Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་ལ་བོད་མིས་ཡིད་ཆེས་སྲ་བརྟན་ཡོད་པར་རྒྱ་གཞུང་གིས་དཔུང་སྟོབས་སྤྱད་པའམ། དངུལ་སྤྲད་དེ་འགྱུར་བ་རྩ་བ་ནས་གཏོང་ཐབས་མེད།

Tibetan News Headlines

  • North America Tibetans to offer ‘Tenshug’ to the Dalai Lama
  • Tibetans in Canada celebrate Resolve Tibet Act and Canadian parliament motion for Tibet’s self determination
  • Dalai Lama extends congratulations to Ms. Roberta Metsola and Ms. Ursula von der Leyen on EU leadership continuation
  • EU-China ties looking rocky after re-election of Ursula von der Leyen

རེས་གཟའ་ཟླ་བ། ༢༠༢༤།༠༧།༢༢

  • ༸གོང་ས་མཆོག་ལ་བྱང་ཨ་རིའི་བོད་མི་རྣམས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཞལ་བཞེས་ཐོབ་འདུག
  • ཨ་རིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་དང་ཁེ་ན་ཌས་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་གཏན་འབེབས་གནང་བར་དགའ་སྟོན།
  • ༸གོང་ས་མཆོག་གིས་ཡོ་རོབ་གྲོས་ཚོགས་དང་ལྷན་ཚོགས་ཀྱི་ཚོགས་གཙོར་འཚམས་འདྲི་མཛད་འདུག
  • ལྕམ་ Ursula ལགས་ཀྱི་འཛིན་སྐྱོང་འོག་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཁག་ཏུ་འགྲོ་རྒྱུའི་ཚོད་དཔག

 

དེ་རིང་ཕྱི་ཟླ་ ༡༢ ཕྱི་ཚེས་ ༡༠ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་པར་གྲགས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་DSC_0127བཞེས་མཛད་ནས་མི་ལོ་ཧྲིལ་པོ་ ༢༦ འཁོར་བའི་གཞུང་འབྲེལ་མཛད་སྒོ་འཚོགས་ཡོད་པ་དང། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་མངའ་སྡེའི་བློན་ཆེན་ཟུར་པ་དང་ད་ལྟའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Sarveen Chaudhary མཆོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་དབུས། གཞུང་གི་མཛད་གཙོ་རྣམ་པ་དང། ཕྱི་ནང་གི་གནད་ཡོད་སྐུ་མགྲོན་ཁག་ཅིག  དེ་བཞིན་མང་ཚོགས་བཅས་ལྷན་འཛོམས་ཐོག་སྲུང་བརྩི་ཞུས་གནང་ཡོད་པ་རེད།

འཛིན་སྐྱོང་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མཛད་སྒོའི་དེའི་ཐོག་ནས་༸གོང་ས་མཆོག་ལ་གུས་ཕྱག་སྔོན་དུ་བཏང་སྟེ། མགོན་པོ་༸གང་ཉིད་མཆོག་གིས་བོད་ཀྱི་བདེན་མཐའ་གསལ་ཐབས་སུ་འཚེ་མེད་ཞི་བའི་ཐབས་ལམ་ཁོ་ནར་བརྟེན་པ་དང། འཛམ་གླིང་ཆོས་ལུགས་མཐུན་སྒྲིལ་དང་ཡ་རབས་བཟང་སྤྱོད། རང་བྱུང་ཁོར་ཡུག་སྲུང་སྐྱོབ་སོགས་ལ་སྨན་པའི་མཛད་བཟང་བསྐྱངས་པར་༡༩༨༩ལོར་འཛམ་གླིང་ནང་སྙན་གྲགས་ཆེ་བ་འི་ནོ་སྦེལ་ཞི་བདེའི་གཟེངས་འབུལ་བཞེས་མཛད་པ་དེ་ལ་བརྟེན་ནས་གཟེངས་ཀྱི་རིན་ཐང་དང་ཆེ་མཐོང་སྔར་ལྷག་གོང་མཐོར་སོང་ཡོད་པ་ཆེ་བསྟོད་དང་། ཁྱད་པར་དུ་༸གང་ཉིད་མཆོག་གིས་ཞི་བདེ་དང་བཟོད་བསྲན། དེ་བཞིན་བྱམས་སྙིང་རྗེའི་ལམ་སྟོན་བཀའ་སློབ་སོགས་ཀྱི་མཛད་འཕྲིན་ལ་རང་ཅག་གངས་ཅན་པ་རྣམས་དགའ་སྤེབས་བྱ་འོས་པ་ཞིག་ཡིན་པའི་༸རྒྱལ་བའི་བཀྲིན་རྗེས་དྲན་ཞུས་གནང་ཡོད།

སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཉེ་ཆར་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲན་ཆུང་གོའུ་ཡིས་བོད་རིགས་ལས་བྱེད་པ་ལྐོགDSC_0340་ཏུ་ཆོས་དད་བྱེད་མཁན་དང་”ཏཱ་ལའི་རུ་ཚོགས་”ཀྱི་རྗེས་འཇུག་པ་ངོ་རྟགས་བཟུང་སྟེ་ཚབས་ཆེའི་ཉེས་པ་གཏོང་དགོས་བཤད་ཡོད། ཡང་རྒྱ་ནག་གཞུང་འཛིན་མི་སྣ་ཀྲུའུ་ཝེ་ཆུན་གྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་སྐོར་ཐག་གཅོད་བྱེད་དབང་རྒྱ་ནག་གཞུང་ལ་ཡོད་ཚུལ་ཧམ་བཤད་བྱས་ཀྱང།  ཆོས་དང་སྐྱེ་བ་སྔ་ཕྱི་ཁས་མི་ལེན་མཁན་ཞིག་གིས་ཧམ་བཤད་བྱས་པར་རྒྱལ་སྤྱིའི་བློ་ལྡན་སུས་ཀྱང་ཆ་འཇོག་མི་གནང་པ་མ་ཟད།  ྋགོང་ས་མཆོག་གི་༸སྐུའི་ཡང་སྲིད་ཐད་ྋགོང་ས་མཆོག་༸གང་ཉིད་ལས་གཞན་སུ་ལའང་ཐག་གཅོད་བྱེད་རྒྱུའི་འགན་དབང་མེད་པ་དང།  ལྷག་དོན་ྋགོང་ས་མཆོག་ལ་བོད་མིས་ཡིད་ཆེས་སྲ་བརྟན་ཡོད་པ་དེར་རྒྱ་གཞུང་གིས་དཔུང་སྟོབས་དང་དངུDSC_0249ལ་སོགས་ཀྱིས་འགྱུར་བཅོས་གང་ཡང་གཏོང་ཐབས་མེད་པ་རེད་ཅེས་གསུངས་ཡོད་པ་རེད།  ཁོང་གིང་ད་དུང། བོད་མིའི་སྒྲིག་འཛུགས་ཀྱིས་སྔ་ལོ་ ༢༠༡༤ ལོར་བཀའ་དྲིན་རྗེས་དྲན་སྲུང་བརྩི་ཞུས་པ་མ་ཟད། འདི་ལོ་ནང་གཞུང་མང་གཉིས་ནས་མགོན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་བཀྲིན་རྗེས་དྲན་གྱི་ལོ་ཚིགས་སྲུང་བརྩི་ཞུ་བཞིན་པའི་སྐབས་འདིར་སྐྱེ་བོ་རེ་ཟུང་གིས་བཀའ་དྲིན་བསམ་ཤེས་མེད་པར་༸གང་ཉིད་མཆོག་ལ་རྒྱལ་ཚོང་བ་ཡིན་པའི་སྨྱོ་གཏམ་དང༌། ཟུར་ཟ་སོགས་འཆལ་གཏམ་སྣ་ཚོགས་སྤེལ་བཞིན་ཡོད་པ་ནི་འགྲོ་བ་མིའི་བཟང་སྤྱོད་དང་ཡོངས་སུ་འགལ་བའི་ངོ་ཚ་དགོས་པའི་གནས་ཤིག་ཡིན་པ་གསུང་ཡོད་པ་རེད།

དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཀྱང་ྋགོང་ས་ྋསྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ཉེར་དྲུག་འཁོར་བའི་དུས་ཚིགས་ཁྱད་པར་ཅན་དང་བསྟུན།  ༸གང་ཉིད་མཆོག་ལ་བཀའ་ཤག་གིས་མགོན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུས་པ་དང་སྦྲགས།  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེས་མཛད་ཕྱོགས་དངོོས་ཡོད་ཀྱི་ལམ་ནས་གསལ་རྟོགས་ཐུབ་པ་བྱ་རྒྱུ་ཤིན་ཏུ་གལ་ཆེ་བ་མ་ཟད། མགོན་པོ་གང་གི་ཐུགས་རྗེ་བཀའ་དྲིན་དུས་རྟག་ཏུ་ཡིད་ལ་དྲན་ཤེས་དགོས་པ་དང་། བོད་མིའི་སྤྱི་མཐུན་བསོད་ནམས་བཅས་ལ་དགོངས་པ་རྒྱ་ཆེ་བཞེས་ཏེ། མ་ལན་མ་འགྱོད་མེད་པ་གནང་དགོས་པའི་དུས་མཚམས་ངེས་ཅན་ཞིག་ཏུ་སླེབས་ཡོད་པའི་ནན་སྐུལ་ཡང་གནང་པ་མ་ཟད།

