ཧི་མཱ་ཅལ་ནང་གནངས་ཉིན་ནས་གཞི་རིམ་བར་མའི་འཛིན་གྲྭ་དབུ་འཛུགས་གནང་རྒྱུ།

Tibetan News Headlines

  • China Forum 2026 Highlights Challenges Facing Tibet’s Future, Including Succession and Repression
  • Dalai Lama Institute Hosts Third Annual Conference on Tibetan Studies
  • Tibet House US Honours Michael Douglas and the Thurmans with Art of Freedom Awards
  • Macao Ex-Lawmaker Receives 12.5 Year Prison Sentence in Unfair Trial
  • Taiwan-Malaysia Trade Talks Halted After Anwar Reaffirms ‘One China’ Policy
  • TIO Liaison Officer Addresses China’s Tibet Policy at Chinese Democracy Conference

ཪེས་གཟའ་མིག་དམར། ༢༠༢༦།༡༡།༡༠

  • རྒྱ་ནག་གི་གླེང་སྟེགས་ ༢༠༢༦ ཐོག་བོད་ཀྱི་མ་འོངས་གནས་བབ་དང་། སྐུའི་ཡང་སྲིད། རྒྱ་ནག་གི་དྲག་གནོན་སྐོར་དཔྱད་ཞིབ་བགྲོ་གླེང་གནང་འདུག
  • སྦེང་ལོར་ནང་ Stub Kaiser སེའི་ཌབཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་དབུ་འཛུགས།
  • ཨ་རིའི་གློག་བརྙན་ཁྲབ་སྟོན་པ་ Michael Douglas ལགས་དང་ Robert Thurman བཟའ་ཚང་ལ་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་ཐོབ་པ།
  • Macau མང་གཙོ་དོན་གཉེར་བ་ཞིག་ལ་ལོ་ ༡༢ དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
  • ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་པར་ཐེ་ཝན་གྱིས་མ་ལེ་ཤི་ཡ་དང་ཚོང་འབྲེལ་གྲོས་མོལ་མཚམས་འཇོག་བྱས་པ།
  • རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོར་རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་བྱུས་སྐོར་གོ་རྟོགས་སྤེལ་འདུག

དེ་རིང་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Jai Ram Thakur མཆོག་དབུ་བཞུགས་ཐོག་བློན་ཆེན་ལྷན་འཛོམས་གནང་སྟེ་མངའ་སྡེ་ནང་གནངས་ཚེས་ ༡༠ ནས་བཟུང་གཞི་རིམ་བར་མ་དང་། ཚེས་ ༡༥ ནས་བཟུང་གཞི་རིམ་འོག་མའི་འཛིན་གྲྭ་ཁག་དངོས་སུ་དབུ་འཛུགས་གནང་རྒྱུར་ཐག་གཅོད་གནང་འདུགརྒྱ་ནག་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ ༡༩ རྐྱེན་གྱིས་རྒྱ་གར་གྱི་ས་གནས་གཞན་ལྟར་ཧི་མཱ་ཅལ་མངའ་སྡེ་ནང་གི་སློབ་གྲྭ་ཁག་རྒྱུན་ལྡན་བཞིན་འཛིན་གྲྭ་དངོས་སུ་འཚོགས་མ་ཐུབ་པར་དྲྭ་ཐོག་ནས་སློབ་ཁྲིད་གནང་གི་ཡོད་པར་མ་ཟད་རིམ་པས་ནད་ཡམས་ཀྱི་གནས་སྟངས་ཕྲན་བུ་བཟང་དུ་ཕྱིན་སྐབས་སློབ་ཕྲུག་རྒན་པ་རྣམས་སློབ་གྲྭར་ཆེད་སྐོང་གིས་འཛིན་གྲྭ་ཚོགས་པ་མ་གཏོགས། སྔོན་འགྲོ་དང་གཞི་རིམ་འོག་མ། དེ་བཞིན་གཞི་རིམ་བར་མ་བཅས་ཀྱི་སློབ་མ་རྣམས་མུ་མཐུད་དྲྭ་ཐོག་ནས་སློབ་ཁྲིད་གནང་བཞིན་པའི་ཁྲོད་འདིར་དེ་རིང་ཧི་མཱ་ཅལ་མངའ་སྡེ་གཞུང་གིས་གནངས་ཚེས་ ༡༠ ནས་བཟུང་གཞི་རིམ་བར་མ་དང་། ཚེས་ ༡༥ ནས་བཟུང་གཞི་རིམ་འོག་མའི་འཛིན་གྲྭ་ཁག་དངོས་སུ་དབུ་འཛུགས་གནང་རྒྱུར་ཐུགས་གཏན་འཁེལ་འདུག

