Tibetan Royal Year of 2151 | Year of the Wood Dragon

ཡུལ་གྲུ་གང་སའི་ཆོས་གྲོགས་ཕོ་མོ་རྣམས་ལ་ཕྱི་ལོ་གསར་པར་དགའ་བསུའི་འཚམས་འདྲི་བསྩལ་འདུག

Tibetan News Headlines

  • Beijing’s goal is to turn young Tibetans Chinese : Sikyong Penpa Tsering
  • Tibetan rights group condemns China’s collective punishments of Tibetan human rights defenders’ families
  • Hungary and China sign strategic cooperation agreement during visit by Chinese President Xi
  • US Select Committee on CCP begins investigation into Georgia Tech’s partnership with China’s affiliate university
  • Diaspora feature: Yeshi Thaye, hairdresser in Odisha Phuntsokling Settlement

རེས་གཟའ་པ་སངས། ༢༠༢༤།༠༥། ༡༠

  • བོད་ཕྲུག་ཀྲུང་གོ་ཅན་དུ་བསྒྱུར་ཐབས་བྱ་རྒྱུ་ནི་རྒྱ་ནག་གི་དམིགས་ཡུལ་གཙོ་བོ་དེ་རེད་ཅེས་གསུངས་འདུག
  • རྒྱ་གཞུང་གིས་བོད་ནང་བོད་མི་ཚོར་མཉམ་བསྡུས་ཀྱི་ཉེས་ཆད་འཕྲལ་མར་མཚམས་འཇོག་དགོས་པ་གསུངས་སོང་།
  • རྒྱ་ནག་དང་ Hungary གཉིས་དབར་ཚོང་འབྲེལ་གོང་འཕེལ་གཏང་རྒྱུའི་གྲོས་མཐུན་བཞག་འདུག
  • Georgia Tech མཐོ་སློབ་དང་རྒྱ་དམག་དབར་འབྲེལ་བ་ཡོད་མེད་ཀྱི་ཞིབ་འཇུག་འགོ་འཛུགས།
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད། ཨོ་རི་ས་ཕུན་ཚོགས་གླིང་དུ་གནས་སྡོད་སྐྲ་བཟོ་བ་ཡེ་ཤེས་མཐའ་ཡས།

ཕྱི་ལོ་གསར་ཚེས་འགོ་མ་ཚུགས་གོང་གི་ཕྱི་ཚེས་ ༣༡ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་ནས་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་ཆོས་གྲོགས་ཕོ་མོ་ཡོངས་ལ་ཕྱི་ལུགས་ཀྱི་གནམ་ལོ་གསར་དུ་བཞད་པར་དགའ་བསུའི་འཚམས་འདྲི་བསྩལ་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་བའི་འཚམས་འཕྲིན་དེའི་ནང་ཕྱི་ལོ་གསར་པའི་དུས་ཆེན་དང་བསྟུན་ནས་༸གང་ཉིད་མཆོག་ལ་འཚམས་འདྲི་ཞུ་མཁན་ཚང་མར་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་བ་དང་འབྲེལ། ང་ཚོ་ནི་གཞན་གྱི་འཚོ་གནས་ལ་བརྟེན་དགོས་པའི་སྤྱི་ཚོགས་རང་བཞིན་གྱི་སེམས་ཅན་ཞིག་ཡིན་སྟབས། གཞན་ལ་ཕན་མ་ཐོགས་ནའང་གཞན་ལ་གནོད་འཚེ་མི་བྱེད་པའི་སྒོ་ནས་གཞན་གྱི་བདེ་སྡུག་གི་ཆེད་དུ་འབད་པ་བྱེད་དགོས་པ་བཀའ་བསྩལ་འདུག

༸གོང་ས་མཆོག་གིས་ད་དུང་ང་ཚོས་རང་གི་རྒྱལ་ཁབ་དང་ཆོས་ལུགས་གང་ཡིན་ལ་མ་ལྟོས་པར་སེམས་ཀྱི་ཞི་བདེ་དང་སྙིང་རྗེ་གོང་འཕེལ་གཏོང་བར་འབད་བརྩོན་བྱེད་དགོས་པ་མ་ཟད། དུས་རབས་སྔོན་མ་ནི་མཚན་ཉིད་ངེས་མེད་ཀྱི་དྲག་སྤྱོད་ཀྱི་དུས་རབས་ཤིག་ཡིན་ཡང་དུས་རབས་འདི་གྲོས་མོལ་གྱི་དུས་རབས་ཤིག་ཏུ་གྱུར་བར་འབད་བརྩོན་གནང་རྒྱུ་ནི་ང་ཚོའི་ལས་འགན་ཆགས་ཡོད་ཅེས་བཀའ་བསྩལ་འདུག

དེ་བཞིན་ཁ་སང་ཕྱི་ལོ་གསར་པའི་ཚེས་ ༡ ཉིན་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་མིའི་ཚོགས་སྡེ་ཁག་གསུམ་གྱི་ངོས་ནས་བརྟན་བཞུགས་བསྟར་འབུལ་ཞུས་སྐབས་མང་ཚོགས་ཀུན་ལ་ཕྱི་ལུགས་ཀྱི་གནམ་ལོ་གསར་དུ་བཞད་པར་འཚམས་འདྲི་དང་སྦྲགས།  འགྲོ་བ་གཅིག་འགྱུར་གྱི་འདུ་ཤེས་ཐོག་ནས་གཅིག་ཕན་གཅིག་གྲོགས་གནང་རྒྱུ་གལ་འགངས་ཆེ་བ་མ་ཟད། ད་ཆ་ང་ཚོས་མི་རབས་གསར་པ་ཞིག་དང་བསམ་བློ་གསར་པ་ཞིག་གི་ཐོག་ནས་གཅིག་ཕན་གཅིག་གྲོགས་ཡོང་ཐབས་གནང་གལ་ཡིན་པའི་ལམ་སྟོན་བཀྲིན་ཆེ་བ་མཛད་ཡོད་པ་རེད།

༸སྐུ་པར་བདག་དབང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

འབྲེལ་ཡོད་གསར་གནས།

གསར་གནས།