Tibetan Royal Year of 2151 | Year of the Wood Dragon

ཡོ་རོབ་བོད་རིགས་ཚོགས་པའི་ལོ་འཁོར་ཚོགས་ཆེན་ཐེངས་གཉིས་པ།

Tibetan News Headlines

  • Himachal Government schools to implement SEE learning
  • Dalai Lama grants an audience to Tibet supporters from Japan
  • Mass relocations of Tibetans not voluntary, villagers coerced by extreme pressure: HRW
  • Three-day Tibetan settlement cooperative’s conference begins in Dharamshala
  • Idea to Execution: Dalai Lama College hosts EntrepExpo

རེས་གཟའ་ལྷག་པ། ༢༠༢༤།༠༥།༢༢

  • ཧི་མཱ་ཅལ་མངའ་སྡེའི་ནང་ SEE ཤེས་ཡོན་ལག་བསྟར་དབུ་འཛུགས་གནང་རྒྱུའི་མཛད་སྒོ་ཞིག་འཚོགས་སོང་།
  • ༸གོང་ས་མཆོག་གིས་ཉི་འོང་སྐུ་ཚབ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • རྒྱ་གཞུང་གིས་ཚད་ལས་བརྒལ་བའི་གནོན་ཤུགས་འོག་བོད་མི་རྣམས་བཙན་གྱིས་གཞིས་སྤོས་བྱེད་བཞིན་པ་ར་སྤྲོད་གནང་འདུག
  • བོད་མིའི་མཉམ་འབྲེལ་བསྐྱར་ཞིབ་ཚོགས་ཆེན་ཐེངས་གཉིས་པ་དབུ་འཛུགས་གནང་བ།
  • ཏྰ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་གིས་ཉིན་གྲངས་གཉིས་རིང་ཚོང་རིགས་ཁྲོམ་སྟོན་གནང་འདུག

ཟླ་བ་འདིའི་ཕྱི་ཚེས་ ༡༨ དང་ ༡༩ བཅས་ཉིན་གྲངས་གཉིས་རིང་ཕ་རན་སིའི་རྒྱལ་ས་པེ་རི་སིར་རྟེན་གཞི་བྱས་པའི་རིག་པ་ཆོས་ཚོགས་སུ་ཡོ་རོབ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྣམ་པ་དང་ཡོ་རོབ་བོད་ཀྱི་སྐུ་ཚབ་དོན་གཅོད་བཅས་ཐུང་མོང་གི་གོ་སྒྲིག་འོག་ཡུ་རོབ་བོད་རིགས་ཚོགས་པ་ཁག་གི་ལོ་འཁོར་ཚོགས་ཆེན་ཐེངས་གཉིས་པ་ཚོགས་ཡོད།ཚོགས་འདུ་དེ་གཙོ་བོ་ཡོ་རོབ་ཁུལ་གྱི་བོད་རིགས་ཀྱི་ཚོགས་པ་ཁག་གི་སྒྲིག་འཛུགས་སྔར་ལྷག་ཚགས་ཚུད་ཐོག་བོད་དོན་འཐབ་རྩོད་ཀྱི་ནུས་པའི་གོང་བུ་གཅིག་སྒྲིལ་རྒྱུན་གནས་སྲ་བརྟན་དང་བོད་རིགས་ཚོགས་ཁག་གི་བོད་དོན་ཆབ་སྲིདཐོག་ཐུན་མོང་གིས་གཞི་རྒྱ་ཆེ་བའི་ཆབ་སྲིད་ཀྱི་ལས་འགུལ་སྤེལ་ཕྱོགས་སོགས་ལ་ཆེད་དམིགས་ཀྱིས་ཚོགས་པ་ཞིག་ཡིན་པ་རེད།ཚོགས་འདུའི་ཐོག་ཡོ་རོབ་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་དངསྐུ་ཚབ་དོན་གཅོད་ཁག་གིས་གཙོས་པའི་སུད་སི་དང་འཇར་མི་ནི། ཕ་རན་སི། སྦེལ་ཇམ།  ནི་དྷར་ལན་ཌི། པོ་ལན་ཌི། ཨི་ཊ་ལི། སེ་པན། ཨོ་སི་ཀྲི་ཡ། དེ་བཞིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་བཅས་ཡོ་རོབ་རྒྱལ་ཁབ་བཅུའི་ནང་གི་བོད་རིགས་ཚོགས་པ་ཁག་གི་ཚོགས་གཙོ་དང་ཚོགས་གཞོན། སྐུ་ཚབ་འཐུས་མི་སོགས་ཁྱོན་ཚོགས་བཅར་ ༢༦ ལྷག་འདུ་འཛོམས་བྱུང་འདུགཐེངས་འདིའི་ཡོ་རོབ་བོད་རིགས་ཚོགས་པ་ཁག་གི་ལོ་འཁོར་ཚོགས་ཆེན་ཐོག་ཡོ་རོབ་བོད་རིགས་ཚོགས་པ་ཁག་འབྲེལ་ལམ་དམ་གཟབ་ཐོག་༸རྒྱལ་བའི་བཀའ་དགོངས་འགལ་མེད་སྒྲུབ་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ལ་དབུ་འོག་དཔུང་འདེགས་ཞུ་ཕྱོགས་སྐོར། ཆོས་རིག་དང་སྐད་ཡིག་སོགས་འཛིན་སྐྱོང་སྤེལ་གསུམ་བྱེད་ཕྱོགས་སྐོར། ཐུན་མོང་གིས་གཞི་རྒྱ་ཆེ་བའི་ཆབ་སྲིད་ཀྱི་ལས་འགུལ་སྤེལ་ཕྱོགས་སོགས་ཀྱིས་མཚོན་པའི་གྲོས་གཞི་ཁག་ལྔའི་ཐོག་བགྲོ་གླེང་དང་གྲོས་བསྡུར་ལྷུག་པོར་གནང་ཡོད་པ་རེད།རྩ་བའི་ཡོ་རོབ་ཁུལ་གྱི་ལོ་འཁོར་ཚོགས་ཆེན་ཐེངས་དང་པོ་དེ་ཕྱི་ལོ་ ༢༠༡༩ ལོར་ཡོ་རོབ་རྒྱལ་ཁབ་སི་པན་གྱི་རྒྱལ་ས་སྦར་སི་ལོ་ནར་ཚོགས་ཡོད་པ་དང་། ད་རེས་ཀྱི་ཚོགས་འདུ་དེ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད།

སྤྱིར་སྔར་དང་མི་འདྲ་བར་འདས་པའི་ལོ་ཤས་ནང་དུ་ཡོ་རོབ་རྒྱལ་ཁབ་སུད་སི་དང་ཕར་རན་སི་། དེ་བཞིན་སྦེལ་འཇམ་གཙོས་ཡོ་རོབ་རྒྱལ་ཁབ་གཞན་ཁག་ཏུ་སྐྱབས་བཅོལ་དུ་ཡོང་མཁན་བོད་མི་ཇེ་མང་དུ་སོང་བར་བརྟེན་ད་ལྟའི་ཆར་ཡོ་རོབ་ཁུལ་དུ་སྐྱབས་བཅོལ་བོད་མིའི་གྲངས་འབོར་དེ་ཁྲི་གཉིས་ལྷག་ཙམ་ཡོད་པར་ཚོད་དཔག་གནང་གི་འདུག

འབྲེལ་ཡོད་གསར་གནས།

གསར་གནས།