Tibetan Royal Year of 2151 | Year of the Wood Dragon

དྭང་བླངས་སྤྱི་ཚོགས་ཞབས་ཞུ་བ་ཚེ་རིང་སྒྲོལ་དཀར་ལགས་སུ་ཆེ་བསྟོད་གཟེངས་རྟགས་ཕུལ་འདུག

Tibetan News Headlines

  • Dalai Lama’s former envoy slams China’s remarks on Tibet talks, says authoritarian rule won’t last long
  • Blinken raises human rights abuses in Tibet and East Turkestan with China
  • Gyari Dorjee Youdon, a Tibetan who revolted against invading Chinese forces, cremated in Mindroling
  • China building new township in Lhokha amidst Tibet-border build-up

རེས་གཟའ་མིག་དམར། ༢༠༢༤།༠༤།༣༠

  • རྒྱ་ནག་གི་མཁྲེགས་འཛིན་སྲིད་བྱུས་རྒྱུན་རིང་པོར་གནས་ཐུབ་ཐབས་མེད་པ་གསུངས་འདུག
  • Blinken གྱིས་རྒྱ་གཞུང་དང་མཉམ་བོད་དང་ཤིན་ཅང་སྐོར་གླེང་སློང་གནང་ཡོད་པ་གསུངས་འདུག
  • བོད་ཀྱི་དཔའ་མོ་རྒྱ་རི་རྡོ་རྗེ་གཡུ་སྒྲོན་ལགས་ཀྱི་སྐུ་ཕུང་སྨིན་སྒྲོལ་གླིང་དགོན་པར་ཞུགས་འབུལ།
  • རྒྱ་ནག་གིས་འཕགས་བོད་མཐའ་མཚམས་ཉེ་འཁྲིས་ལྷོ་ཁའི་ནང་གྲོང་ཚོ་གསར་རྒྱག

རྒྱ་གར་བྱང་ཕྱོགས་པན་ཇབ་དང་ཧར་ཡ་ན་གཉིས་ཀྱི་རྒྱལ་ས་ Chandigarh ཅན་རྡི་གྷར་དུ་གནས་བཞུགས་གནང་མཁན་དྭང་བླངས་སྤྱི་ཚོགས་ཞབས་ཞུ་བ་ཚེ་རིང་སྒྲོལ་དཀར་ལགས་སུ་ Vocational Excellence Award ཞེས་སྤྱི་ཚོགས་ཞབས་ཞུའི་ལས་རིགས་ཐོག་ཁྱད་དུ་འཕགས་པའི་གཟེངས་རྟགས་ཤིག་ཕུལ་གནང་འདུག

Tsering Dolkar

དེ་ཡང་ཟླ་འདིའི་ཚེས་ ༢༣ སྟེ་རྒྱལ་སྤྱིའི་སྤྱི་ཚོགས་ཞབས་ཞུའི་ཉིན་མོ་ World Rotary Day ཡི་དུས་དྲན་ཉིན་རྒྱལ་སྤྱིའི་རོ་ཊ་རི་སྤྱི་ཚོགས་ཞབས་ཞུའི་ཚོགས་པའི་ཡན་ལག་ Rotary Chandigarh Shivalik ངོས་ནས་ཚོགས་པའི་ཚོགས་མི་ཟུར་པ་ཚེ་འདས་ Manoj Aggarwal གྱི་རྗེས་དྲན་དང་བསྟུན། ཚེ་རིང་སྒྲོལ་དཀར་ལགས་ཀྱིས་ལོ་མང་རིང་འཕྲལ་སེལ་གྱི་དཀའ་སྡུག་ལ་མི་འཛེམས་པར་རང་ལས་གཞན་གཅེས་ཀྱིས་དྭང་བླངས་སྤྱི་ཚོགས་ཞབས་ཞུའི་ལས་དོན་མང་དག་ཅིག་བསྒྲུབས་གནང་ཡོད་པ་དེར་ཆེ་བསྟོད་དང་སྦྲགས། ཁོང་གིས་བཟང་སྤྱོད་དང་ཆེད་ལས་པའི་ཁྱད་ཆོས་ལྡན་པའི་སྒོ་ནས་འགྲོ་བ་མིར་ཞབས་འདེགས་བསྒྲུབས་ཡོད་པས་རྒྱུ་མཚན་གྱིས་ Vocational Excellence Award གཟེངས་རྟགས་དེ་ཉིད་འབུལ་བཞེས་གནང་འདུག

