Tibetan Royal Year of 2151 | Year of the Wood Dragon

སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་སུ་སྙོན་འཛུགས་དེ་གཞི་མེད་ཡིན་པ་གསུངས་འདུག

Tibetan News Headlines

  • Dalai Lama gives audience to Himalayan Buddhists from Rolwa Ling
  • One household and One file: Surveillance ramped up after anti-dam protests
  • GCM Gold Cup Final and Green Book debacle
  • Taiwan’s parliament passes bill pushing pro-China changes
  • East Turkistan government in exile calls on US to pass Uyghur Policy Act
  • Any attempt to intimidate individuals or communities in the UK will not be tolerated: UK to China

རེས་གཟའ་ལྷག་པ། ༢༠༢༤།༠༥།༢༩

  • ༸གོང་ས་མཆོག་གིས་བལ་ཡུལ་རོལ་བ་གླིང་ཁུལ་གྱི་བོད་རིགས་ཁག་གཅིག་ལ་མཇལ་ཁ་སྩལ་བ།
  • རྒྱ་གཞུང་གིས་སྤྱི་ཚོགས་དབང་སྒྱུར་ཇེ་ཤུགས་ཆེ་རུ་གཏོང་ཐབས་སུ་ཁྱིམ་ཚང་གཅིག་དང་ཡིག་ཆ་གཅིག་ཅེས་པའི་སྲིད་བྱུས་ལག་བསྟར།
  • ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་དང་དཔྱ་ཁྲལ་ལག་དེབ་ཀྱི་དཀའ་རྙོག
  • ཐེ་ཝན་གྲོས་ཚོགས་སུ་ཁྲིམས་གཞི་གསར་པ་གཏན་འབེབས།
  • ཨ་རིར་ཡུ་གུར་ཁྲིམས་འཆར་གཏན་འབེབས་དགོས་པའི་ཞུ་སྐུལ།
  • དབྱིན་ཡུལ་ནང་གི་མི་སེར་ལ་རྒྱ་ནག་གིས་སུན་གཙེར་བྱས་པ་དེར་བཟོད་སྲན་རྩ་བ་ནས་བྱ་རྒྱུ་མིན་གསུངས་འདུག

དེ་རིང་བཞུགས་སྒར་དུ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པ་འཕྲོ་སྐྱོང་དང་འབྲེལ། ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དེ་སྔའི་གྲོས་ཚོགས་ནང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་སུ་རྒྱའི་སོ་ཉུལ་དང་འབྲེལ་བའི་ཉེས་འཛུགས་བྱུང་བ་དེ་གཞི་མེད་ཡིན་པ་མངོན་གསལ་གནང་སོང་།

དེ་ཡང་དེ་རིང་གྲོས་ཚོགས་ཚོགས་དུས་ ༦ ལས་དོན་འཕྲོ་སྐྱོང་ཀྱི་ཉིན་དང་པོའི་ཐོག་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ལས་རིམ་དང་འབྲེལ་བའི་གསུང་བཤད་ཁྲོད་དེ་སྔའི་གྲོས་ཚོགས་སུ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་རྒྱ་མིའི་སོ་ཉུལ་དང་ཐུག་འཕྲད་བྱས་པའི་སྐྱོན་འཛུགས་ཐད་བདེ་སྲུང་ལས་ཁུངས་ཀྱིས་བརྩད་ཞིབ་མཐིལ་ཕྱིན་གནང་བའི་སྙན་མཐོ་སྙན་སྒྲོན་དང་འབྲེལ། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་རྒྱ་མིའི་གཞུང་ཚབ་ཁང་གི་ལས་བྱེད་དང་ཐུག་འཕྲད་བྱས་པའི་དཔང་རྟགས་མེད་པར་བརྟེན། ཁོང་གི་ཐོག་ལ་བཙུགས་པའི་སྙོན་འཛུགས་དེ་གཞི་མེད་ཡིན་པ་གསལ་བསྒྲགས་ཀྱིས། དེ་རིང་ནས་གནད་དོན་འདི་མཇུག་བསྡུས་ཟིན་པ་དང་གྲོས་ཚོགས་ཀྱི་ཡིག་ཆ་ནས་ཀྱང་ཕྱིར་འཐེན་གནང་རྒྱུ་ཡིན་པ་གསུངས་སོང་།

