Tibetan Royal Year of 2151 | Year of the Wood Dragon

བོད་མིའི་དང་བླངས་དཔྱ་དངུལ་འབུལ་འབབ་དང་ཟས་བཅད་དོད་སྤར་ཆའི་ཁྲིམས་འཆར།

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༥ པའི་ལས་ཉིན་ ༧ པའི་ཐོག་བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་གི་འབུལ་འབབ་ཁྲིམས་ཡིག་ལ་བསྐྱར་བཅོས་དང་འབྲེལ། རྒྱ་བལ་འབྲུག་གསུམ་ནང་དུ་གནས་སྡོད་བོད་མི་ལོ་ན་ ༡༨ ཡན་གྱི་བོད་མི་རྣམས་ཀྱི་ལོ་རེར་དང་བླངས་དཔྱ་དངུལ་འབབ་ཚད་དང་ཟས་བཅད་དོད་གཉིས་ལ་སྤར་ཆ་གནང་སྟེ་ལོ་རེར་ཧིན་སྒོར་ ༢༠༤ དང་ ༡༠༠ བཟོ་རྒྱུའི་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཞིག་ཕེབས་ཡོད་པ་ལྟར་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བགྲོ་གླེང་གནང་སྐབས་མང་ཆེ་བས་དཔྱ་དངུལ་འབུལ་འབབ་དང་ཟས་བཅད་དོད་སྤར་ཆ་གནང་བར་རྒྱབ་སྐྱོར་གནང་ཡོད་ཀྱང་། ཐེངས་འདིའི་སྤར་ཆ་དེ་ནི་ཧ་ཅང་ཆེ་དྲག་པ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་སྤར་ཆ་གནང་མེད་པ་དེས་སྤྱི་སྙོམས་ཡོང་གི་མེད་པའི་དགོངས་ཚུལ་ཤུགས་ཆེན་པོ་གསུངས་སོང་།

གྲོས་ཚོགས་སུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དང་བླངས་དཔྱ་དངུལ་འབུལ་འབབ་དེ་ཕྲན་བུ་སྤར་ཆ་དགོས་པའི་དགོངས་འཆར་ལམ་སྟོན་ཕེབས་པ་ལྟར། དེ་རིང་གི་གྲོས་ཚོགས་སུ་དཔལ་འབྱོར་བཀའ་བློན་སྤེན་པ་ཚེ་རིང་མཆོག་གིས་དང་བླངས་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་གི་འབུལ་འབབ་ཁྲིམས་ཡིག་ལ་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཞིག་གནང་བར་དེ་སྔའི་སྒྲིག་གཞི་ནང་རྒྱ་བལ་འབྲུག་གསུམ་ནང་དུ་བོད་མི་རང་ལོ་ ༡༥ ལོན་པ་རྣམས་ཀྱིས་དང་བླངས་དཔྱ་དངུལ་འབབ་ཚད་དེ་ཧིན་སྒོར་ ༤༨ དང་། རང་ལོ་ ༡༨ ལོན་རྣམས་ཀྱི་ཟས་བཅད་དོད་ཧིན་སྒོར་ ༡༠ ཡིན་ཀྱང་། བསྐྱར་བཅོས་ཁྲིམས་འཆར་གྱི་ཚིག་བརྗོད་གསར་པའི་ནང་དང་བླངས་དཔྱ་དངུལ་འབུལ་ཚད་ཀྱི་ལོ་ནའི་ཚད་འཛིན་དེ་ལོ་ ༡༨ བཟོས་པའི་ཐོག་ལོ་ན་ ༡༨ ལོན་པ་རྣམས་ནས་ལོ་རེར་དང་བླངས་དཔྱ་དངུལ་འབབ་ཚད་དེ་ཧིན་སྒོར་ ༢༠༤ དང་ཟས་བཅད་དོད་ཧིན་སྒོར་ ༡༠༠ རེ་བཅས་ལོ་རེར་ཧིན་སྒོར་ ༣༠༤ འབུལ་དགོས་པ་དང་། བོད་མི་རང་ལོ་ ༦ ནས་ ༡༧ བར་ལོ་རེར་དང་བླངས་དཔྱ་དངུལ་འབབ་ཚད་ཧིན་སྒོར་ ༢༤ འབུལ་དགོས་པའི་ཁྲིམས་འཆར་གནང་སོང་།

