Tibetan Royal Year of 2151 | Year of the Wood Dragon

གཞིས་བཞུགས་བོད་མིར་དམིགས་པའི་ངག་མེད་ཀྱི་མགྲིན་ཚབ་ཅེས་པའི་ལས་འགུལ་དབུ་འཛུགས།

Tibetan News Headlines

  • UK’s Ministry of Defence ‘hacked by China’
  • French lawmakers targeted by Chinese cyberattack demand sanctions, amid Xi visit
  • Bharat Tibbat Sahyog Manch celebrates concluding ceremony of its 25th anniversary
  • Tibet house Japan organizes Tibet festival at Tsukiji Hongwanji temple
  • Rights group protests world’s leading press freedom predators visit to France
  • Alalamo: ‘Gyaling Sey’, by Acho Namgyal

རེས་གཟའ་མིག་དམར། ༢༠༢༤།༠༥།༠༧

  • རྒྱ་གཞུང་གིས་ཨིན་ཡུལ་རྒྱལ་སྲུང་ལྷན་ཁང་ལ་སོ་ཉུལ་བྱས་པ་མངོན་གསལ།
  • ཕྷ་རན་སིའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་རྒྱ་ནག་གི་དྲ་ལམ་གཏོར་རྒོལ་བ་རྣམས་ལ་སྲིད་དོན་ཉེས་ཆད་བཀལ་དགོས་པའི་འབོད་སྐུལ།
  • རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་བརྙེས་ནས་ལོ་ ༢༥ འཁོར་བའི་དུས་དྲན་མཇུག་སྒྲིལ་གྱི་མཛད་སྒོ་འཚོགས་པ།
  • ཉི་འོང་ནང་བོད་ཀྱི་དུས་སྟོན་སྲུང་བརྩི།
  • གསར་འགོད་རང་དབང་ལ་དྲག་གནོན་བྱེད་མཁན་ཆེས་སྡུག་ཤོས་རྒྱལ་ཁབ་ཀྱི་འགོ་ཁྲིད་ France ནང་བསླེབས་པར་ངོ་རྒོལ་བྱས་འདུག
  • ཨ་ལ་ལ་མོ་དམིགས་བསལ་ལས་རིམ། སྟོད་གཞས་རྒྱ་གླིང་སྲས།

རྒྱ་ནག་གཞུང་གིས་བཙན་གནོན་འོག་རང་སྲོག་བློས་གཏོང་གནང་མཁན་དང་།  བོད་སྤྱི་པའི་བདེ་རྩའི་སླད་བོད་མི་རྣམས་ཀྱིས་རྒྱ་གཞུང་གི་སྲིད་ཇུས་ལ་འཚེ་མེད་ཞི་བའི་ཐོག་ནས་གདོང་ལེན་བྱས་པའི་བྱ་བ་རྣམས་ལ་རྗེས་སུ་ཡི་རངས་དང་གདུང་སེམས་མཉམ་སྐྱེད་ཀྱི་ངོ་བོ་མཚོན་ཆེད་ཆོལ་གསུམ་བོད་རིགས་ན་གཞོན་བསམ་མཐུན་ཁག་ཅིག་གིས་Voice for Voiceless  འམ་ངག་མེད་ཀྱི་མགྲིན་ཚབ་ཅེས་པའི་ལས་འགུལ་དབུ་འཛུགས་གནང་སོང་། དེ་ཡང་ཆོལ་གསུམ་བོད་རིགས་བསམ་པ་མཐུན་པའི་གཞོན་སྐྱེས་ཁག་ཅིག་གིས་དེ་རིང་དྲ་ལམ་བརྒྱུད་གསར་འགོད་གསལ་བསྒྲགས་གནང་ཏེ།   རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་འཚེ་མེད་ཞི་བའི་སྒོ་ནས་གདོང་ལེན་གནང་མཁན་སྙིང་སྟོབས་ཅན་གྱི་བོད་མི་དག་ལ་བཀའ་དྲིན་རྗེས་དྲན་དང་གདུང་སེམས་མཉམ་སྐྱེད་སླད་གཞིས་བཞུགས་སྤུན་ཟླ་རྣམ་པའི་ཚབ་བྱས་ཏེ་ཁོང་ཚོའི་འབོད་སྒྲ་རྒྱལ་སྤྱིའི་ནང་ལས་འགུལ་གྱི་སྟེང་ནས་གཞན་གྱི་ཤེས་རྟོག་ཡོང་སླད་ངག་མེད་ཀྱི་མགྲིན་ཚབ་ཅེས་པའི་དྲ་རྒྱ་ཞིག་དབུ་འབྱེད་གནང་སོང་།   སྐབས་དེར་ལས་འགུལ་གོ་སྒྲིག་གནང་མཁན་ཁོངས་སུ་ཡོད་པ་ན་གཞོན་ཉི་མ་ཚེ་རིང་ལགས་ཀྱིས་སྤྱིར་བོད་མི་བཙན་བྱོལ་བ་ཞིག་ཡིན་པའི་ཆ་ནས་འགན་གཙོ་བོ་གཉིས་ཡོད་པ་དང་།   གཅིག་ནི་རང་གི་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་རྒྱུ་དང་།  དེ་བཞིན་རྒྱལ་སྤྱིའི་ཁྲོད་བོད་དོན་གླེང་སློང་གནང་ཐབས་བཅས་ཀྱི་འགན་ཡོད་པས།  ད་ཆ་ཆབ་སྲིད་ཀྱི་གནས་སྟངས་འགྱུར་ལྡོག་འགྲོ་བཞིན་པའི་ཁྲོད་ང་ཚོའི་རྐང་འགན་ཁུར་གྱིས་བོད་ཀྱི་གནད་དོན་དེ་གང་ཐུབ་ཀྱིས་གླེང་ཐུབ་ན་མི་རིགས་ཀྱི་རྩ་དོན་ལ་ཐུགས་ཕན་སོས་ངེས་ལ་དགོངས་ཏེ་ད་རེས་ངག་མེད་ཀྱི་མགྲིན་ཚབ་ཅེས་པའི་མིང་ཐོག་ནས་དྲ་རྒྱ་བཟོས་བ་ཡིན་སྐོར་འགྲེལ་བརྗོད་གནང་སོང་།

