Tibetan Royal Year of 2151 | Year of the Wood Dragon

ནོར་ཝེ་རྒྱལ་ཁབ་ཏུ་གཞུང་འབྲེལ་འཚམས་གཟིགས་ཆེས་ཐོག་མ་གནང་བ།  

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༡ ནས་དབྱིན་ཡུལ་གཙོས་པའི་ཡོ་རོབ་རྒྱལ་ཁབ་ཁག་གཅིག་ལ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་ཡོད་པ་ལྟར། ཁ་སང་སྲིད་སྐྱོང་མཆོག་དབྱིན་ཡུལ་དང་ Scotland ནང་གི་མཛད་རིམ་ཁག་ལེགས་གྲུབ་ཀྱིས་ནོར་ཝེ་རྒྱལ་ཁབ་ཏུ་ཕེབས་འབྱོར་བྱུང་ཡོད་པ་རེད།

ཐེངས་འདིའི་ནོར་ཝེ་རྒྱལ་ཁབ་ནང་གི་གཞུང་འབྲེལ་འཚམས་གཟིགས་འདི་ནི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཀྱི་ཐུགས་འགན་བཞེས་རྗེས་ནོར་ཝེ་རྒྱལ་ཁབ་ནང་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་པ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་དང་། ཁ་སང་སྲིད་སྐྱོང་མཆོག་ནོར་ཝེ་རྒྱལ་ས་ཨོས་ལོར་ཕེབས་འབྱོར་སྐབས་ནོར་ཝེ་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྤྱི་ཁྱབ་འཛིན་སྐྱོང་འགན་འཛིན་ལྕམ་སྐུ་ Merethe Lind Jodalen ལགས་དང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དབང་ཕྱུག་ལགས་གཙོས་ས་གནས་བོད་རིགས་མང་དག་ཅིག་ཕེབས་བསུར་བཅར་འདུག

གཞི་རྩའི་སྲིད་སྐྱོང་མཆོག་གིས་ཐེངས་འདིའི་དབྱིན་ཡུལ་དང་ Scotland ནང་གི་འཚམས་གཟིགས་ཁྲོད་གནད་ཡོད་གཞུང་གི་དབུ་ཁྲིད་དང་གྲོས་ཚོགས་འཐུས་མི། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་སོགས་དང་མཇལ་འཕྲད་གནང་སྟེ་བོད་དོན་སྐོར་ལ་བཀའ་བསྡུར་གནང་ཡོད་པ་ལྟར། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འདི་ག་རླུང་འཕྲིན་ཁང་ལ་ནོར་ཝེ་ནང་གི་འཚམས་གཟིགས་སྐབས་སུའང་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་ནས་ད་ལྟའི་བོད་ནང་གི་གནས་སྟངས་དང་བཙན་བྱོལ་བོད་མིས་གདོང་ལེན་གནང་དགོས་པའི་གནད་དོན་སོགས་ཀྱི་ཐོག་བཀའ་བསྡུར་གནང་ཡོད་སྐོར་གསུངས་སོང་།

སྲིད་སྐྱོང་མཆོག་ལ་ཉེ་ལམ་༸གོང་ས་མཆོག་གི་མཛད་འཕྲིན་ལ་འགྲེལ་ལོག་བྱས་པའི་གནད་དོན་དང་དེའི་ཤུགས་རྐྱེན་སྐོར་ལ་བཀའ་འདྲི་ཞུས་སྐབས་ཕྱོགས་ཅིག་ནས་༸གོང་ས་མཆོག་གི་མཛད་འཕྲིན་ལ་འགྲེལ་ལོག་བྱས་ཏེ་མགོན་པོ་༸གང་ཉིད་མཆོག་ལ་མཚན་ཤས་བཟོ་རྒྱུ་སོགས་འབད་བརྩོན་བྱས་པའི་གནས་ཚུལ་སྡུག་པོ་བྱུང་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་གནད་དོན་དེ་ལ་གཞོན་སྐྱེས་གཙོས་མང་ཚོགས་དུ་མས་དོ་སྣང་དང་། བོད་དོན་ལ་རྒྱབ་སྐྱོར་དང་ཤ་ཚ་ཡོད་མཁན་རྣམས་ཆིག་སྒྲིལ་ཡོང་བར་ཕན་ཐོགས་བྱུང་ཡོད་ཅེས་གསུངས་ཡོད།

རྩ་བའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༡ ནས་དེ་རིང་བར་ཡོ་རོབ་ཀྱི་རྒྱལ་ཁབ་དབྱིན་ཡུལ་དང་། Scotland དེ་བཞིན་ནོར་ཝེ་བཅས་ཀྱི་ནང་གནད་ཡོད་མི་སྣ་དང་མཇལ་འཕྲད། གཙུག་ལག་སློབ་གཉེར་ཁང་ཁག་གཅིག་གི་སློབ་མ་དང་ཉམས་ཞིབ་པ་སོགས་ལ་གསུང་བཤད་སོགས་གནང་ཡོད་པར་མ་ཟད། ས་གནས་བོད་པའི་གཞོན་སྐྱེས་གཙོས་མི་མང་རྣམས་དང་ཟུར་དུ་མཇལ་འཕྲད་གནང་སྟེ་འཛིན་སྐྱོང་གི་ལས་དོན་དང་། བོད་ནང་གི་གནས་སྟངས་སོགས་ཀྱི་ཐོག་གསུང་བཤད་མི་མང་གི་དྲི་བར་ལན་འདེབས་སོགས་གནང་ཡོད། 

ཤེས་རྟོགས་བྱུང་བར་གཞིགས་ན། སྲིད་སྐྱོང་མཆོག་དེ་རིང་ཉིན་རྒྱབ་ནོར་ཝེ་ནང་གི་མཛད་རིམ་ཁག་གྲུབ་རྗེས་ཡོ་རོབ་རྒྱལ་ཁབ་ ཌན་མག་དང་འཇར་མ་ནི་གཉིས་སུ་ཕེབས་ཐོན་གནང་ཡོད་པ་རེད། 

འབྲེལ་ཡོད་གསར་གནས།

གསར་གནས།