མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་ཉམས་ཞིབ་ཚོགས་འདུ་ཐེངས་བདུན་པ་འཚོགས་འདུག

Tibetan News Headlines

  • Sikyong Penpa Tsering Expresses Disappointment Over Trump’s Silence on Human Rights in Dealings with China
  • China’s Overseas Surveillance Network Targets Tibetan Activists and Exile Administration, Rights Group Reports
  • Tibetan Advocates from 20 Countries Gather in Barcelona to Strengthen Global Campaign for Tibet
  • 7th Prof. Dawa Norbu Memorial Symposium Held in New Delhi
  • Xi Jinping Describes Taiwan’s Reunification as an ‘Unwavering Historical Mission’ of the Chinese Communist Party
  • Education Kalon Urges Tibetan Children in Exile to Preserve Their Identity and Uphold Tibetan Values in Children’s Day Speech
  • Health and Wellness: World Diabetes Day- Prevention and Treatment of Diabetes

ཪེས་གཟའ་པ་སངས། ༢༠༢༦།༡༡།༡༣

  • ཨ་རྒྱ་གཉིས་ཀྱི་གྲོས་མོལ་ཐོག་བོད་ཀྱི་གནད་དོན་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་མེད་པའི་སེམས་འཚབ་ཀྱི་རྣམ་པ་མངོན་གསལ།
  • སྙན་ཐོ་གསར་པ་ཞིག་གི་ནང་རྒྱ་ནག་གིས་བཙན་བྱོལ་བོད་མི་རྣམས་ལ་ལྟ་སྲུང་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་གསལ་སྟོན།
  • རྒྱལ་ཁབ་ ༢༠ ནས་བོད་དོན་ལས་འགུལ་བ་ལྷན་འཛོམས་ཐོག་བོད་དོན་འཐབ་རྩོད་ཀྱི་འཐབ་ཇུས་གསར་པའི་སྐོར་གྲོས་བསྡུར།
  • རྒྱལ་ས་ལྡི་ལིར་མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་ཉམས་ཞིབ་ཚོགས་འདུ་ཐེངས་ ༧ པ་འཚོགས་པ།
  • ཞི་ཅིན་ཕིང་གིས་ཐེ་ཝན་རྒྱ་ནག་དང་ཟླ་སྒྲིལ་གཏང་རྒྱུ་ནི་རྒྱ་ནག་གི་ལོ་རྒྱུས་ཀྱི་རྒྱབ་རྟེན་ཡོད་པའི་ཕུགས་དམིགས་ཤིག་ཡིན་པར་ལྡོག་ཐབས་མེད་པ་ནན་བརྗོད།
  • བཙན་བྱོལ་བོད་ཕྲུག་རྣམས་ནས་རང་ཉིད་ཀྱི་སྤྱོད་པ་དང་ཤེས་ཡོན་གཉིས་ཀའི་ཐད་ནས་མི་རིགས་དང་སྤྱི་ཚོགས་ལ་ཕན་འདོགས་ཐུབ་མཁན་ཞིག་བྱེད་དགོས་པ་གསུངས་འདུག
  • གཅིན་སྙི་ནད་གཞི་ཉིན་མོ། གཅིན་སྙི་ནད་གཞིའི་སྔོན་འགོག་དང་བཅོས་ཐབས།

དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ Chanakyapuri ཁུལ་དུ་མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་ཉམས་ཞིབ་ཚོགས་འདུ་ཐེངས་བདུན་པ་འཚོགས་འདུག

JNU ཞེས་ནེ་ཧྲུ་གཙུག་ལག་སློབ་གཉེར་ཁང་གི་བོད་དོན་གླེང་སྟེགས་ཀྱིས་གོ་སྒྲིག་ཞུས་པའི་ཐེངས་འདིའི་ཚོགས་འདུའི་བརྗོད་གཞི་གཙོ་བོ་ནི། དེང་རབས་འཛམ་གླིང་ནང་གི་བོད་ཀྱི་ངོ་བོ་དང་། ཆབ་སྲིད། ལོ་རྒྱུས། དེ་བཞིན་རྒྱལ་སྤྱིའི་འགུལ་སྐྱོད་ཀྱི་རྣམ་པ་ཞེས་པ་ཡིན་པ་དང་། ཚོགས་འདུའི་ཐོག་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་དང་། ཚོགས་འདུར་མཐུན་སྦྱོར་གནང་མཁན་ KAS ཚོགས་པའི་རྒྱ་གར་ཡན་ལག་ལས་ཁུངས་ཀྱི་ངེས་སྟོན་པ་སྐུ་ཞབས་ Viktor Frank ལགས། དེ་བཞིན་གཙུག་ལག་སློབ་གཉེར་ཁང་དེའི་རྒྱལ་སྤྱིའི་ཆབ་སྲིད་ཚན་པའི་དགེ་རྒན་ཆེན་མོ་ཟུར་པ་ཡེ་ཤེས་ཆོས་སྒྲོན་ལགས་གདན་ཞུས་ཐོག །ཕྱི་ནང་ཉམས་ཞིབ་པ་བདུན་ཙམ་གྱི་བརྗོད་གཞི་དང་འབྲེལ་བའི་གཏམ་བཤད་དང་དྲི་བ་དྲི་ལན་བཅས་གནང་འདུག །འདི་ག་རླུང་འཕྲིན་ཁང་གིས་ JNU བོད་དོན་གླེང་སྟེགས་ཀྱི་རྒྱུན་ལས་པདྨ་ལྷ་མོ་ལགས་སུ་ཐངས་འདིར་མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་ཉམས་ཞིབ་ཚོགས་འདུའི་སྐོར་བཀའ་དྲི་ཞུས་ཡོད།

