གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཆེས་ཐོག་མ་མཇུག་སྒྲིལ།

Tibetan News Headlines

  • Sikyong Penpa Tsering Expresses Disappointment Over Trump’s Silence on Human Rights in Dealings with China
  • China’s Overseas Surveillance Network Targets Tibetan Activists and Exile Administration, Rights Group Reports
  • Tibetan Advocates from 20 Countries Gather in Barcelona to Strengthen Global Campaign for Tibet
  • 7th Prof. Dawa Norbu Memorial Symposium Held in New Delhi
  • Xi Jinping Describes Taiwan’s Reunification as an ‘Unwavering Historical Mission’ of the Chinese Communist Party
  • Education Kalon Urges Tibetan Children in Exile to Preserve Their Identity and Uphold Tibetan Values in Children’s Day Speech
  • Health and Wellness: World Diabetes Day- Prevention and Treatment of Diabetes

ཪེས་གཟའ་པ་སངས། ༢༠༢༦།༡༡།༡༣

  • ཨ་རྒྱ་གཉིས་ཀྱི་གྲོས་མོལ་ཐོག་བོད་ཀྱི་གནད་དོན་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་མེད་པའི་སེམས་འཚབ་ཀྱི་རྣམ་པ་མངོན་གསལ།
  • སྙན་ཐོ་གསར་པ་ཞིག་གི་ནང་རྒྱ་ནག་གིས་བཙན་བྱོལ་བོད་མི་རྣམས་ལ་ལྟ་སྲུང་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་གསལ་སྟོན།
  • རྒྱལ་ཁབ་ ༢༠ ནས་བོད་དོན་ལས་འགུལ་བ་ལྷན་འཛོམས་ཐོག་བོད་དོན་འཐབ་རྩོད་ཀྱི་འཐབ་ཇུས་གསར་པའི་སྐོར་གྲོས་བསྡུར།
  • རྒྱལ་ས་ལྡི་ལིར་མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་ཉམས་ཞིབ་ཚོགས་འདུ་ཐེངས་ ༧ པ་འཚོགས་པ།
  • ཞི་ཅིན་ཕིང་གིས་ཐེ་ཝན་རྒྱ་ནག་དང་ཟླ་སྒྲིལ་གཏང་རྒྱུ་ནི་རྒྱ་ནག་གི་ལོ་རྒྱུས་ཀྱི་རྒྱབ་རྟེན་ཡོད་པའི་ཕུགས་དམིགས་ཤིག་ཡིན་པར་ལྡོག་ཐབས་མེད་པ་ནན་བརྗོད།
  • བཙན་བྱོལ་བོད་ཕྲུག་རྣམས་ནས་རང་ཉིད་ཀྱི་སྤྱོད་པ་དང་ཤེས་ཡོན་གཉིས་ཀའི་ཐད་ནས་མི་རིགས་དང་སྤྱི་ཚོགས་ལ་ཕན་འདོགས་ཐུབ་མཁན་ཞིག་བྱེད་དགོས་པ་གསུངས་འདུག
  • གཅིན་སྙི་ནད་གཞི་ཉིན་མོ། གཅིན་སྙི་ནད་གཞིའི་སྔོན་འགོག་དང་བཅོས་ཐབས།

བཀའ་ཤག་སྐབས་ ༡༦ པས་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༡༣ ཉིན་དེ་སྔ་ཡོད་བཞིན་པའི་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་ཕྱིར་བསྡུ་དང་སྦྲགས་གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་ཞིག་ཆེད་བཙུགས་གནང་སྟེ། ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་ ༡༦ ཉིན་ནས་ཁ་སང་ཕྱི་ཚེས་ ༡༨ ཉིན་གྲངས་གསུམ་གྱི་རིང་ལ་ལྷན་ཚོགས་ཀྱི་ཚོགས་འདུ་ཆེས་ཐོག་མ་དེ་ཚོགས་ཡོད།ཁ་སང་ལྷན་ཚོགས་མཇུག་སྒྲིལ་དང་བསྟུན་རླུང་འཕྲིན་ཁང་གིས་ཚོགས་ཆུང་གི་ཚོགས་མི་ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་སུ་ཉིན་གྲངས་གསུམ་རིང་གི་ཚོགས་དུས་སྐབས་གནད་དོན་གཙོ་བོ་གང་དག་ཐོག་བཀའ་བསྡུར་གནང་ཡོད་མེད་སོགས་ཀྱི་ཐད་ལ་བཅར་འདྲི་ཞུས་པར་ཁོང་གིས་ཐེངས་འདིའི་ཚོགས་འདུ་ཐོག་ཐག་གཅོད་ཀྱི་རང་བཞིན་གནད་དོན་གང་ཡང་མེད་ཀྱང་། གཙོ་བོ་གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་མ་འོངས་ཕྱག་ལས་གནང་ཕྱོགས་ཐོག་བཀའ་བསྡུར་ལྷུག་པོ་བྱུང་ཡོད་པ་སོགས་གསུངས་ཡོད། གཞི་རྩའི་གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཚོགས་ཆུང་གི་སློབ་སྟོན་པ་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་དང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་མཆོག ཚོགས་ཆུང་གི་ཚོགས་མི་བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས་དང་ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། བཀའ་ཤག་གི་ཆབ་སྲིད་དྲུང་ཆེ་བཀྲིས་རྒྱ་མཚོ་ལགས། ༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་འབྲེལ་ཡོད་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་བཅས་ལྷན་ཞུགས་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།