Tibetan Royal Year of 2151 | Year of the Wood Dragon

ཧོན་སུར་དང་མོན་གྷོ་རུ་ཁག་གཉིས་དབར་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་རྐང་སྤོལ་རྩེད་འགྲན་མཐའ་མའི་འགྲན་བསྡུར་གནང་བཞིན་པ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

ཉེ་ཆར་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་སྟོན་སྲུང་བརྩི་ལེགས་སྒྲུབ་ཀྱིས་ཁུལ་དེར་ལྷོ་ཕྱོགས་ཁུལ་གྱི་ཕྱི་ལོ་ ༢༠༢༤ ལོའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་གནང་བཞིན་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༡ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༥།༣༠ ཐོག་ཧོན་སུར་རབ་རྒྱས་གླིང་རྐང་སྤོལ་རུ་ཁག་དང་ མོན་གྷོ་འདོད་རྒུ་གླིང་རུ་ཁག་གཉིས་དབར་རྩེད་འགྲན་མཐའ་མའི་འགྲན་བསྡུར་གནང་གི་ཡོད་པ་རེད།

དེ་ཡང་ཀོ་ལི་གྷལ་དོན་ལྡན་གླིང་ན་གཞོན་རྩེད་རིགས་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་རྒྱ་གར་ལྷོ་ཕྱོགས་ཁུལ་ཡོངས་ཀྱི་བོད་ཀྱི་རྐང་སྤོལ་རུ་ཁག་དབར་གྱི་འགྲན་བསྡུར་སྐབས་གསུམ་པ་དེ་ཕྱི་ཟླ་ ༢ པའི་ཚེས་ ༢༠ ནས་དབུ་འཛུགས་ཀྱིས་རུ་ཁག་བརྒྱད་དབར་ཀོ་ལེ་གྷལ་དོན་ལྡན་གླིང་གི་རྩེད་ཐང་དུ་རྩེད་འགྲན་གནང་བཞིན་ཡོད་པ་དང་། ལྷག་པར་འདི་ལོར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཁག་གི་ས་གནས་འགོ་འཛིན་དང་རྩེད་མོ་ཚོགས་པའི་མཛད་གཙོ་རྣམ་པ་ལྷན་འཛོམས་ཀྱིས་ལྷོ་ཕྱོགས་བོད་མིའི་རྐང་སྤོལ་འགྲན་བསྡུར་གྱི་མིང་དེ་ཉིད་བརྗེ་ནས་ཀར་ན་ཌ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནི་ཇ་ལིངྒཔ་ CM Nijalingappa དམ་པ་དེ་ཉིད་ཀྱི་བཀའ་དྲིན་རྗེས་དྲན་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཞེས་མིང་བཏགས་ཡོད་འདུག

རླུང་འཕྲིན་ཁང་གིས་ཐེངས་འདིའི་རྐང་སྤོལ་རྩེད་འགྲན་མཇུག་སྒྲིལ་ལ་ཉེ་བའི་མཚམས་འདིར་ཀོ་ལེ་གྷལ་དོན་ལྡན་གླིང་ན་གཞོན་རྩེད་རིགས་མཐུན་ཚོགས་ཀྱིས་ཚོགས་གཙོ་བསོད་ནམས་རིན་ཆེན་ལགས་སུ་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་རྐང་སྤོལ་རྩེད་འགྲན་གྱི་བྱུང་རིམ་དང་། མིང་བསྒྱུར་བ་གཏོང་དགོས་དོན་སོགས་ཀྱི་སྐོར་བཅར་འདྲི་ཞུས་ཡོད།སྒྲ།།།།

དེ་བཞིན་མོན་གྷོ་འདོད་རྒུ་གླིང་རུ་ཁག་གི་རུ་དཔོན་ངག་དབང་བདེ་ཆེན་ལགས་ཀྱིས་ད་རེས་ཁོང་རྣམ་པ་རྩེད་འགྲན་མཐའ་མའི་ནང་སླེབས་ཡོད་པ་འདི་ནི་རྩེད་འགྲན་པ་རྣམ་པས་འབད་བརྩོན་དང་དཀའ་ལས་རྒྱག་པའི་མཇུག་འབྲས་ཤིག་ཡིན་པ་དང་། འདོད་རྒུ་གླིང་རུ་ཁག་དེ་བཞིན་ཕྱེད་མཐའ་མའི་འགྲན་བསྡུར་ནང་ཐེངས་གཉིས་ཙམ་སླབེས་ཡོད་སྟབས་དེ་རིང་གྱི་རྩེད་འགྲན་ཁྲོད་རུ་ཁག་གཞན་དང་མི་འདྲ་བའི་རྒྱལ་ཁ་བླངས་རྒྱུའི་འགན་འཕར་མ་ཞིག་ཡོད་པར་བརྟེན། རྩེད་འགྲན་པ་རྣམ་པའི་གང་ཡོད་གནང་གི་ཡིན་ཞེས་གསུངས་སོང་།

མ་ཟད་ཧོན་སུར་རབ་རྒྱས་གླིང་རྐང་སྤོལ་རུ་ཁག་གི་རུ་དཔོན་ཟླ་བ་བཀྲ་ཤིས་ལགས་ཀྱིས་རྩེད་འགྲན་ཁྲོད་རུ་ཁག་གཅིག་རྒྱལ་བ་དང་གཞན་དེ་ཕམ་རྒྱུ་ནི་ཆོས་ཉིད་ལས་མ་འདས་སྟབས།དེ་རིང་ཁོང་རྣམ་པའི་ འབད་བརྩོ་གང་ཐུབ་གནང་རྒྱུ་ཡིན་པ་གསུངས་སོང་།

དེ་རིང་རྩེད་འགྲན་མཐའ་མའི་འགྲན་བསྡུར་ཁྲོད་ཨང་དང་པོ་སོན་མཁན་གྱི་རུ་ཁག་ལ་གཟེངས་ཐོན་གྱི་ཕོར་པ་དང་ཧིན་སྒོར་འབུམ་གཅིག ཨང་གཉིས་པ་སོན་མཁན་གྱི་རུ་ཁག་ལ་ལེགས་གསོའི་ཕོར་པ་དང་ཧིན་སྒོར་ཁྲི་ལྔ། དེ་བཞིན་ཨང་གསུམ་སོན་མཁན་གྱི་རུ་ཁག་ལ་ཧིན་སྒོར་སྟོང་ཕྲག་ཉི་ཤུ་རྩ་ལྔ་བཅས་ཀྱི་བྱ་དགའ་གནང་གི་ཡོད་པ་རེད།

གཞི་རྩའི་ཐེངས་འདིའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་ནང་རྩེད་འགྲན་ནང་སྦེལ་ཀོབ་གྷོ་ལ་ཐ་ལའི་རུ་ཁག་དང་། ཧོན་སུར་རབ་རྒྱས་གླིང་རུ་ཁག ཀོ་ལེ་གྷལ་དོན་ལྡན་གླིང་རུ་ཁག སྦེལ་ཀོབ་བདེ་སྐྱིད་སླར་གསོའི་རུ་ཁག དེ་བཞིན་མོན་གྷོ་འདོད་རྒུ་གླིང་རུ་ཁག གྷོ་ཝ་རུ་བཅས་ཁྱོན་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་གཞིས་ཁག་ལྔ་དང་གྷོ་ཝ་བཅས་ཀྱི་རྐང་སྤོར་རུ་ཁག་བརྒྱད་ནས་མཉམ་ཞུགས་གནང་ཡོད།

པར་དབང་། Paljor design

འབྲེལ་ཡོད་གསར་གནས།

གསར་གནས།