རྒྱ་དཀར་ནག་གི་རྩོད་གཞིའི་ཁྲོད་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་གི་གྲོས་མཐུན་བཞག་འདུག

Tibetan News Headlines

  • China Forum 2026 Highlights Challenges Facing Tibet’s Future, Including Succession and Repression
  • Dalai Lama Institute Hosts Third Annual Conference on Tibetan Studies
  • Tibet House US Honours Michael Douglas and the Thurmans with Art of Freedom Awards
  • Macao Ex-Lawmaker Receives 12.5 Year Prison Sentence in Unfair Trial
  • Taiwan-Malaysia Trade Talks Halted After Anwar Reaffirms ‘One China’ Policy
  • TIO Liaison Officer Addresses China’s Tibet Policy at Chinese Democracy Conference

ཪེས་གཟའ་མིག་དམར། ༢༠༢༦།༡༡།༡༠

  • རྒྱ་ནག་གི་གླེང་སྟེགས་ ༢༠༢༦ ཐོག་བོད་ཀྱི་མ་འོངས་གནས་བབ་དང་། སྐུའི་ཡང་སྲིད། རྒྱ་ནག་གི་དྲག་གནོན་སྐོར་དཔྱད་ཞིབ་བགྲོ་གླེང་གནང་འདུག
  • སྦེང་ལོར་ནང་ Stub Kaiser སེའི་ཌབཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་དབུ་འཛུགས།
  • ཨ་རིའི་གློག་བརྙན་ཁྲབ་སྟོན་པ་ Michael Douglas ལགས་དང་ Robert Thurman བཟའ་ཚང་ལ་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་ཐོབ་པ།
  • Macau མང་གཙོ་དོན་གཉེར་བ་ཞིག་ལ་ལོ་ ༡༢ དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
  • ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་པར་ཐེ་ཝན་གྱིས་མ་ལེ་ཤི་ཡ་དང་ཚོང་འབྲེལ་གྲོས་མོལ་མཚམས་འཇོག་བྱས་པ།
  • རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོར་རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་འདུག

དེང་སྐབས་རྒྱ་དཀར་ནག་གཉིས་དབར་ས་མཚམས་ཀྱི་རྩོད་རྙོག་ཇེ་ཆེར་འགྲོ་བཞིན་པའི་ཁྲོད། རྒྱ་གར་དང་ཨ་རི་གཉིས་དབར་ BECA འམ་ Basic Exchange and Cooperation Agreement ཞེས་རྒྱལ་ཁབ་ཕྱོགས་གཉིས་དབར་བདེ་སྲུང་དང་རྒྱལ་ཁབ་བདེ་འཇགས་ཀྱི་གནད་དོན་ཐད་མཉམ་ལས་བྱེད་རྒྱུའི་ལོ་རྒྱུས་རང་བཞིན་ལྡན་པའི་གྲོས་མཐུན་བཞག་འདུགཁ་སང་རྒྱ་གར་དང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རི་དང་རྒྱ་གར་གཉིས་དབར་གྱི་གྲོས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཆེད་ཨ་རིའི་ཕྱི་སྲིད་དྲུང་ཆེ་ Mike Pompeo མཆོག་དང་བདེ་སྲུང་དྲུང་ཆེ་ Mark Esper རྣམས་གཉིས་ཁ་ཉིན་རེས་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འབྱོར་བ་དང་འབྲེལ། རྒྱ་གར་གྱི་བདེ་སྲུང་བློན་ཆེན་ Rajnath Singh མཆོག་དང་ཕྱི་སྲིད་བློན་ཆེན་ S Jaishankar མཆོག དེ་བཞིན་རྒྱལ་ཡོངས་བདེ་སྲུང་སློབ་སྟོན་པ་སྐུ་ཞབས་ Ajit Doval ལགས་བཅས་དང་མཇལ་འཕྲད་གནང་སྟེ་ BECA ཞེས་རྒྱལ་ཁབ་ཕྱོགས་གཉིས་དབར་དེང་དུས་ཀྱི་དམག་དོན་འཕྲུལ་རིགས་དང་ཟུང་སྐར་བརྒྱུད་ལག་སོན་བྱུང་བའི་ཚོར་བ་རྣོ་བའི་གནས་ཚུལ། དེ་བཞིན་གལ་ཆེའི་གནས་ཚུལ་ཁག་བརྗེ་རེས་བྱེད་རྒྱུ་བཅས་ལོ་རྒྱུས་ཀྱི་གལ་གནད་ལྡན་པའི་གྲོས་མཐུན་དེ་བཞག་གནང་འདུགཁ་སང་རྒྱལ་ས་ལྡི་ལིར་རྒྱལ་ཁབ་ཕྱོགས་གཉིས་དབར་གལ་ཆེའི་གྲོས་མཐུན་བཞག་པའི་གསལ་བསྒྲགས་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཐོག ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་བདེ་སྲུང་དྲུང་ཆེ་བཉིས་ཀའི་ངོས་ནས་རྒྱ་གར་གྱིས་རང་རྒྱལ་གྱི་བདག་དབང་དང་རང་དབང་ལ་ཉེན་ཁ་བཟོ་མཁན་རྣམས་ལ་གདོང་ལེན་བྱེད་སྐབས་ཨ་རི་རྒྱ་གར་གྱི་མང་ཚོགས་དང་ལྷན་དུ་བཞེངས་རྒྱུ་ཡིན་པ་དང་། ལྷག་པར་དེང་སྐབས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་འཕྲད་བཞིན་པའི་དུས་སྐབས་འདིར་བརྟན་ལྷིང་དང་སྲུང་སྐྱོབ། དེ་བཞིན་ཡར་ཐོན་ཅན་གྱི་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་ཞིག་བསྐྲུན་པར་རྒྱ་གར་དང་ཨ་རི་གཉིས་ཀྱི་མཉམ་ལས་བྱེད་རྒྱུ་སྔར་ལས་གལ་འགངས་ཆེ་བ་ཆགས་ཡོད་སྐོར་དང་འབྲེལ། ཏོག་དབྱིབས་གཉན་རིམས་ལ་གདོང་ལེན་དང་། རྒྱ་གར་དང་ཞི་བདེ་རྒྱ་ཚོའི་ས་ཁུལ་ནང་དུ་རྒྱ་ནག་གིས་དྲག་པོའི་རྣམ་འགྱུར་དང་བསྟུན་ལྷིང་འཇགས་དཀྲུག་པའི་བྱ་སྤྱོད་སྤེལ་བཞིན་པར་གདོང་ལེན་ཐད་ལ་ཡང་ཨ་རིས་རྒྱ་གར་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་སྐོར་གསུངས་འདུགསྐབས་དེར་སྐུ་ཞབས་ Mike Pompeo མཆོག་གིས་ཐེངས་འདིའི་ཚོགས་འདུ་ཐོག་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ལ་གདོང་ལེན་ཐད་ཨ་རི་ནས་རྒྱ་གར་ལྷན་དུ་སྨན་ཁབ་བཟོ་བསྐྲུན་སོགས་ཀྱི་གཙོས་འཕྲོད་བསྟེན་སོགས་གནད་དོན་མང་པོར་མཉམ་ལས་གནང་རྒྱུའི་གྲོས་མཐུན་བྱུང་ཡོད་པ་ཡོངས་གྲགས་གནང་འདུག

