Tibetan Royal Year of 2151 | Year of the Wood Dragon

ཨ་རིས་རྒྱ་ནག་དེ་གཏན་འཇགས་ལུགས་མཐུན་གྱི་ཚོང་འབྲེལ་གནས་བབས་ནས་ཕྱིར་འཐེར་གནང་རྒྱུའི་ཁྲིམས་འཆར་འདོན་སྤེལ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

ཁ་སང་ཕྱི་ཚེས་ ༢༦ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Tom Cotton ལགས་ཀྱིས་གཙོས་པའི་གྲོས་ཚོགས་འཐུས་མི་བཞིས་རྒྱ་ནག་དེ་ཨ་རི་གཞུང་གིས་གཏན་འཇགས་ལུགས་མཐུན་གྱི་ཚོང་འབྲེལ་གནས་བབས་ནས་ཕྱིར་འཐེར་གནང་རྒྱུ་དང་འབྲེལ་བའི་ China Trade Relations Act ཞེས་པའི་ཁྲིམས་འཆར་ཞིག་འདོན་སྤེལ་གནང་འདུག

རྩ་བའི་དེ་སྔ་ཕྱི་ལོ་ ༢༠༠༠ ལོར་ཨ་རིའི་གྲོས་ཚོགས་ཀྱིས་རྒྱ་ནག་དེ་ཨ་རི་གཞུང་གི་ Most Favoured Nation ཞེས་གཏན་འཇགས་ཚོང་འབྲེལ་གྱི་གནས་བབས་ལྡན་པའི་ཁོངས་སུ་བཅུག་ནས་ད་ཆ་ལོ་ངོ་ཉི་ཤུ་ལྷག་འགྲོ་བཞིན་ཡོད་པ་རེད།

སྐུ་ཞབས་ Tom Cotton ལགས་ཀྱིས་གཙོས་པའི་གྲོས་ཚོགས་འཐུས་མི་བཞིས་རྒྱ་ནག་དེ་ཨ་རི་གཞུང་གིས་གཏན་འཇགས་ལུགས་མཐུན་གྱི་ཚོང་འབྲེལ་གནས་བབས་ནས་ཕྱིར་འཐེར་གནང་རྒྱུ་དང་འབྲེལ་བའི་ China Trade Relations Act ཞེས་པའི་ཁྲིམས་འཆར་ཞིག་འདོན་སྤེལ་གནང་བ་དང་འབྲེལ། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Tom Cotton ལགས་ཀྱིས་ཨ་རི་གཞུང་གིས་རྒྱ་ནག་དེ་ལོ་ངོ་བཅུ་ཕྲག་གཉིས་ལྷག་གི་རིང་ལ་ Most Favoured Nation ཞེས་གཏན་འཇགས་ཚོང་འབྲེལ་གྱི་གནས་བབས་ཁོངས་སུ་བཅུགས་པ་དེས་ རྒྱ་ནག་གཞུང་ནས་ཨ་རིའི་བཟོ་བསྐྲུན་གྱི་ལས་རིགས་ལ་དོ་ཕོག་ཆེན་པོ་བཏང་བར་མ་ཟད་རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་ཚོང་འབྲེལ་གྱི་སྒྲིག་གཞིར་བརྩི་མེད་ཀྱིས་ངལ་རྩོལ་བའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོར་རོལ་བཏང་དང་གཏོང་གཞིན་ཡོད་སྟབས། རྒྱ་ནག་གཞུང་ལ་དེ་ལྟ་བུའི་དམིགས་བསལ་ཁེ་ཕན་ཐོབ་རྒྱུའི་འོས་བབ་མེད་པ་རེད་ཅེས་གསུངས་འདུག

ཁོང་གིས་ཨ་རི་གཞུང་གིས་ཨ་རིའི་ཚོང་གི་སྡེ་ཚན་ཁག་སྲུང་སྐྱོབ་གོང་སྤེལ་དང་རྒྱ་ནག་གཞུང་གི་བྱ་སྤྱོད་དག་ལ་འགན་ལེན་ཡོད་པ་ཞིག་བཟོ་དགོས་པ་སོགས་གསུངས་འདུག

གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Ted Budd ལགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པ་དེ་ཨ་རིའི་གྲོགས་པོ་མིན་པ་དང་འཛམ་གླིང་ལ་ཕན་ཐོགས་ཡོད་པ་ཞིག་མ་རེད་ཅེས་གསུངས་པ་མ་ཚད་པར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་གཙོས་ཨ་རིའི་ཚོང་དང་དཔལ་འབྱོར་རྐུ་འཁྱེར་བྱེད་མཁན་ཞིག་ཆགས་ཡོད་སྟབས་ངེས་པར་དུ་འགན་ལེན་ཡོད་པ་ཞིག་བཟོ་དགོས་ཞེས་སོགས་གསུངས་པ་དང་ཆབས་ཅིག རྒྱ་ནག་ལ་དེ་འབྲེལ་གནད་དོན་ཐོག་གདོང་ལེན་གནང་ཐབས་གཙོ་བོ་ནི་ Permanent Normal Trade Relations ཞེས་གཏན་འཇགས་ལུགས་མཐུན་གྱི་ཚོང་འབྲེལ་གནས་བབས་ནས་ཕྱིར་འཐེན་གནང་རྒྱུ་དེ་རེད་ཅེས་གསུངས་ཡོད།

གཞི་རྩའི་ China Trade Relations Act ཞེས་པའི་ཁྲིམས་འཆར་ནང་དེ་སྔ་ཕྱི་ལོ་ ༢༠༠༠ ཟླ་ ༩ ཚེས་ ༡༩ ཉིན་ཨ་རིའི་གྲོས་ཚོགས་ཀྱིས་རྒྱ་ནག་ལ་ Most Favoured Nation ཞེས་གཏན་འཇགས་ཚོང་འབྲེལ་གྱི་གནས་བབས་གནང་བའི་གོ་སྐབས་བརྒྱུད་རྒྱ་ནག་དེ་བཞིན་རིམ་པས་འཛམ་གླིང་ཚོང་འབྲེལ་ལྷན་ཚོགས་ནང་འཛུལ་ཐུབ་པ་སོགས་ཀྱི་ཁེ་ཕན་མང་དག་ཅིག་རག་ཡོད་ཀྱང་། རྒྱ་ནག་གཞུང་གིས་གོ་སྐབས་དེ་སྤྱད་ནས་ད་བར་ཨ་རི་ནང་གི་ལས་རིགས་ས་ཡ་ ༢ ལྷག་ལ་དོ་ཕོག་བཏང་ཡོད་པ་དང་། རྒྱ་ནག་དེ་ཚོང་གི་གནས་བབ་ཇེ་བཟང་དུ་སོང་བ་དེའི་ཚོད་ཀྱིས་འཛམ་གླིང་ལ་ཉེན་ཚབས་ཆེ་བའི་རྒྱལ་ཁབ་ཞིག་ཏུ་གྱུར་ཡོད་པ་སོགས་འགྲེལ་བརྗོད་གནང་འདུག འབྲེལ་ཡོད་པར་བདག་དབང་། nationalreview

འབྲེལ་ཡོད་གསར་གནས།

གསར་གནས།