བློན་ཆེན་ལྷན་འཛོམས་ཐོག་ད་དུང་གློ་རྒྱག་་དང་ཚ་བ་ཡོད་པ་སོགས་ཆམ་རྟགས་ཕོག་པའི་སློབ་མ་རྣམས་སློབ་གྲྭར་ཕེབས་རྒྱུ་མེད་པའི་འབོད་སྐུལ་དང་། ལྷག་པར་སློབ་མ་རྣམས་སློབ་གྲྭར་མ་ཞུགས་གོང་དུག་སེལ་སོགས་ཀྱི་སྔོན་འགོག་ལས་དོན་ཐུས་ཚང་ཞུ་དགོས་པའི་འབོད་སྐུལ་གནང་འདུག

གཞི་རྩའི་བོད་ཁྱིམ་ལྟ་བུ་བཙན་བྱོལ་བོད་མིའི་གྲྭར་མཚོན་ན། ཉེ་ལམ་སློབ་གྲྭའི་ངོས་ནས་ལོ་འདིའི་སློབ་དུས་མཇུག་སྒྲིལ་ལ་ཉེ་བའི་ཁྲོད་ ༢༠༢༡ ལོའི་འཛིན་རིམ་གསུམ་པ་ནས་བརྒྱད་པ་དང་། དགུ་པ་དང་བཅིུག་བཅས་ཀྱི་དུས་ཚིགས་གཉིས་པའི་ཡིག་རྒྱུགས་ཀྱི་དུས་ཚིགས་དང་། དགེ་སློབ་རྣམས་ཀྱི་གུང་སེང་དུས་ཚིགས་སོགས་ཡོང་གྲགས་གནང་བར་མ་ཟད་ཕྱི་ཟླ་ ༡ ཚེས་ ༣ ཉིན་སློབ་ཕྲུག་རྣམས་དགུན་ཁའི་གུང་སེང་ལ་ཕེབས་རྒྱུ་དང་། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༡ ནས་སློབ་དུས་གསར་པ་དབུ་འཛུགས་གནང་གཏན་འཁེལ་བ་བཞིན། སློབ་མ་རྣམས་དེའི་གོང་སྟེ་ཚེས་ ༡༡ ཉིན་སློབ་གྲྭ་འབྱོར་དགོས་པ་དང་། ཚེས་ ༢༠ བར་དུ་ཟུར་བཀག་ལ་བཞུགས་དགོས་པ་སོགས་ཀྱི་བཀོད་ཁྱབ་གནང་ཡོད་པ་རེད།

རླུང་འཕྲིན་ཁང་གིས་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་ལ་ཞལ་པར་བརྒྱུད་སློབ་དུས་ཚོགས་ཕྱོགས་ལ་འགྱུར་བ་ཕྱིན་ཡོད་མེད་སྐོར་བཀའ་འདྲི་ཞུས་པར་བོད་ཕྲུག་ཁྱིམ་སྡེའི་སློབ་མ་ཕལ་ཆེ་བ་སློབ་གྲྭར་ཡོད་མུས་ཡིན་སྟབས། སྔར་གསལ་བསྒྲགས་སྤེལ་བ་ལས་ལྡོག་ནས་ད་ལྟའི་འཆར་འགྱུར་བ་གང་ཡང་མེད་ཅེས་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།