ལས་འགུལ་དེའི་ཁྲོད་ལས་འཆར་དང་པོ་དེ་བཞིན་དེ་སྔ་རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཉུང་དུ་བཏང་སྟེ་རྒྱ་ཡིག་བེད་སྤྱོད་ཤུགས་ཆེར་བྱེད་ཐབས་ཀྱི་ལམ་སྟོན་བྱས་རྐྱེན།  ཕྱི་ལོ་ ༢༠༡༠ ཟླ་ ༡༠ པའི་ནང་རེབ་གོང་འབྲིང་རིམ་སློབ་གྲྭ་ནས་དབུ་འཛུགས་ཀྱིས་རིམ་པའི་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ནང་སློབ་ཕྲུག་དང་དགེ་རྒན་ཚོས་སྲིད་བྱུས་དེར་ངོ་རྒོལ་གནང་སྟེ་ད་ཆ་མི་ལོ་ ༡༠ འཁོར་བ་དང་སྦྲགས།  བོད་ནང་གི་སློབ་ཕྲུག་རྒྱལ་ཞེན་ཅན་རྣམས་ཀྱི་སྙིང་སྟོབས་ལ་ཆེ་མཐོང་གུས་བརྩི་དང་།  བཙན་བྱོལ་སྤྱི་ཚོགས་ནང་བོད་ཡིག་ཐོག་དོ་སྣང་སྔར་ལྷག་ཡོང་སླད་རང་གི་སྐད་ཡིག་གལ་ཆེན་པོ་ཡིན་པའི་སྐོར་རྩོམ་ཡིག་འགྲན་བསྡུར་ཞིག་གསལ་བསྒྲགས་གནང་སོང་། 
ད་ལན་གྱི་རྩོམ་ཡིག་འགྲན་བསྡུར་དེ་ཡང་རང་ལོ་ ༡༤ ནས་ ༡༧  བར་གྱི་བོད་མི་སེར་སྐྱ་རྣམ་པའི་ཆེད་ཡིན་པ་དང་།  རྩེ་ཕུད་ཐོབ་མཁན་དག་ཕྱི་ལོ་ ༢༠༢༡ ལོའི་ཟླ་བ་ ༢ པའི་ཚེས་ ༢༡ ཏེ་རྒྱལ་སྤྱིའི་ཕ་སྐད་ཉིན་མོར་གསལ་བསྒྲགས་གནང་རྒྱུ་རེད་འདུག  སྤྱིར་ལས་འགུལ་འདིའི་དམིགས་ཡུལ་གཙོ་བོ་ནི་གཞོན་སྐྱེས་སོ་སོས་རང་ཉིད་ཀྱི་བསམ་ཚུལ་དང་ཕ་སྐད་ཀྱི་གལ་གནད་བརྗེ་ལེན་བྱེད་སའི་གླེང་སྟེགས་བསྐྲུན་རྒྱུ་ཡིན་པ་དང་ཆབས་ཅིག    རྩེ་ཕུད་ཀྱི་རྩོམ་ཡིག་དེ་དག་བོད་ཀྱི་དཔེ་སྐྲུན་ཁང་ཞིག་ནས་དཔར་བསྐྲུན་ཡོང་བའི་འབད་བརྩོན་ཡང་བྱ་རྒྱུ་རེད་འདུག

གཞི་རྩའི་ཕྱི་ལོ་ ༢༠༡༠ ལོར་རེབ་གོང་འབྲིང་རིམ་སློབ་གྲྭ་ནས་དབུ་འཛུགས་དང་།  པེ་ཅིན་གཙུག་ལག་སློབ་ཁང་།  དེ་བཞིན་རིམ་པའི་ཆབ་ཆ་གྲོང་ཁྱེར་གྱི་སློབ་ཕྲུག་དང་དགེ་རྒན་སྟོང་ཕྲག་མང་པོས་སྐད་ཡིག་གི་རང་དབང་ཆེད་རྒྱ་གཞུང་ལ་མི་རིགས་འདྲ་མཉམ་དགོས།  བོད་ཀྱི་སྐད་ཡིག་གི་བེད་སྤྱོད་རྒྱ་ཆེ་རུ་གཏོང་ཞེས་པའི་འཕྲེད་དར་བསྣམས་ནས་ངོ་རྒོལ་གནང་ཡོད་པ་རེད།  ལས་འགུལ་དེ་བཞིན་ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་རྗེས་གཞི་རྒྱ་ཆེ་བའི་ལས་འགུལ་ཆེ་ཤོས་ཤིག་ཆགས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།