Tsering Dolkar

འདི་ག་རླུང་འཕྲིན་ཁང་ནས་ཚེ་རིང་སྒྲོལ་དཀར་ལགས་སུ་ཆེས་བསྟོད་ཀྱི་གཟེངས་རྟགས་དེ་ཉིད་ཕུལ་བ་དང་འབྲེལ་བཀའ་འདྲི་ཞུས་པར་ཁོང་གིས་ Rotary Chandigarh Shivalik ཚོགས་པས་ནམ་རྒྱུན་ནས་ཅན་རྡི་གྷར་ས་ཁུལ་ནང་སྤྱི་ཚོགས་ཞབས་ཞུའི་ཕྱག་ལས་མང་དག་ཅིག་གནང་གི་ཡོད་པར། ཐེངས་འདིའི་གཟེངས་རྟགས་ཁོངས་སུ་མི་གྲངས་ ༤ འདེམས་ཐོན་བྱུང་ཡོད་པ་ལས་ཁོང་ལ་ཆེས་བསྟོད་ཀྱི་གཟེངས་རྟགས་དེ་ཉིད་ཐོབ་ཡོད་པ་དང་།  ངེད་ཅག་བོད་མི་ཚོ་འདིར་བཙན་བྱོལ་དུ་གནས་ཡོད་པར། དེའི་འགན་འཛིན་གྱིས་དུས་རྒྱུན་ནས་ཁོང་གི་སྤྱི་ཚོགས་ཞབས་ཞུའི་ཕྱག་ལས་སྐོར་ཤེས་ཀྱི་ཡོད་པས་མི་རིགས་དབྱེ་འབྱེད་གང་ཡང་མེད་པའི་ཐོག་སྙིང་ཉེ་བོས་གཟེངས་རྟགས་དེ་ཉིད་སྐྱབས་བཅོལ་བ་ཞིག་ལ་གནང་བར་དམིགས་བསལ་གྱི་དགའ་ཚོར་ཆེན་པོ་བྱུང་ཞེས་དང་། ལྷག་པར་དུ་སྤྱི་ལོ་ ༢༠༡༩ ལོར་ཁོང་ལ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་ནས་གཟེངས་རྟགས་ཐོབ་པ་དེ་འདོད་བློ་ཁེངས་ཤོས་བྱུང་ཞེས་གསུངས་གནང་སོང་།

Tsering Dolkar

དེ་བཞིན་ཚེ་རིང་སྒྲོལ་དཀར་ལགས་སྤྱི་ཆོགས་ཞབས་ཞུའི་ཕྱག་ལས་དེ་སྔ་འགོ་བཙུགས་པའི་སྐབས་ལོ་རེར་ནད་པ་གྲངས་༣༠༠ནས་༤༠༠བར་ཡོང་གི་ཡོད་པ་དང་། དེ་ནས་རིམ་གྱིས་ནད་པ་ཇེ་མང་དུ་ཕྱིན་ཡོད་པར་ཁ་སང་ལྟ་བུ་མཚོན་ན་ནད་པ་གྲངས་༧་དང་དེ་རིང་ནད་པ་༦ལ་ལྟ་སྐྱོང་བྱེད་བཞིན་ཡོད་པར་འགྲེལ་བརྗོད་གནང་བ་དང་སྦྲགས། ཁོང་གིས་སྤྱིར་བཏང་གཟེངས་རྟགས་ཐོབ་མིན་ལ་མ་ལྟོས་པར་སོ་སོའི་ངོས་ནས་ད་བར་གང་ཤེས་པ་དང་ཉམས་མྱོང་གང་བྱུང་བ་དེ་དག་ལས་སྤྱི་ཚོགས་ཞབས་ཞུ་གང་ཐུབ་མུ་མཐུད་ནས་བྱ་རྒྱུ་ཡིན་པ་གསུངས་ཀྱི་འདུག

འབྲེལ་ཡོད་གསར་གནས།

གསར་གནས།