དེ་བཞིན་རྒྱ་གར་གྱི་བདེ་སྲུང་བློན་ཆེན་དང་ཕྱི་སྲིད་བློན་ཆེན་གཉིས་ཀྱིས་ཀྱང་ཕྱི་ལོ་ ༢༠༡༦ དང་ ༢༠༡༨ རྗེས་ད་ལན་ཨ་རི་དང་རྒྱ་གར་གཉིས་དབར་ BECA གྲོས་མཐུན་བཞག་ཐུབ་པར་ཧ་ཅང་གནད་འགག་ཆེན་པོ་ཡིན་པ་དང་ཚོགས་འདུ་ཐོག་ཕྱོགས་གཉིས་ཀས་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་ནང་དུ་རྒྱལ་ཁབ་ཚང་མར་རང་དབང་དང་ཁྲིམས་ཀྱི་དབང་སྒྱུར། དེ་བཞིན་འགྲུལ་བསྐྱོད་རང་དབང་དགོས་པའི་གནད་དོན་ཐོག་གྲོས་མཐུན་བྱུང་ཡོད་པར་ནན་བརྗོད་གནང་འདུགད་རེས་རྒྱལ་ཁབ་ཕྱོགས་གཉིས་དབར་ལོ་རྒྱུས་ཀྱི་གནད་འགག་ལྡན་པའི་གྲོས་མཐུན་བཞག་པ་དང་ཨ་རིའི་ངོས་ནས་རྒྱལ་སྲུང་གི་གནད་དོན་ཐད་རྒྱ་གར་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེར་བསྟན་པ་དེ་རྒྱ་ནག་ལ་སེམས་འཚབ་ཤུགས་ཆེར་སློང་གཞི་ཆགས་པ་དང་འབྲེལ། དེ་རིང་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་བསྒྲགས་གཏམ་ཞིག་འདོན་སྤེལ་བྱས་པའི་ནང་མཐའ་མཚམས་ཀྱི་གནད་དོན་དེ་ནི་རྒྱ་གར་དང་རྒྱ་ནག་གཉིས་དབར་གྱི་གནད་དོན་ཞིག་ཡིན་པ་དང་། རྒྱ་དཀར་ནག་གཉིས་ནས་གྲོས་མོལ་དང་དམག་དོན་གྱི་ལམ་ནས་གནད་དོན་ཞི་འཇམ་བཟོ་རྒྱུའི་གདེང་ཚོད་ཡོད་པ་ལྟར་ཐབས་ཤེས་ཀྱང་གཏོང་བཞིན་ཡོད་སྐོར་དང་འབྲེལ། རྒྱལ་ཁབ་གསུམ་པ་ཞིག་ལ་དེའི་ཐོག་ཐེ་བྱུས་བྱེད་རྒྱུའི་འོས་བབ་མེད་པ་སོགས་བརྗོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།