Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་ཌི་ཤཱ་མངའ་སྡེར་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

Tibetan News Headlines

  • Press watchdog RSF: China’s communist regime leads world in repression of journalistic rights
  • Sikyong Penpa Tsering meets President of South Tyrol, before leaving for Berlin
  • Xi Jinping faces strong protests from Tibetans and rights advocates in Paris
  • Nancy Pelosi honored with Presidential Medal of Freedom, US highest civilian award
  • Tibetan MMA fighter Rinchen Griffithsgolha makes history with first professional victory
  • History Feature: Panchen Rinpoche’s Footprints Across Tibet

རེས་གཟའ་ཟླ་བ། ༢༠༢༤།༠༥།༠༦

  • རྒྱ་ནག་ནི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཡིན་པ་ཐེར་འདོན།
  • སྲིད་སྐྱོང་མཆོག་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་མོལ་གནང་རྗེས་འཇར་མ་ནིའི་རྒྱལ་ས་ Berlin དུ་ཕེབས་འབྱོར།
  • ཞི་ཅིན་ཕིང་ལ་ཧྥ་རན་སིར་བསླེབས་སྐབས་བོད་མིས་ངོ་རྒོལ།
  • ལྕམ་ Pelosi མཆོག་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཆེས་རླབས་ཆེན་ཞིག་ཡིན་པའི་ཆེ་བསྟོད།
  • བོད་མི་ཞིག་གིས་ཁུ་ཚུར་དྲག་རྩལ་གྱི་ཆེད་ལས་རྩེད་འགྲན་ནང་ཆེས་ཐོག་མ་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་འདུག
  • བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ལས་ལེའུ་དྲུག་པ་བོད་ཁམས་ཞབས་ཀྱིས་བཅགས་པ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་འདིའི་ཚེས་ ༨ ཉིན་ཨོ་ཌི་ཤཱ་མངའ་སྡེའི་རྒྱལ་ས་བྷུབ་ནེཤྭར་དུ་ཆེད་ཕེབས་དང་འབྲེལ་ཉིན་གཉིས་རིང་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ནང་གི་ས་གནས་མང་ཚོགས་དང་གཞོན་སྐྱེས་རྣམས་མཇལ་འཕྲད། དེ་བཞིན་དགོན་སྡེ་ཁག་ལ་གནས་གཟིགས་ཙམ་མ་ཟད། ས་གནས་ཡུལ་མིའི་དཔོན་རིགས་ཁག་གཅིག་མཇལ་འཕྲད་གནང་རྗེས། ཁ་སང་མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་སུ་ཕྱོགས་ཕེབས་གནང་འདུགབོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་སུ་གནས་ཚུལ་འཁོད་པ་ལྟར་ན།  སྲིད་སྐྱོང་མཆོག་གིས་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ལ་མ་བསྐྱོད་གོང་ཐོག་མར་གཞིས་མི་རྣམས་ལ་ཡུན་རིང་རོགས་རམ་གནང་མཁན་ཨོ་ཌི་ཤཱ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ལས་འཕར་སྐུ་ཞབས་ཨེས་པི་ཋཱ་ཀུར་ (Shri S.P. Thakur) ལགས་དང་མཇལ་འཕྲད་གནང་བ་དང་། ཕྱི་ཚེས་ ༩ ཉིན་ས་གནས་འཐུས་ཚོགས་ཀྱི་ལས་ཁུངས་དང་ཚོགས་ཁང་། ས་གནས་འགོ་འཛིན་ལས་ཁུངས། མཉམ་འབྲེལ་ལས་ཁུངས་དང་ཆུ་བཟོ་ཁང་། ལྕགས་བཟོ་ཁང་། རྩམ་ཐག་ཁང་། ཚོང་ཁང་། རྒས་གསོ་ཁང་། ཡན་ལག་སྨན་རྩིས་ཁང་། ས་གནས་འཕྲོད་བསྟེན་སྨན་ཁང་བཅས་སུ་གཟིགས་སྐོར་གནང་ཡོད་པ་མ་ཟད། ས་གནས་ཀྱི་དགོན་སྡེ་ཁག་ལ་གནས་གཟིགས་གནང་འདུག

