Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོས་ཐེ་ཝན་སྲིད་འཛིན་དང་མཇལ་འཕྲད་གནང་གཏན་ཁེལ་བ།

Tibetan News Headlines

  • Press watchdog RSF: China’s communist regime leads world in repression of journalistic rights
  • Sikyong Penpa Tsering meets President of South Tyrol, before leaving for Berlin
  • Xi Jinping faces strong protests from Tibetans and rights advocates in Paris
  • Nancy Pelosi honored with Presidential Medal of Freedom, US highest civilian award
  • Tibetan MMA fighter Rinchen Griffithsgolha makes history with first professional victory
  • History Feature: Panchen Rinpoche’s Footprints Across Tibet

རེས་གཟའ་ཟླ་བ། ༢༠༢༤།༠༥།༠༦

  • རྒྱ་ནག་ནི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཡིན་པ་ཐེར་འདོན།
  • སྲིད་སྐྱོང་མཆོག་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་མོལ་གནང་རྗེས་འཇར་མ་ནིའི་རྒྱལ་ས་ Berlin དུ་ཕེབས་འབྱོར།
  • ཞི་ཅིན་ཕིང་ལ་ཧྥ་རན་སིར་བསླེབས་སྐབས་བོད་མིས་ངོ་རྒོལ།
  • ལྕམ་ Pelosi མཆོག་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཆེས་རླབས་ཆེན་ཞིག་ཡིན་པའི་ཆེ་བསྟོད།
  • བོད་མི་ཞིག་གིས་ཁུ་ཚུར་དྲག་རྩལ་གྱི་ཆེད་ལས་རྩེད་འགྲན་ནང་ཆེས་ཐོག་མ་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་འདུག
  • བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ལས་ལེའུ་དྲུག་པ་བོད་ཁམས་ཞབས་ཀྱིས་བཅགས་པ།

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ Kevin McCarthy མཆོག་གིས་སང་ཉིན་ཐེ་ཝན་གྱི་སྲིད་འཛིན་ Tsai Ing-wen མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་ཡོངས་གྲགས་གནང་ཡོད་པ་དང་། གནས་ཚུལ་དེ་ཐོན་འཕྲལ་རྒྱ་ནག་གཞུང་གིས་དེར་སྐྱོན་བརྗོད་དང་སྦྲགས་ཏེ་དབུ་ཁྲིད་རྣམས་གཉིས་ཀྱི་མཇལ་འཕྲད་དེས་ཨ་རྒྱ་དབར་གྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

ཐེ་ཝན་གྱི་སྲིད་འཛིན་ལྕམ་སྐུ་ Tsai Ing-wen མཆོག་ཕྱི་ཟླ་ ༣ ཚེས་ ༢༩ ནས་དབུ་འཛུགས་ཀྱིས་གཟའ་འཁོར་གཅིག་རིང་བྱང་ཨ་རི་དང་ལྷོ་ཨ་རི་གཉིས་ཀྱི་དབུས་སུ་ཆགས་པའི་ Guatemala དང་ Belize རྒྱལ་ཁབ་ནང་གི་ཕྱོགས་སྐྱོད་གྲུབ་མཚམས་སུ་དེ་རིང་ཨ་རི་ Los Angeles གྲོང་ཁྱེར་ནང་ཡུད་ཙམ་རིང་ཆེད་ཕེབས་གནང་གི་ཡོད་པ་ལྟར། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོའི་ལས་ཁུངས་ནས་ཡོངས་གྲགས་གནང་བར་སང་ཉིན་ཕྱི་ཚེས་ ༥ ཉིན་གྲོང་ཁྱེར་གྱི་ཕྱི་ཕྱོགས་སུ་རྟེན་གཞི་བྱས་པའི་ཨ་རིའི་སྲིད་འཛིན་ཟུར་པ་ Ronald Reagan མཆོག་གི་དཔེ་མཛོད་ཁང་དུ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ Kevin McCarthy ལགས་ཀྱིས་གཙོས་པའི་གྲོས་ཚོགས་འཐུས་མི་ཁག་གཅིག་ནས་ལྕམ་སྐུ་ Tsai Ing-wen མཆོག་དང་མཇལ་མོལ་གནང་རྒྱུ་རེད་འདུག

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོའི་ལས་ཁུངས་ཀྱིས་གནས་ཚུལ་དེ་ཡོངས་གྲགས་གནང་མ་ཐག་ཏུ་ Los Angeles གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱིས་དེར་སྐྱོན་བརྗོད་དང་སྦྲགས་ཏེ་ཕྱོགས་གཉིས་དབར་གྱི་མཇལ་འཕྲད་དེ་ནི་ས་གནས་ཀྱི་བདེ་འཇགས་དང་ཞི་བདེ་བཅས་པར་ཕན་ཐོགས་གང་ཡང་མེད་སྐོར་བཤད་པར་མ་ཟད་ཨ་རི་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་རྒྱུ་རེད་ཅེས་ནན་བརྗོད་བྱས་འདུག

