Tibetan Royal Year of 2151 | Year of the Wood Dragon

ཆུ་མཛོད་གསར་རྒྱག་གི་ལས་གཞི་སླད་དགོན་པ་གནས་སྤོའི་བཙན་བཀར་བོད་མིས་ཞུ་འབོད།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

སྡེ་དགེ་རྫོང་དབོན་ཐོག་གྲོང་ཚོའི་དགེ་འདུན་པ་དང་ས་གནས་མང་ཚོགས་ཀྱིས་ཆུ་མཛོད་གསར་རྒྱག་དང་འབྲེལ་དགོན་པ་གཏོར་བཤིག་དང་ཡུལ་མི་བཙན་གྱིས་གནས་སྤོ་བྱེད་དུ་བཅུག་བཞིན་པར་མཚམས་འཇོག་ཡོང་སླད་པུས་མོ་ས་ལ་བཙུགས་ནས་ཚོར་ཤུགས་ཆེན་པོས་ཞུ་འབོད་གནང་འདུག

དེ་ཡང་གཟའ་འཁོར་སྔོན་མའི་ནང་སྡེ་དགེ་རྫོང་སྲིད་གཞུང་གི་སྒོ་འགྲམ་དུ་བོད་མི་མང་དག་འདུ་འཛོམས་ཀྱིས་རྫོང་དེའི་ཁོངས་གཏོགས་འབྲི་ཆུའི་ཆུ་རྒྱུན་དུ་རྒྱ་ནག་གིས་ཆུ་མཛོད་གསར་རྒྱག་དང་ཡུལ་མི་རྣམས་བཙན་གྱིས་གནས་སྤོ་དགོས་པའི་བཙན་བཀའ་ཁྱབ་མཚམས་འཇོག་ཡོང་སླད་ངོ་རྒོལ་ལས་འགུལ་སྤེལ་ཡོད་པའི་ཁྲོད། ཁ་སང་ཕྱི་ཚེས་ ༢༠ ཉིན་ཡུལ་དངོས་ཀྱི་བརྙན་ཐུང་གཞན་ཞིག་སླར་སྤྱི་ཚོགས་དྲྭ་ལམ་གང་སར་བརྒྱུད་སྤེལ་བྱེད་བཞིན་ཡོད་པའི་ནང་དུ། རྒྱ་ནག་གཞུང་འབྲེལ་གྱི་ལས་བྱེད་མི་སྣ་དང་ཉེན་རྟོག་པ་ཁག་ཅིག་ཉིན་དེར་སྡེ་དགེ་རྫོང་དབོན་ཐོག་གྲོང་ཚོ་ཁུལ་དུ་འབྱོར་ནས་ཡེ་ན་དགོན་པ་གཏོར་དགོས་པའི་སྐོར་གླེང་སྐབས་དགེ་འདུན་པ་ཞིག་གཙོས་ས་གནས་བོད་མི་མང་ཚོགས་ཀྱིས་ལག་གཉིས་ཐལ་མོ་སྦྱར་པ་དང་པུས་མོ་ས་ལ་བཙུགས་ཏེ་གཞུང་གི་ལས་བྱེད་པའི་མདུན་དུ་ལས་གཞི་དེ་མཚམས་འཇོག་དགོས་པའི་ངུ་འབོད་དང་ཞུ་བ་འཐེན་བཞིན་པ་མཐོང་རྒྱུ་འདུག

རྒྱ་ནག་ཏུ་བཅའ་བཞུགས་བོད་ཀྱི་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་རང་ཉིད་ཀྱི་ངོ་དེབ་ཐོག་ཡུལ་དངོས་ཀྱི་བརྙན་ཐུང་དང་བཅས་གནས་ཚུལ་སྤེལ་བའི་ནང་བོད་མཐོ་སྒང་དུ་འབབ་པའི་ཅིང་ཧྲ་གཙང་པོའི་སྟོད་རྒྱུད་དུ་ཆུ་མཛོད་གཅིག་ལྡན་གྱི་གློག་ཁང་རིམ་པ་བཅུ་གསུམ་མ་ཞིག་རྒྱག་བཞིན་ཡོད་པར་བརྟེན་ཁུལ་དེར་མི་རབས་ནས་མི་རབས་བར་གནས་སྡོད་གནང་ཡོད་པའི་བོད་མི་རྣམས་ས་གནས་གཞན་དུ་གནས་སྤོ་གནང་དགོས་པ་དང་ཁོང་ཚོའི་ཁང་པ་དང་དགོན་པ་གཉིས་ཀ་ཆུའི་ནང་ནུབ་ནས་གཏོར་བཤིག་གཏོང་རྒྱུ་ཡིན་པ་འགྲེལ་བརྗོད་དང་སྦྲགས། ད་ཆ་སྐད་འཕྲིན་ནས་ཐོག་མར་ཕྱིར་གྱར་བྱུང་བའི་ཡུལ་དངོས་ཀྱི་བརྙན་པར་དེ་ཕྱིར་འཐེན་གནང་ཟིན་ཡོད་པ་གསུངས་འདུག