གཞི་རྩའི་སློབ་དཔོན་ཟླ་བ་ནོར་བུ་ལགས་དམ་པ་དེ་ཉིད་ནི་ཨེ་ཤེ་ཡ་དབུས་མའི་ཆབ་སྲིད་དང་བོད་དོན་ཐོག་གི་མཁས་དབང་ཞིག་ཡིན་ལ། ཁོང་ནི་བོད་དུ་སྐུ་འཁྲུངས་ཤིང་ལྡི་ལིའི་ St. Stephen སེན་ཊི་སི་ཊེ་ཧྥན་མཐོ་སློབ་ཏུ་སློབ་གཉེར་གནང་ཡོད། ཁོང་གིས་ California ཁེ་ལི་ཧྥོར་ནི་ཡའི་ Berkeley བྷེརེཀབྷར་ཁེ་ལི་གཙུག་ལག་སློབ་གཉེར་ཁང་ནས་འབུམ་རམས་པའི་ཕྱག་འཁྱེར་བཞེས་པ་དང་། དུས་མཚུངས་སུ་ San Francisco སན་ཧྥ་རན་སི་སི་ཀོ་མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་དུ་སློབ་ཁྲིད་ཀྱང་གནང་ཡོད། ཁོང་གིས་ཕྱི་ལོ་ ༡༩༧༢ ནས་ ༡༩༧༦ བར་བོད་གནས་བསྐྱར་ཞིབ་ཅེས་པའི་ཟླ་རེའི་དུས་དེབ་ཀྱི་རྩོམ་སྒྲིག་པ་གནང་ཞིང་། དེ་རྗེས་ལྡི་ལིའི་ཇཱ་ཝཱ་ཧར་ལལ་ནེ་ཧྲུ་གཙུག་ལག་སློབ་གཉེར་ཁང་དུ་ཨེ་ཤེ་ཡ་དབུས་མའི་སློབ་གཉེར་གྱི་སློབ་དཔོན་གནང་ཡོད། JNU བོད་དོན་གླེང་སྟེགས་ཀྱིས་དམ་པ་དེ་ཉིད་ལ་རྗེས་དྲན་གྱི་ཉམས་ཞིབ་ཚོགས་འདུ་ཐེངས་དང་པོ་དེ་ཕྱི་ལོ་ ༢༠༡༥ ལོར་གོ་སྒྲིག་གནང་ཡོད་པ་རེད་འདུག

ཐེངས་འདིའི་ཚོགས་འདུའི་ཐོག་ JNU གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་ Srikanth Kondapalli ལགས་དང་། Priyadarsi Mukherji ལགས། Center for Strategic Affairs གྱི་སྤྱི་ཁྱབ་ Dr. Chirayu Thakur ལགས། Ashoka གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་ Swarga Jyoti Gohain ལགས། OP Jindal གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ Swati Chawla ལགས། གཞན་ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་རྒན་པ་འབུམ་རམས་པ་བསྟན་འཛིན་བདེ་གསལ་ལགས་དང་། Tibet Action བོད་དོན་ལས་འགུལ་ལྟེ་གནས་ཁང་གི་ཉམས་ཞིབ་པ་དཔལ་ལྡན་བསོད་ནམ་ལགས། Tibet Watch བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་རྒན་པ་འབུམ་རམས་པ་བསོད་ནམ་སྟོབས་རྒྱལ་ལགས་སོགས་ནས་དེང་རབས་འཛམ་གླིང་ནང་གི་བོད་ཆེས་པའི་བརྗོད་གཞིའི་འོག་བོད་ཀྱི་ངོ་བོ་དང་། ཆབ་སྲིད། ལོ་རྒྱུས། དེ་བཞིན་རྒྱལ་སྤྱིའི་འགྱུར་ལྡོག་གི་རྣམ་པ་སོགས་ཀྱི་སྐོར་ལ་གསུང་བཤད་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།