Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གི་༸སྐུ་ཕྱྭ་དང་འབྲེལ་ནས་ལྷོད་གཡེང་རྩ་བ་ནས་བྱེད་རྒྱུ་མིན།

Tibetan News Headlines

  • Dalai Lama extends Saka Dawa greetings, calls for for meaningful, compassionate lives
  • Tibetans and supporters protest against Xi Jinping in Budapest
  • Geshe Lobsang Tenzin Negi is honored with the Jefferson award for his efforts in uniting two distinct traditions
  • Zeekgyab rinpoche appeals to Japanese parliamentarians
  • Derge printing house inscribed on UNESCO memory of the world regional register
  • Health and Wellness : Managing extreme heat to protect your health and safety

རེས་གཟའ་ཕུར་བུ། ༢༠༢༤།༠༥། ༠༩

  • ༸གོང་ས་མཆོག་གིས་ས་ག་ཟླ་བ་དང་བསྟུན་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་དགོས་པ་བཀའ་སྩལ་བ།
  • Hungary ནང་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག
  • དགེ་བཤེས་བློ་བཟང་བསྟན་འཛིན་ལགས་སུ་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ Jefferson གཟེངས་རྟགས་ཕུལ་འདུག
  • ཉི་འོང་གྲོས་ཚོགས་འཐུས་མི་རྣམས་ལ་པཎ་ཆེན་རིན་པོ་ཆེའི་གནད་དོན་དང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞུ་འབོད།
  • སྡེ་དགེ་པར་ཁང་འཛམ་གླིང་དྲན་ཤེས་རྣམ་གྲངས་ཀྱི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་མིང་ཐོར་ཚུད་འདུག
  • འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད། ཚ་དྲོད་འཕེལ་སྐབས་འཕྲོད་བསྟེན་བདག་གཅེས་གནང་སྟངས་སྐོར།

ཉེ་ལམ་རྒྱ་གར་གྱི་ཁྲལ་བསྡུ་ལས་ཁུངས་ཀྱིས་རྒྱ་གར་གྱི་ནང་དུ་དངུལ་ཚོང་གཉེར་ཞོར་དུ་༸གོང་ས་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་གསང་གནས་འཚོལ་བསྡུ་བྱེད་མཁན་རྒྱ་ནག་གི་གསང་མྱུལ་བ་ཅིག་འཛིན་བཟུང་བྱས་པ་དང་འབྲེལ། ༸རྒྱལ་བའི་༸སྐུ་ཕྱྭའི་གནད་དོན་སྐོར་ལ་བློ་འཚབ་ཆེན་པོ་གནང་བཞིན་པའི་ཁྲོད་འདིར་ཧི་མཱ་ཅལ་མངའ་སྡེ་བློན་ཆེན་སྐུ་ཞབས་ཇེརཱམ་ཋཱཀུར་མཆོག་གིས་གསར་ལམ་ཁག་ཏུ་༸གོང་ས་མཆོག་གི་༸སྐུ་ཕྱྭའི་གནད་དོན་ལ་སྔོན་ནས་ལྟ་སྲུང་ནན་པོ་གནང་གི་ཡོད་པ་མ་ཟད་ད་དུང་ལྟ་སྲུང་གི་གཞོགས་འདེགས་རྒྱ་བསྐྱེད་གང་ཐུབ་གནང་རྒྱུ་ཡིན་པར་གསུངས་འདུག

སྐུ་ཞབས་ Jai Ram Thakur མཆོག་གིས་ཁ་སང་གསར་འགོད་པའི་བཅར་འདྲིར་ལན་འདེབས་གནང་སྐབས་མངའ་སྡེ་གཞུང་གིས་༸གོང་ས་མཆོག་གི་༸སྐུ་ཕྱྭ་དང་འབྲེལ་ནས་ལྷོད་གཡེང་དང་གུ་ཡངས་རྩ་བ་ཉིད་ནས་གནང་རྒྱུ་མིན་པར་ཡོངས་གྲགས་ཀྱིས་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་བདེ་འཇགས་ནི་མངའ་སྡེ་གཞུང་གི་གནད་དོན་གལ་ཆེན་ཞིག་ཡིན་པར་དྲན་གསོ་གནང་སྟེ་རྣམ་ཀུན་ནས་༸གོང་ས་མཆོག་གི་༸སྐུ་ཕྱྭའི་གནད་དོན་དང་འབྲེལ་བའི་དགོས་ངེས་ཀྱི་ཉེན་སྲུང་ཕྱག་བསྟར་གནང་མུས་ཡིན་པ་དང་། རྒྱ་གར་དབུས་གཞུང་གིས་ལམ་སྟོན་གང་གནང་བ་དག་ཀྱང་དོ་གལ་ཆེན་པོས་ཕྱག་བསྟར་རྒྱུན་འཁྱོངས་གནང་རྒྱུ་ཡིན་པར་བསྒྲགས་འདུག