ད་ཆ་དབོན་ཐོག་གྲོང་ཚོའི་ས་གནས་བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ཚོར་ཤུགས་ཆེན་པོའི་ཞུ་འབོད་གནང་བཞིན་པའི་བརྙན་དང་པར་བཅས་ཕྱིར་གྱར་བྱུང་བ་དང་སྦྲགས་ཏེ་བཙན་བྱོལ་བོད་མི་མང་ཚོགས་ཀྱིས་མཆན་བཀོད་བཞིན་པའི་ཁྲོད། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་བྱེད་བསྟན་འཛིན་འཕགས་སྒྲོན་ལགས་ཀྱིས་གོང་ཞུས་གནས་ཚུལ་ཐད་བློ་ཕམ་དང་ལྷག་དོན་ཆུ་མཛོད་གསར་རྒྱག་གི་ལས་གཞི་དང་འབྲེལ་ཡུལ་མི་རྣམས་བཙན་གྱིས་ས་གནས་གང་དང་མཐུན་རྐྱེན་ཇི་ཡོད་ཐོག་གནས་སྤོ་བྱེད་དུ་བཅུག་བཞིན་པ་ནི་སེམས་འཚབ་སྐྱེ་གཞིར་གྱུར་ཡོད་པ་གསུངས་སོང་བ་མ་ཟད། དེ་རིང་ཕྱི་དྲོ་བཞུགས་སྒར་དུ་དབུས་ས་གཉིས་ཀྱི་བོད་ཀྱི་བེུད་ལྷན་ཚོགས་དང་གཞོན་ནུ་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ལྔས་གདུང་སེམས་མཉམ་བསྐྱེད་དང་སྦྲགས་བོད་ནང་གི་བོད་མིར་དྲང་བདེན་དང་ཆུ་མཛོད་གསར་རྒྱག་གི་ལས་གཞི་མཚམས་ཡོང་བའི་ལས་འགུལ་སྤེལ་རྒྱུ་རེད་འདུག

རྩ་བའི་རྒྱ་གཞུང་གིས་འདས་པའི་ལོ་བཅུ་གྲངས་ནས་སྡེ་དགེ་རྫོང་ནང་གློག་ཁང་ཆེ་གྲས་གསར་རྒྱག་གི་ལས་གཞི་སྤེལ་ཆེད་རྫོང་དེའི་ནང་གི་འབྲི་ཆུའི་བཞུར་རྒྱུན་བཀག་སྟེ་དབོན་པོ་སྟོད་ཤང་ཁག་གཉིས་དང་དགོན་ཁག་དྲུག་ཡོད་པ་དེ་དག་ཚང་མ་ས་གནས་གཞན་ལ་གནས་སྤོ་བྱ་དགོས་པའི་བཙན་བཀའ་བཏང་ཡོད་སྟབས། འདི་ཚེས་ ༡༤ ཉིན་རྫོང་དེའི་ཁོངས་གཏོགས་བོད་མི་ཧ་ཅང་མང་པོས་སྡེ་དགེ་རྫོང་མི་དམངས་སྲིད་གཞུང་གི་སྒོ་འགྲམ་དུ་སོང་ནས་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད། ཚེ་རིང་འོད་ཟེར་ལགས་ཀྱིས་ཅིང་ཧྲ་གཙང་པོའི་ཆུ་ཤུགས་གློག་འདོན་སྐོར་འབྲེལ་ཡོད་གནས་ཚུལ་འཚོལ་ཞིབ་གནང་བའི་ནང་གསལ་ལྟར་ན། བོད་མཐོ་སྒང་ནས་འབབ་པའི་ཅིང་ཧྲ་གཙང་པོས་འབྲི་ཆུའི་ཆུ་གློག་ཐོན་ཁུངས་བརྒྱ་ཆ་ ༤༠ ལྷག་ཟིན་པ་དང་འདི་ནི་འཛམ་གླིང་ནང་གི་ཆུ་ཤུལ་གློག་ཁང་མཐོ་ཤོས་ཀྱི་གྲས་སུ་ཚུད་ཡོད་པ་དང་ལོ་མང་སྔོན་དུ་ཁོར་ཡུག་སྲུང་སྐྱོབ་པ་ཁ་ཤས་ཀྱིས་ཅིང་ཧྲ་གཙང་པོའི་རྒྱུན་དུ་ཆགས་པའི་ཆུ་མཛོད་གློག་ཁང་རྣམས་བོད་མཐོ་སྒང་དུ་རྒྱ་སྐྱེད་འགྲོ་བཞིན་པ་དེ་ཉེན་ཁ་ཞིག་ཡིན་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད། འདི་ནི་ང་ཚོའི་རྒྱལ་ཁབ་དང་ཐ་ན་འཛམ་གླིང་གི་ས་ཁམས་གོད་ཆགས་འབྱུང་ཡུལ་གྱི་ས་ཁུལ་ཡར་རྒྱས་ཕྱིན་ཞིང་སྟུག་ཚད་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཀྱང་ཡིན་པའི་ཉེན་བརྡ་བཏང་ཡོད་པ་ལུང་འདྲེན་གནང་སྟེ་ཕྱི་ལོ་ ༢༠༠༠ ལོ་ནས་བཟུང་ཅིང་ཧྲ་གཙང་པོའི་སྟེང་དུ་ཆུ་བོའི་གློག་ཤུགས་ཀྱི་ཚོགས་པ་ཆེ་ཤོས་དང་སྟུག་ཚད་མཐོ་ཤོས་གསར་རྒྱག་བྱས་ཡོད་སྟབས་ཉེ་བའི་ལོ་ཤས་རིང་ས་ཁུལ་དེའི་ནང་ས་རུད་དང་གཙང་ཆུ་འགག་ནས་ས་གནས་བོད་མི་རྣམས་རང་ཉིད་ཀྱི་ཁང་པའི་ནང་སྡོད་དཀའ་བར་གྱུར་ཡོད་པ་བཅས་བརྗོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།