ཐེ་ཝན་བདེ་སྲུང་ལྷན་ཁང་གིས་སྲིད་འཛིན་ Tsai Ing-Wen མཆོག་གི་ཐེངས་འདིར་ཨ་རིའི་བརྒྱུད་ནས་ Guatemala དང་ Belize རྒྱལ་ཁབ་ནང་ཕྱོགས་སྐྱོད་སྐབས་ཐེ་ཝན་གྱི་མཚོ་ཁར་རྒྱ་ནག་གིས་དམག་དོན་འཇིགས་སྐུལ་བྱས་ཡོད་སྐོར་གསུངས་ཡོད། འོན་ཀྱང་ཐེ་ཝན་སྲིད་འཛིན་ལས་ཁུངས་ཀྱིས་རྒྱ་ནག་གིས་འཇིགས་སྐུལ་ལ་ལྟོས་མེད་ཐེ་ཝན་འདི་ཉིད་མང་གཙོའི་རྒྱལ་ཁབ་དང་འབྲེལ་ལམ་འཇོག་རྒྱུ་དེ་ཁུལ་དེའི་ནང་གི་མི་མང་ས་ཡ་ ༢༣ ལྷག་གི་ཐོབ་ཐང་ཡིན་སྟབས་གནད་དོན་དེར་རྒྱ་ནག་ནས་ཐེ་བྱུས་བྱ་རྒྱུ་དབང་ཚད་མེད་ཅེས་གསུངས་པར་མ་ཟད། ཐེ་ཝན་གྱི་སྲིད་འཛིན་མཆོག་དང་སྐུ་ཚབ་རྣམ་པ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ McCarthy མཆོག་གིས་གཙོས་པའི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་གནང་རྒྱུར་དགའ་བསུ་ཡོད་ཅེས་གསུངས་འདུག

སྤྱིར་སྔ་ལོའི་ཕྱི་ཟླ་ ༨ ནང་ཨ་རིའི་གྲོས་ཚོགས་འོག་མའི་སྐབས་དེའི་ཚོགས་གཙོ་ལྕམ་ Nancy Pelosi མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་རུ་ཁག་གཅིག་ཐེ་ཝན་དུ་ཕེབས་སྐབས་རྒྱ་ནག་གི་ངོས་ནས་ཁུལ་དེའི་མཚོ་གླིང་ཡོངས་སུ་བསྐོར་ཏེ་དམག་སྦྱོང་བརྒྱུད་ཉེན་བརྡ་དྲག་པོ་བཏང་མྱོང་ཡོད་པ་རེད།

ཐེ་ཝན་གྱི་སྲིད་འཛིན་མཆོག་གི་ཐེངས་འདིའི་ཕྱོགས་སྐྱོད་དང་དུས་མཚུངས་སུ་ཐེ་ཝན་གྱི་སྲིད་འཛིན་ཟུར་པ་དང་། ཐེ་ཝན་གཞུང་གི་ཕྱོགས་འགལ་ཚོགས་པ་ཐེ་ཝན་གོང་མིན་ཏང་གི་ཆབ་སྲིད་ཚོགས་མི་ཡིན་པ་ Ma Ying-jeou ཕྱི་ཟླ་ ༣ ཚེས་ ༢༧ ནས་ཕྱི་ཟླ་ ༤ ཚེས་ ༧ བར་རྒྱ་ནག་ཏུ་ཕྱོགས་སྐྱོད་གནང་བཞིན་ཡོད་པ་རེད།

གཞི་རྩའི་སྲིད་འཛིན་ Tsai Ing-Wen མཆོག་སང་ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་དང་མཇལ་འཕྲད་གྲུབ་མཚམས་སུ་ཕྱི་ཚེས་ ༧ ཉིན་ཐེ་ཝན་དུ་ཕྱིར་ཕེབས་གནང་གི་ཡོད་པ་དང་། གནད་དོན་དབྱེ་ཞིབ་པ་ཁག་གཅིག་གིས་ཐེངས་འདིར་ཁོང་ཨ་རི་བརྒྱུད་ནས་ Guatemala དང་ Belize རྒྱལ་ཁབ་ནང་ཕེབས་དགོས་དོན་ནི་ཟླ་བ་སྔོན་མར་རྒྱལ་ཁབ་དེ་གཉིས་དང་ས་འབྲེལ་དུ་ཡོད་པ་ Honduras རྒྱལ་ཁབ་ཀྱིས་ཟླ་བ་སྔོན་མར་རྒྱ་ནག་དང་ལྷན་གཞུང་འབྲེལ་ཐོག་ནས་འབྲེལ་ལམ་གནང་རྒྱུ་ཡིན་སྐོར་བཤད་ཡོད་སྟབས། ཐེ་ཝན་ལ་ད་ལྟའི་ཆར་ Guatemala དང་ Belize རྒྱལ་ཁབ་གཉིས་རྩིས་པའི་རྒྱལ་ཁབ་ ༡༤ ལ་མ་གཏོགས་གཞུང་འབྲེལ་འབྲེལ་ལམ་མེད་རྐྱེན་ཐེ་ཝན་ལ་རྒྱབ་སྐྱོར་གནང་མཁན་ཉུང་དུ་འགྲོ་སྲིད་པའི་ཉེན་ཁ་ཡོད་པ་དང་ཆབས་ཅིག རྒྱ་ནག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དུའང་ཐེ་ཝན་འདི་ཉིད་རྒྱ་ནག་གི་ལྡོག་ཏུ་མེད་པའི་ཆ་ཤས་ཡིན་པར་བཤད་ཀྱི་ཡོད་པ་བཅས་ཀྱི་གནད་དོན་ལ་གདོང་ལེན་ཆེད་ཕེབས་ཡིན་སྐོར་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།