ལྷག་པར་དུ་དེ་ཉིན་ཕྱི་དྲོར་གཞིས་ཆགས་ཀྱི་གཞོན་སྐྱེས་གྲངས་ ༣༠ ཙམ་དང་ལྷན་ཟུར་དུ་མཇལ་འཕྲད་ཀྱིས་དྲི་བ་དྲིས་ལན་གནང་བ་དང་འབྲེལ་རང་རེའི་གཞིས་ཆགས་ཁག་སྲ་བརྟན་ཡོང་ཐབས་སུ་ས་གནས་སུ་ཡོད་པའི་གཞོན་སྐྱེས་རྣམས་ནས་འགན་འཁུར་དང་མཉམ་ཞུགས་གནང་དགོས་པའི་གལ་གནད་སྐོར་གསུངས་པ་མ་ཟད། གཞོན་སྐྱེས་རྣམས་ཀྱིས་ལག་ཤེས་སློབ་སྦྱོང་དང་སྦྱོང་བརྡར་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་པའི་སྐོར་དང་། གཞིས་ཆགས་སུ་ཚོང་ལས་ཀྱི་ལས་འཆར་གསར་པ་རྩོམ་རྒྱུར་ཚོང་ལས་ཀྱི་ཕུགས་ཕན་ཇི་ཙམ་ཡོད་མེད་དང་། སྤྱི་སྒེར་ཚང་མར་ཕན་རླབས་ཇི་ཙམ་ཡོད་མེད་སོགས་ཀྱི་སྐོར་ཉམས་ཞིབ་དང་བསམ་བློ་ཡག་པོ་གཏོང་དགོས་པ། ལས་འཆར་ཡག་པོ་ཡོད་ཚེ་བོད་མིའི་སྒྲིག་འཛུགས་ནས་བུན་གཡར་སོགས་གནང་རྒྱུའི་དགོངས་པ་ཡོད་ཚུལ་སོགས་ཀྱི་གསུངས་བཤད་གནང་འདུགགཞན་ཡང་སྲིད་སྐྱོང་མཆོག་གིས་དགུན་དུས་སུད་ཚོང་སྐབས་ཚོང་སའི་དཀའ་ངལ་དང་། དེ་བཞིན་ཕྲུ་གུ་རྣམས་ལ་སྐྱབས་བཅོལ་ལག་དེབ་གསར་བཟོའི་དཀའ་ངལ་སེལ་ཐབས་དང་། ཚོང་ས་ཐོབ་ཐབས་སུ་ལྡི་ལིར་ཡོད་པའི་འཕགས་བོད་འབྲེལ་མཐུད་ལས་ཁུངས་སུ་ལས་བྱེད་བཀོད་སྒྲིག་གནང་རྒྱུའི་ལས་འཆར་སོགས་ཀྱང་ངོ་སྤྲོད་གནང་འདུག

དེ་བཞིན་ཕྱི་ཚེས་ ༡༠ ཉིན་སྲིད་སྐྱོང་མཆོག་གིས་ལ་རྒྱབ་ཏུ་ཡོད་པའི་ཞིང་ས་དང་སཾ་བྷོ་ཊའི་སློབ་གྲྭ་གཉིས་སུ་འཚམས་གཟིགས་དང་། སློབ་ཕྲུག་དང་དགེ་ལས་ལྷན་བཞུགས་མོལ་ཚོགས་འདུ་ཚོགས་བ་མ་ཟད།  དེ་རྗེས་གཞིས་མི་རྣམས་ལ་གསུང་བཤད་གནང་བའི་ཁྲོད་གཙོ་བོ་བཀའ་ཤག་གི་འདས་པའི་ཟླ་གྲངས་བཅུའི་རིང་ལས་དོན་ཇི་གནང་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་གནང་བའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱ་གྲོས་མོལ་དང་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་གནང་རྒྱུའི་སྐོར།  དེ་འབྲེལ་ཐབས་བྱུས་འཆར་འགོད་ཚོགས་ཆུང་གསར་འཛུགས་གནང་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དབུས་སའི་ལས་ཁུངས་ཀྱི་སྲི་ཞུའི་ལས་བྱེད་ཀྱི་ས་མིག་སྒྲོམ་གཞིར་བསྐྱར་སྒྲིག་གནང་བ། གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་པ་རྣམས་ཀྱི་བླང་དོར་དང་། ཐོབ་ཐང་གི་སྒྲིག་གཞིར་བསྐྱར་བཅོས་གནང་བ་སོགས་ཀྱི་སྐོར་ངོ་སྤྲོད་གནང་འདུག མ་ཟད་བོད་མི་མང་ཚོགས་ལ་རྒྱ་གར་ཡུལ་མི་རྣམ་དང་འཆམ་མཐུན་གནང་གལ་དང་། ༸གོང་ས་མཆོག་གི་བཀའ་དགོངས་ཐོག་ཤར་སྐྱོད་གནང་བར་ཆོད་སེམས་བརྟན་པོ་དགོས་བ་སོགས་ཀྱི་ལམ་སྟོན་ཡང་གནང་བ་དང་། ཐེངས་འདིའི་ཉིན་གཉིས་རིང་གི་འཚམས་གཟིགས་གྲུབ་རྗེས་ཚེས་ ༡༠ འི་ཉིན་རྒྱབ་སྲིད་སྐྱོང་མཆོག་མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་སུ་ཕྱོགས་ཕེབས་གནང་ཡོད་པ་རེད་འདུགགཞི་རྩའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐབས་ ༡༦ པའི་བཀའ་ཤག་གི་ཐུགས་འགན་བཞེས་བའི་རྗེསསུ་ལ་དྭགས་ཁུལ་དང་། ཀ་རྡོར་སྒང་གསུམ། ཨུཏྟརཱ་ཁནྜ་ཁུལ་གྱི་བོད་མིའི་གཞིས་ཆགས་བཅས་སུ་གཟིགས་སྐོར་གནང་ཟིན་པ་དང་། ད་ལྟ་ཨོ་རི་ས་དང་། མན་སྤར། བྷན་རྡ་ར་བཅས་སུ་གཟིགས་སྐོར་གནང་རྒྱུ་ཡིན་པ་མ་ཟད། རིང་མིན་ཕྱི་ཟླ་དྲུག་པ་ནང་ཚུན་རྒྱ་གར་བྱང་ཤར་ཁུལ་གྱི་བོད་མིའི་གཞིས་ཆགས་དང་། ལྷོ་ཕྱོགས་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་བཅས་པར་གཟིགས་སྐོར་གནང་འཆར་ཡོད་འདུག པར་དབང་། བོད་མིའི་སྒྲིག་འཛུགས།

འབྲེལ་ཡོད་གསར་གནས།

གསར་གནས།