དཔལ་འབྱོར་བཀའ་བློན་མཆོག་གིས་སྐབས་དེར་གྲོས་འཆར་དེའི་སྐོར་གསལ་བཤད་དང་འབྲེལ། འཛིན་སྐྱོང་བཀའ་ཤག་གིས་གྲོས་ཚོགས་ཀྱི་ལམ་སྟོན་བཞིན་དཔྱ་དངུལ་འབུལ་འབབ་སྤར་ཆའི་གྲོས་འཆར་དེ་ཁྱེར་གྱི་ཡོད་པ་དང་། མང་ཚོགས་ཀྱི་བསམ་ཚུལ་བསྡུ་རུབ་གནང་བ་ལས་རྒྱ་བལ་འབྲུག་གསུམ་ནང་དུ་སྤར་ཆའི་གྲོས་ཆོད་དེ་ཁྱེར་ཡོད་ཅེས་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་མང་ཚོགས་ཀྱི་བསམ་ཚུལ་བསྡུ་རུབ་གནང་སྐབས་དཔྱ་དངུལ་སྤར་ཆ་མི་དགོས་ཞེས་གསུང་མཁན་མང་བ་ཡོད་སྟབས་སྤར་ཆའི་གྲོས་འཆར་ཕེབས་མེད་པར་གསུངས་སོང་།

སྐབས་དེར་སྤྱི་འཐུས་རྣམ་པས་ཁྲིམས་འཆར་དེའི་ནང་དོན་དང་འབྲེལ་ནས་བརྗོད་པ་དང་པོའི་ཐོག་བགྲོ་གླེང་གནང་སྐབས་སྤྱི་འཐུས་ ༡༨ ཙམ་ཀྱིས་ཆ་ཤས་བཞེས་ཡོད་པའི་ཁོངས་ནས་མང་ཆེ་བས་དང་བླངས་དཔྱ་དངུལ་དང་ཟས་དོད་ཀྱི་སྤར་ཆ་དེ་ཧ་ཅང་ཆེ་དྲག་པ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ལ་སྤར་ཆ་དགོས་ངེས་ཡིན་པར་གསུང་མཁན་མང་པོ་བྱུང་སོང་། སྤྱི་འཐུས་ ༢ ཀྱིས་སྤར་ཆའི་འབོར་དེ་རན་པོ་འདུག་ཅེས་གསུངས་ཡོད།

ཁྲིམས་ཡིག་ནང་དུ་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་འཛིན་གནང་བའི་སྤྱི་པའི་ཚོགས་པ་སྒྲིག་འཛུགས་ཁག་ནས་ལོ་རེའི་གཙང་ཁེའི་བརྒྱ་ཆ་ ༡༥ རེ་བསྡུ་སྲོལ་ཡོད་པ་དེ་ཕྱིར་འཐེན་མི་དགོས་པའི་ཁྲིམས་འཆར་བསྣམས་ཕེབས་པར་གྲོས་ཚོགས་འཐུས་མི་མང་པོ་ཞིག་གིས་གཙང་ཁེའི་བརྒྱ་ཆའི་བསྡུ་འབབ་དེ་ཡོངས་སུ་ཕྱིར་འཐེན་གནང་ན་མི་འགྲིག་པའི་དགོངས་ཚུལ་གསུང་མཁན་བྱུང་ཡོད།

དེ་བཞིན་དེ་རིང་གི་གྲོས་ཚོགས་ནང་དུ་འཛིན་སྐྱོང་བཀའ་ཤག་ནས་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་བསྣམས་ཕེབས་པར་རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་འཁོད་བོད་རིགས་དཔྱ་དངུལ་ལོ་མང་འབུལ་ཆད་སོང་བ་དང་། གསར་བཟོ་མ་ཐུབ་པ་རྣམས་ལ་བོད་ཀྱི་ཡུལ་མིའི་ལས་འགན་ཁུར་ཐུབ་པའི་གོ་སྐབས་གནང་ཆེད་རྩིས་ལོ་ ༢༠༢༢་་༢༣ བར་གྱི་དཔྱ་དངུལ་འབུལ་ཆད་ཇི་ཡོད་ཀྱི་བརྒྱད་ཆ་ ༩༠ ཆག་ཡང་དང་འཕྲོས་བརྒྱ་ཆ་ ༡༠ དོ་བདག་ནས་སྡེབ་འབུལ་ལམ། ཆ་བགོས་ཐོག་ནས་ངེས་འབུལ་དགོས་རྒྱུ་འཁོད་ཡོད་པ་དང་།

ཆག་ཡང་གི་གོ་སྐབས་འདི་ཡང་ཕྱི་ལོ་ ༢༠༢༣ ཕྱི་ཟླ་་༤ ཚེས་ ༡ ནས་་ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༣ ཚེས་ ༣༡ བར་ལེན་ཐུབ་པ་དགོས་རྒྱུ་བཅས་འཁོད་འདུག གྲོས་ཚོགས་འཐུས་མི་རྣམས་ཀྱིས་དཔྱ་དངུལ་ཆག་ཡང་དང་འབྲེལ་བའི་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་ལྷུག་པོ་གནང་བར་མ་ཟད། སྤྱི་མོས་ཀྱིས་རྒྱབ་སྐྱོར་གནང་སྟེ་གྲོས་ཆོད་དེ་ཉིད་གཏན་འབེབས་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།