རྩ་བའི་འདས་ལོའི་ཕྱི་ཟླ་ ༩ པའི་ནང་ཚོགས་པའི་གྲོས་ཚོགས་ཚོགས་དུས་ ༦ པའི་ལས་ཉིན་དང་པོའི་ཐོག་ལས་རིམ་རྣམ་བཞག་གི་ལས་རིམ་ཁྲོད། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ནས་རྒྱ་གར་བྱང་ཤར་ཤི་ལི་གུ་རིའི་ནང་རྒྱ་མིའི་གསོ་མྱུལ་དང་ཐུག་འཕྲད་བྱས་པའི་སྐྱོན་འཛུགས་བྱས་རྐྱེན་གྲོས་ཚོགས་ནང་དེའི་ཐོག་བགྲོ་གླེང་ཤུགས་ཆེ་བྱུང་བ་མ་ཟད། དེ་ཚེས་ ༢༢ ཉིན་གྲོས་ཚོགས་ཀྱི་ལས་ཉིན་བཞི་པའི་སྐབས། སྤྱི་འཐུས་ ༢༣ མ་གཏོགས་གྲོས་ཚོགས་ནང་མ་ཕེབས་སྟབས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་ལྟར་གྲོས་ཚོགས་ཀྱི་ངོ་ཡོད་རྩ་འབོར་གྱི་གསུམ་ཆ་གཉིས་མ་ཚང་པར་རིམ་པས་གྲོས་ཚོགས་ཕྱིར་འགྱངས་གནང་དགོས་བྱུང་ཡོད། དེ་རྗེས་ཚོགས་དྲུང་ལས་ཁུངས་ནས་ཚོགས་དུས་དྲུག་པའི་འཕྲོ་སྐྱོང་སྔ་ལོའི་ཕྱི་ཟླ་ ༡༢ ནང་བསྐྱང་རྒྱུའི་གསལ་བསྒྲགས་གནང་ཡོད་ཀྱང་། སྤྱི་འཐུས་ ༡༦ ནས་གྲོས་ཚོགས་ཚོགས་བཅར་ཐུབ་མིན་ཡིག་ཐོག་དགོངས་ཞུ་ཕུལ་ཡོད་སྟབས། སླར་ཡང་གྲོས་ཚོགས་འཕར་འགྱངས་ཀྱིས་དེ་རིང་སྟེ་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༣ ནས་ ༡༦ བར་ལས་ཉིན་ ༤ རིང་ཚོགས་དུས་དྲུག་པའི་ལས་དོན་མཇུག་སྐྱོང་གནང་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་རེད།

སྤྱིར་གྲོས་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ལ་སྤྱི་འཐུས་དགེ་ཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱི་གནད་དོན་དེ་ཁ་གསལ་བཟོ་དགོས་པའི་ལམ་སྟོན་ཕེབས་པ་ལྟར། བདེ་སྲུང་ལས་ཁུངས་ནས་སྔ་ལོའི་ཕྱི་ཟླ་ ༡༡ ཚེས ༦ ཉིན་སྙན་ཐོ་ཕུལ་བའི་ནང་། སྤྱི་འཐུས་སྨོན་ལམ་མཐར་ཕྱིན་དང་རྒྱ་ནག་གཞུང་ཚབ་ལས་བྱེད་ཁྲེན་ཧྲུའུ་མི་གཉིས་སི་ལི་གུ་རིར་ཐུག་འཕྲད་བྱུང་ཡོད་མེད་སྐོར་གནས་ཚུལ་ཡོང་ཁུངས་དང་། འབྲེལ་ཡོད་ཁག་བརྒྱུད་བརྩད་ཞིབ་མཐིལ་ཕྱིན་ཞུ་འབྲས་ཀྱི་དོན་ཚན་གསུམ་འཁོད་འདུག དེའི་ནང་རྒྱ་ནག་གཞུང་ཚབ་ལས་བྱེད་དེ་བཞིན་ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༦ གི་ཉིན་དགུང་སི་ལི་གུ་རིར་ Mayfair Tea Resort ཞེས་པའི་མགྲོན་ཁང་དེར་འབྱོར་ནས་ཞགས་སྡོད་བྱས་པ་དང་། གོང་ཚེས་ཀྱི་དུས་ཚོད་དེ་རང་ལ་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་དང་། རོགས་པ་གཅིག་བཅས་མགྲོན་ཁང་དེ་རང་ལ་ཕེབས་ཡོད་ཀྱང་། མགྲོན་ཁང་དེའི་ནང་དོ་བདག་གཉིས་ཐུག་འཕྲད་བྱས་ཡོད་པའི་དངོས་དཔང་ར་འཕྲོད་པ་ཐུབ་པ་མི་འདུག་པ་བཅས་འཁོད་འདུག

