༠ ལོར་ཞི་བའི་བཅིང་གྲོལ་ལ་ཁ་གཡར་ནས་བོད་དེ་བཞིན་རིམ་པའི་བཙན་འཛུལ་བྱས་ཡོད་པ་ནན་བརྗོད་དང་སྦྲགས། དུས་དེ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག །དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སོགས་ལ་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནས་སྟངས་དང་། ཉེ་ཆར་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ཡིག་ཅེས་དངོས་སུ་ལག་བསྟར་གྱིས། ཁྲིམས་ཡིག་དེའི་བརྒྱུད་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག །མི་རིགས་བཅས་པར་རྩ་མེད་དུ་གཏོང་རྒྱུའི་ཐབས་བྱུས་ཤིག་ཡིན་པ་སོགས་ཀྱི་གནས་སྟངས་བྱུང་བཞིན་ཡོད་ཀྱང་། སྲིད་འཛིན་ཊམ་མཆོག་རྒྱ་ནག་གི་སྲིད་འཛིན་ཞི་དང་ཐུག་འཕྲད་སྐབས་བོད་ཅེས་པའི་མིང་འབོད་ཙམ་ཡང་བྱས་མེད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ལ་གླེང་སློང་ཙམ་མ་ཡང་བྱས་མེད་སྐོར་གསུངས་འདུག

དེ་བཞིན་སྲིད་སྐྱོང་མཆོག་གིས་བོད་མིའི་ངོས་ནས་བོད་ཀྱི་གནད་དོན་དེ་བཞིན་ཨ་རི་དང་རྒྱ་ནག་གཉིས་དབར་གྱི་འབྲེལ་ལམ་ཐོག་བེད་སྤྱོད་གཏང་སའི་ལག་ཆར་ཆགས་འདོད་མེད་པ་དང་། ཡོང་རྒྱུ་བསྡད་པའི་ APEC ཚོགས་འདུ་དང་ཟླ་རྗེས་མར་ཚོགས་ལ་ཉེ་བའི་ G20 ཚོགས་འདུའི་ཐོག་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་ཐུག་འཕྲད་སྐབས་བོད་ཀྱི་གནད་དོན་གླེང་གི་རེད་བསམ་པའི་རེ་བ་མེད་ཅེས་གསུངས་འདུག

ལར་ནས་སྲིད་སྐྱོང་མཆོག་གིས་ད་བར་ཨ་རིའི་གྲོས་ཚོགས་ནང་བོད་ཀྱི་གནད་དོན་གླེང་བའི་སྐབས་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱིས་ཚད་མཐོའི་རྒྱབ་སྐྱོར་བྱས་དང་བྱེད་མུས་ཡིན་པ་འགྲེལ་བརྗོད་གནང་བ་མ་ཟད། བཙན་བྱོལ་བོད་མི་རྣམས་ལ་ཕྱིའི་རོགས་སྐྱོར་གནང་མཁན་གཙོ་གྲས་དང་གལ་ཆེ་ཤོས་ཤིག་ནི་ཨ་རི་ཆགས་ཡོད་པ་དང་། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ནས་ཀྱང་ཨ་རི་ཕྱི་སྲིད་ལས་ཁུངས་དང་འབྲེལ་བ་ཞུ་བཞིན་ཡོད་པ་གསལ་སྟོན་དང་འབྲེལ། ཨ་རི་ཕྱི་སྲིད་བློན་ཆེན་རུ་བྷི་ཡོ་མཆོག་ནི་དེ་སྔ་གྲོས་ཚོགས་འཐུས་མི་ཡིན་པའི་སྐབས་ནས་བོད་དོན་དང་འབྲེལ་བའི་གྲོས་འཆར་རིགས་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཆགས་ཡོད་པ་འགྲེལ་བརྗོད་གནང་འདུག

ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་སྔ་ལོར་ཨ་རི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་མིའི་སྒྲིག་འཛུགས་ལ་གནང་བཞིན་པའི་རོགས་དངུལ་ཕྱེད་ཀ་ལྷག་བཅད་ཡོད་ཀྱང་། ད་ལྟའི་སྲིད་འཛིན་ཊམ་མཆོག་གིས་སྲིད་འཛིན་གྱི་ལོ་ཡུན་གཉིས་པའི་སྐབས་སུ་བོད་དོན་ཆེད་ཨ་རིའི་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་བ་དང་འབྲེལ། ལོ་འདིའི་ལོ་མཇུག་ལ་དེ་སྔ་ཨ་རི་ཕྱི་སྲིད་ལས་ཁུངས་ཀྱི་བོད་མིར་གནང་བཞིན་པའི་རོགས་དངུལ་ཆ་ཚང་བསྐྱར་དུ་རག་ཐུབ་པའི་རེ་བ་ཆེན་པོ་ཡོད་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།