Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ལ་ཨ་རིའི་ Salisbury གཙུག་ལག་སློབ་གྲྭས་གསེར་གྱི་རྟགས་མ་ཕུལ་འདུག

Tibetan News Headlines

  • Press watchdog RSF: China’s communist regime leads world in repression of journalistic rights
  • Sikyong Penpa Tsering meets President of South Tyrol, before leaving for Berlin
  • Xi Jinping faces strong protests from Tibetans and rights advocates in Paris
  • Nancy Pelosi honored with Presidential Medal of Freedom, US highest civilian award
  • Tibetan MMA fighter Rinchen Griffithsgolha makes history with first professional victory
  • History Feature: Panchen Rinpoche’s Footprints Across Tibet

རེས་གཟའ་ཟླ་བ། ༢༠༢༤།༠༥།༠༦

  • རྒྱ་ནག་ནི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཡིན་པ་ཐེར་འདོན།
  • སྲིད་སྐྱོང་མཆོག་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་མོལ་གནང་རྗེས་འཇར་མ་ནིའི་རྒྱལ་ས་ Berlin དུ་ཕེབས་འབྱོར།
  • ཞི་ཅིན་ཕིང་ལ་ཧྥ་རན་སིར་བསླེབས་སྐབས་བོད་མིས་ངོ་རྒོལ།
  • ལྕམ་ Pelosi མཆོག་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཆེས་རླབས་ཆེན་ཞིག་ཡིན་པའི་ཆེ་བསྟོད།
  • བོད་མི་ཞིག་གིས་ཁུ་ཚུར་དྲག་རྩལ་གྱི་ཆེད་ལས་རྩེད་འགྲན་ནང་ཆེས་ཐོག་མ་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་འདུག
  • བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ལས་ལེའུ་དྲུག་པ་བོད་ཁམས་ཞབས་ཀྱིས་བཅགས་པ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ Salisbury གཙུག་ལག་སློབ་གྲྭ་ཆེན་མོའི་Presidential རྟགས་མ་འབུལ་བཞེས་བསྐྱངས་ཡོད་པ་རེད།  ཁ་སང་ཟླ་ ༡༠ ཕྱི་ཚེས་ ༡༣ ཉིན་ཨ་རི་ Maryland མངའ་སྡེ་ནང་རྟེན་གཞིི་བྱས་པའི་ Salisbury གཙུག་ལག་སློབ་གྲྭ་ཆེན་མོའི་Presidential རྟགས་མ་འབུལ་བཞེས་ཀྱི་མཛད་སྒོར་མགྲོན་གཙོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གཙོས་པའི་གཙུག་ལག་སློབ་ཁང་དེའི་དབུ་འཛིན་ལྕམ་སྐུ་ Janet Dudley_Eshbach ལགས་དང་གནད་ཡོད་མི་སྣ་མང་དག་ཅིག ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་སྐལ་རྡོར་དབུ་དཀར་ཚང་ལགས། དེ་བཞིན་ས་གནས་བོད་མི་བཅས་ལྷན་འཛོམས་ཐོག་ལྕམ་སྐུ་ Janet Dudley_Eshbach ལགས་ཀྱིས་སྲིད་སྐྱོང་མཆོག་ལ་སློབ་གཉེར་ཁང་དེའི་སྙན་གྲགས་ཆེ་བའི་ Presidential རྟགས་མ་འབུལ་གནང་འདུག