སྤྱི་འཐུས་ཚོགས་གཙོ་མཆོག་གིས་དེ་རིང་ནས་བཟུང་གནད་དོན་དེ་གཙང་མ་ཆགས་ཟིན་པ་དང་འབྲེལ། དེའི་ཐོག་བགྲོ་གླེང་འཕར་མ་དགོས་གལ་མེད་པ་དང་། དེ་སྔའི་གྲོས་ཚོགས་སུ་སྤྱི་འཐུས་དོ་བདག་གཉིས་དབར་ཚིག་རྩུབ་དང་། ཟུར་ཟ། དམའ་འབེབས། སྐྱོན་འཛུགས་བྱས་པ་རྣམས་གྲོས་ཚོགས་ཀྱི་དེབ་ཐེར་ནས་ཕྱིན་འཐེན་ཞུ་རྒྱུ་ཐག་གཅོད་གནང་ཡོད་པ་མ་ཟད། གནད་དོན་དེ་ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་ཡིན་ཞེས་གསུངས་ཏེ། འཛིན་སྐྱོང་བཀའ་ཤག་བརྒྱུད་བདེ་སྲུང་ལས་ཁུངས་ནས་གནད་དོན་དེ་གཙང་སེལ་བཟོ་ཐུབ་པར་བོད་མིའི་སྒྲིག་འཛུགས་དང་། སྤྱི་འཐུས་ལྷན་ཚོགས། སྤྱི་འཐུས་སྒེར། རྩ་དོན་འཐབ་རྩོད་བཅས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པར་བསྔགས་བརྗོད་གནང་བའི་ཐོག་མ་འོངས་པར་གནད་དོན་དེ་རིགས་མི་ཡོང་བའི་དགོངས་པ་བཞེས་དགོས་པའི་ལམ་སྟོན་གནང་སོང་།

གཞི་རྩའི་དེ་རིང་ཚོགས་གཙོའི་གསུང་བཤད་གྲུབ་མཚམས་བོད་མི་མང་སྤྱི་ཟུར་དམ་པ་གྲའུ་དཔོན་རིན་ཆེན་ཚེ་རིང་མཆོག་དང་། སྤྱི་འཐུས་ཚོགས་གཞོན་ཟུར་པ་དམ་པ་གྲ་ཕྱི་ཕུན་རབ་བློ་བཟང་དར་རྒྱས་མཆོག དེ་བཞིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཡུན་རིང་བོད་དོན་རྒྱབ་སྐྱོར་བ་དམ་པ་ལྕམ་སྐུ་ཌཡེ་ནེ་ཕ་ཧེན་སི་ཊིན་ Dianne Feinstein མཆོག་བཅས་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ལ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་སྤྱི་མོས་ཀྱིས་གཏན་འབེབས་གནང་བ་དང་། དེ་རྗེས་ལས་རིམ་བཞིན་ནང་སྲིད་ལས་ཁུངས་ཀྱི་ལས་ཁུངས་མ་ལགས་དང་བཅས་པའི་ཕྱི་ལོ་ ༢༠༢༢-༢༣ ལོའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་བགྲོ་གླེང་ཐོག་ཕེབས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།