ཁོང་གིས་ད་དུང་ཉེ་ཆར་བཞུགས་སྒར་དྷ་རྨ་ས་ལ་ནས་རྒྱ་ནག་གི་མི་སེར་ཞིག་འཛིན་བཟུང་བྱས་ཡོད་ལུགས་ལུང་འདྲེན་གྱིས་ད་ལྟའི་ཆར་འཛིན་བཟུང་བྱས་པའི་རྒྱ་རིགས་དེའི་བྱེད་ལས་ཀྱི་ཐད་ནས་རྨང་གཞིའི་གནས་ཚུལ་ཁག་ཅིག་ལས་རྒྱུས་ལོན་གནང་ཐུབ་མེད་ཀྱང་། མངའ་སྡེ་གཞུང་གིས་གནད་དོན་དེ་དང་འབྲེལ་ནས་༸གོང་ས་མཆོག་གི་༸སྐུ་ཕྱྭའི་བདེ་འཇགས་ལ་ལྟ་རྟོག་བྱེད་ཤུགས་ཆེ་རུ་བཏང་ཡོད་སྐོར་ངོ་སྤྲོད་དང་སྦྲགས། གནས་སྐབས་སུ་ལྡི་ལིར་འཛིན་བཟུང་བྱས་པའི་རྒྱ་ནག་གི་གསང་མྱུལ་བ་དེ་དང་དྷ་སར་འཛིན་བཟུང་བྱས་པའི་རྒྱ་མི་དེ་གཉིས་དབར་ལ་འབྲེལ་བ་ཡོད་མེད་ཤེས་རྟོགས་གསལ་པོ་ཐུབ་མེད་ཀྱང་། དུས་ཚོད་རིང་པོ་མི་འགྱངས་པར་ཞིབ་འཇུག་གནང་རྒྱུ་ཡིན་པར་ཡོངས་གྲགས་གནང་ཡོད།

དེ་བཞིན་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལ་ཁུལ་གྱི་དམག་དཔོན་ཞིག་གིས་ཉེ་ལམ་ལྡི་ལི་ནས་འཛིན་བཟུང་བྱས་པའི་རྒྱ་རིགས་གསང་ཉུལ་བ་དེ་ལྡི་ལི་བོད་སྒར་བསམ་ཡས་གླིང་གི་བོད་མི་ཁག་ཅིག་དང་འབྲེལ་བ་བྱུང་ཡོད་པར་བརྟེན་ཀངྒ་རཱ་ཁུལ་གྱི་ཉེན་རྟོག་པར་༸གོང་ས་མཆོག་གི་༸སྐུ་ཕྱྭ་དང་འབྲེལ་ནས་དམིགས་བསལ་གྱི་ཐུགས་འགན་བཞེས་རྒྱུར་སྐུལ་མ་གནང་ཡོད་པར་མངོན་གསལ་གྱིས་འཛིན་བཟུང་བྱས་པའི་གསང་ཉུལ་བ་དེར་ད་སྐབས་ཞིབ་འཇུག་གནང་གི་ཡོད་ལུགས་འཁོད་འདུག

རྩ་བའི་ལྡི་ལི་ནས་རྒྱ་ནག་གི་གསང་མྱུལ་བ་འཛིན་བཟུང་བྱས་པའི་གནད་དོན་དང་འབྲེལ་ནས་ཧི་མཱ་ཅལ་མངའ་སྡེ་གཞུང་གི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ Shanta Kumar མཆོག་གིས་༸གོང་ས་མཆོག་ནི་བོད་ཁོ་ནའི་ཆོས་ལུགས་ཀྱི་དབུ་ཁྲིད་ཙམ་མིན་པར་རྒྱལ་སྤྱིའི་ཁྲོད་ནས་གུས་བརྩི་ཆེ་ཤོས་ཞུ་ཡུལ་གྱི་འཛམ་གླིང་ཞི་བདེའི་གཟེགས་རྟགས་བཞེས་མྱོང་མཁན་གྱི་ཆོས་ལུགས་དབུ་ཁྲིད་ཅིག་ཡིན་པར་བརྟེན་མངའ་སྡེ་གཞུང་གི་ལས་ཐོག་སྤྱི་ཁྱབ་བློན་ཆེན་མཆོག་གིས་མགོན་པོ་༸གང་ཉིད་མཆོག་གི་༸སྐུ་ཕྱྭའི་གནད་དོན་དེ་རྒྱ་གར་དབུས་གཞུང་དང་མཉམ་འབྲེལ་གྱིས་ལྟ་སྲུང་ནན་པོ་གནང་དགོས་པའི་ལམ་སྟོན་གནང་ཡོད་པ་རེད།

གནས་ཚུལ་དེ་དང་འབྲེལ་ཏེ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཀྱང་རྒྱ་ནག་གི་གསང་མྱུལ་གྱི་ལས་ལ་ཞུགས་པ་ནི་བཀྲ་མི་ཤིེས་པ་ཞིག་ཡིན་ཀྱང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཞན་ན་གནོད་པའི་བྱ་བ་ཞིག་རྩོམ་མི་སྲིད་པ་ནི་འཛམ་གླིང་ཀུན་གྱིས་ཤེས་གསལ་ཡིན་པར་ཡོངས་གྲགས་གནང་སྟེ་གཞི་རྩའི་རྒྱ་གར་དབུས་གཞུང་གིས་མགོན་པོ་༸གང་ཉིད་མཆོག་གི་༸སྐུ་ཕྱྭར་ལྟ་སྲུང་གནང་བཞིན་པར་བློ་ཚིམས་ནས་བཞུགས་ཡོད་ཀྱང་། ད་དུང་མུ་མཐུད་ནས་ལྟ་སྲུང་རྒྱུན་སྐྱོང་གནང་དགོས་གལ་ཡིན་པར་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།