ལྷག་དོན་རྒྱ་ནག་འགོ་ཁྲིད་ཚོའི་ངོས་ནས་ཀྱང་སྲིད་བྱུས་མཁྲེགས་འཛིན་ཁོ་ན་མིན་པར་དངོས་ཐོག་བདེན་འཚོལ་ཞེས་ཡང་ཡང་བཤད་དང་ཤོད་བཞིན་འདུག་པ་ལྟར། དོན་དངོས་ལག་ལེན་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རང་རྒྱལ་གཞན་ཕམ་མིན་ཞིང། DSC_0272བོད་རྒྱ་གཉིས་ཕན་དང་། ལྷག་པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འདིའི་ཐོག་ནས་བོད་རྒྱ་གཉིས་ཀའི་དཀའ་རྙོག་སེལ་ཞིང། རྒྱ་ནག་གཞུང་གི་བསམ་འདུན་བོད་དེ་བཞིན་རྒྱ་ནག་དང་ཁ་བྲལ་དུ་འགྲོ་མི་དགོས་ལ། བོད་མིར་བོད་མིའི་ངོ་བོ་དང་། ཆོས་རིག ཁོར་ཡུག་བཅས་རྩ་བརླག་ཏུ་འགྲོ་མི་དགོས་པ་བཅས་ཀྱི་མངོན་འདོད་དེ་དག་བསྒྲུབ་རྒྱུར་བློ་སྟོབས་ཆེར་བསྐྱེད་ཀྱིས་དུས་ཐོག་བསམ་ཤེས་ཐུབ་པ་དགོས་རྒྱུའི་འབོད་སྐུལ་མ་མུ་མཐུད་གནང་རྒྱུ་ཡིན་པ་སོགས་གསུངས་ཡོད་པ་རེད།

ད་དུང་བཀའ་སྤྱི་གཉིས་ཀྱིས་དེ་རིང་༸DSC_0157གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་༢༦འཁོར་བའི་སྐལ་བཟང་གི་དུས་ཆེན་དང་དུས་མཉམ། འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཐེངས་ ༦༧པ་ཡང་ཆགས་ཡོད་ནའང། བོད་མི་རྣམས་ནས་དགའ་སྟོན་བྱེད་རྒྱུ་གང་ཡང་མེད་པ་དེ་ལྟར་ཡང། ༢༠༠༩ནས་ད་བར་གཞིས་བོད་མི་༡༤༢ནས་རྒྱ་གཞུང་གིས་བོད་མིའི་རང་དབང་ལ་བརྩི་མེད་དང་ཆབས་ཆེའི་དྲག་གནོན་བྱས་པའི་སྲིད་བྱུས་ལ་ངོ་རྒོལ་གནང་པའི་གནས་སྟངས་ཆགས་ཡོད་པ་མ་ཟད། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་དབུས་པའི་བྱ་བྲལ་རིན་པོ་ཆེ་མཆོག་དང་། གཞན་ཡང་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་འཛིན་བཟུང་བཙོན་འཇུག་གིས་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་བཙོན་པ་སྟོང་ཕྲག་ཁ་ཤས་ཡོད་པ་རྣམས་ལ་དྲག་གནོན་མཚམས་འཇོག་དང་འཕྲད་ལ་གློད་བཀྲོལ་དགོས་པ་ཡང་གསུངས་གནང་ཡོད་པ་རེད།

སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་བློན་ཟུར་པ་དང་ད་ལྟའི་གྲོས་འཚོགས་འཐུས་མི་ལྕམ་ DSC_0216Sarveen Chaudhary མཆོག་གིས་ཁོ་མོ་དེ་རིང་བོད་མིའི་འགོ་ཁྲིད་དང་མང་ཚོགས་དང་མཉམ། དུས་ཆེན་རྩ་ཆེན་པོ་འདི་འདྲ་ཞིག་སྲུང་བརྩི་ཞུ་རྒྱུའི་གོ་སྐབས་བྱུང་བར་དགའ་འཚོར་ཆེན་པོ་བྱུང་བ་དང། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་༨༩ལོར་ཆེ་མཐོང་ལྡན་པའི་ཞི་བདེའི་གཟེངས་རྟགས་འབུལ་མཛད་པ་དེ་ནི། བོད་མི་ལ་རྒྱལ་ཁ་ཞིག་དང་ཞི་བདེ་ལ་རྒྱལ་ཁ་ཞིག་ཆགས་ཡོད་ཅིང། དེ་རིང་གི་དུས་ཚིགས་འདིའི་ཐོག་ནས་བོད་མི་ཡོངས་ལ་འཚམས་འདྲི་དང་། རྒྱལ་སྤྱིའི་མང་ཚོགས་ནས་༸གོང་ས་མཆོག་ལ་ཞི་བདེའི་ཕོ་ཉ་ཞིག་ཏུ་ངོས་འཛིན་གྱིས་ཆེ་བསྟོད་གཟེངས་རྟགས་དེ་ལྟར་ཕུལ་བ་ལ་རྟེན་ནས། ད་ཆ་༸གོང་ས་ཏཱ་ལའི་བླ་མ་ཆོག་འཛམ་གླིང་འདིའི་ནང་མཚོན་དོན་མི་འདྲ་བ་རླབས་ཆེན་ཞིག་ཆགས་ཡོད་པ་སོགས་གསུངས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།