སློབ་གཉེར་ཁང་གི་དབུ་འཛིན་མཆོག་གིས་མཛད་སྒོའི་ཐོག་ཏུ་གསུངས་དོན་ལ། སྲིད་སྐྱོང་མཆོག་ལ་གཙུག་ལག་སློབ་གཉེར་ཁང་དུ་ཆེད་ཕེབས་གནང་པར་འཚམས་འདྲི་དང་འབྲེལ། ཐེངས་འདིའི་གཟེངས་རྟགས་དེ་སྤྱི་ཚོགས་ནང་གཟེངས་སུ་ཐོན་པ་དང་འཆར་སྣང་ཡོད་པའི་དབུ་ཁྲིད་ཚོར་འབུལ་སྲོལ་ཡོད་པ་ལྟར། སྲིད་སྐྱོང་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་འཚེ་མེད་ཞི་བའི་ལམ་ནས་བོད་དོན་བདེན་མཐའ་སེལ་ཐབས་སུ་འབད་བཞིན་པར་རྒྱབ་སྐྱོར་དང་བསྔགས་བརྗོད་མཚོན་ཕྱིར་གནང་པ་ཞིག་ཡིན་སྐོར་གསུངས་འདུག  ལྷག་དོན་སྲིད་སྐྱོང་མཆོག་ནས་རྟགས་མ་བཞེས་སྐབས་ཁོང་གིས་ད་ལན་གཙུག་ཁང་གིས་ཁོང་ལ་ཆེ་བསྟོད་ཀྱི་རྟགས་མ་འདི་འདྲ་ཞིག་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཁོང་ལ་འདི་ལྟ་བུའི་རྟགས་མ་ཞིག་གནང་རྒྱུའི་ཆ་རྐྱེན་གང་ཡང་ཚང་བ་ཞིག་མིན་ནའང། བོད་མི་ཚོས་བདེན་པའི་འཐབ་རྩོད་གནང་བཞིན་པའི་དུས་མཚམས་འདིར་ཁོང་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་གནང་པ་དེས་གཞིས་ལུས་བོད་མི་ཚོར་རྒྱབ་སྐྱོར་དང་། ཁོང་རྣམ་པས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སོགས་རྩོད་ལེན་གནང་བཞིན་པར་འཛམ་གླིང་ཕྱི་ནས་ཀྱང་རྒྱབ་སྐྱོར་ཡོད་པའི་རྣམ་པ་གསལ་བཏོན་གནང་གི་ཡོད་སྐོར་གསུངས་པ་མ་ཟད། གཙུག་ལག་སློབ་གྲྭ་ཆེན་མོ་དེའི་དགེ་ལས་སློབ་ཕྲུག་དང་མང་ཚོགས་ཡོངས་ལ་འགྱུར་བ་གཏོང་རྒྱུར་གང་ཟག་གཅིག་གིས་ཀྱང་ཁྱད་པར་བཟོ་ཐུབ་ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་ཀྱང་གནང་འདུག  དེ་བཞིན་གཟེངས་རྟགས་འབུལ་བཞེས་ཀྱི་སྔོན་འགྲོའི་མཛད་སྒོར་ལྷོ་ཨ་ཕི་རི་ཀའི་ཡི་ཤུ་ཆོས་དཔོན་ Desmond tutu མཆོག་ནས་སྲིད་སྐྱོང་མཆོག་བློ་བཟང་སེང་གེ་མཆོག་ལ་འཚམས་འདྲིའི་ཕྱག་བྲིས་ཤིག་གནང་པའི་ནང་། ད་ཆ་འཛམ་བུ་གླིང་འདིའི་ནང་དྲག་སྤྱོད་དང་ལྷིང་འཇགས་མེད་པའི་རྐྱེན་གྱིས་ཕན་ཚུན་ཟིང་འཁྲུག་དང་ངལ་བ་འཕྲད་བཞིན་པའི་གཉན་འཕྲང་ཅན་གྱི་དུས་མཚམས་འདིར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ལ་ཆེ་མཐོང་ལྡན་པའི་སྲིད་འཛིན་རྟགས་མ་ཐོབ་པར་འཚམས་འདྲི་གནང་པ་དང་སྦྲགས། ང་ཚོའི་ད་ལྟའི་འཛམ་གླིང་འདིར་ཞི་བདེ་དེད་དཔོན་དང་བཟང་སྤྱོད་ཀྱི་འདུན་པ་ལྡན་པའི་དབུ་ཁྲིད་གང་མང་དགོས་པའི་ཁྲོད་ལས་སྲིད་སྐྱོང་ཁོང་གཅིག་ཡིན་པར་བསྔགས་བརྗོད་གནང་འདུག  མཛད་རིམ་ལྟར་ན་སྲིད་སྐྱོང་མཆོག་དེ་རིང་ཨ་རིའི་ཝ་ཤིང་ཊོན་ཌི་སིར་ཆེད་ཕེབས་ཀྱིས་ཁུལ་དེའི་གཞུང་འཛིན་གནད་ཡོད་མི་སྣ་ཁག་ཅིག་དང་ཐུགས་འཕྲད་གནང་རྒྱུ་མཚོན་ཚོགས་འདུ་ཁག་ཅིག་ལ་མཉམ་ཞུགས་གནང་གྲུབ་རྗེས། སང་ཕྱི་ཚེས་ ༡༤ ཉིན་དྷ་སར་ཕེབས་ཐོན་གནང་རྒྱུ་ཡིན་འདུག

འབྲེལ་ཡོད་གསར་གནས།

གསར་གནས།