Tibetan Royal Year of 2151 | Year of the Wood Dragon

ཆབ་སྲིད་བཙོན་ཟུར་ཞིག་གིས་རྒྱ་མིའི་བཙོན་འཇུག་མནར་གཅོད་སྐོར་ཕྱིར་བསྒྲགས།

Tibetan News Headlines

  • Dalai Lama gives audience to Himalayan Buddhists from Rolwa Ling
  • One household and One file: Surveillance ramped up after anti-dam protests
  • GCM Gold Cup Final and Green Book debacle
  • Taiwan’s parliament passes bill pushing pro-China changes
  • East Turkistan government in exile calls on US to pass Uyghur Policy Act
  • Any attempt to intimidate individuals or communities in the UK will not be tolerated: UK to China

རེས་གཟའ་ལྷག་པ། ༢༠༢༤།༠༥།༢༩

  • ༸གོང་ས་མཆོག་གིས་བལ་ཡུལ་རོལ་བ་གླིང་ཁུལ་གྱི་བོད་རིགས་ཁག་གཅིག་ལ་མཇལ་ཁ་སྩལ་བ།
  • རྒྱ་གཞུང་གིས་སྤྱི་ཚོགས་དབང་སྒྱུར་ཇེ་ཤུགས་ཆེ་རུ་གཏོང་ཐབས་སུ་ཁྱིམ་ཚང་གཅིག་དང་ཡིག་ཆ་གཅིག་ཅེས་པའི་སྲིད་བྱུས་ལག་བསྟར།
  • ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་དང་དཔྱ་ཁྲལ་ལག་དེབ་ཀྱི་དཀའ་རྙོག
  • ཐེ་ཝན་གྲོས་ཚོགས་སུ་ཁྲིམས་གཞི་གསར་པ་གཏན་འབེབས།
  • ཨ་རིར་ཡུ་གུར་ཁྲིམས་འཆར་གཏན་འབེབས་དགོས་པའི་ཞུ་སྐུལ།
  • དབྱིན་ཡུལ་ནང་གི་མི་སེར་ལ་རྒྱ་ནག་གིས་སུན་གཙེར་བྱས་པ་དེར་བཟོད་སྲན་རྩ་བ་ནས་བྱ་རྒྱུ་མིན་གསུངས་འདུག

རྒྱ་ནག་གི་བཙོན་ཁང་ནང་ལོ་གསུམ་བཙོན་འཇུག་མྱངས་རྗེས་ཉེ་ལམ་བཙན་བྱོལ་དུ་འབྱོར་བའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་རྒྱ་ནག་དམར་གཞུང་གི་བཙན་གནོན་འོག་དཀའ་སྡུག་མནར་གཅོད་ཇི་ཙམ་མྱོང་བ་ཕྱིར་བསྒྲགས་དང་འབྲེལ། ཚོར་ཤུགས་ཆེན་པོས་བཙན་བྱོལ་བོད་མི་རྣམས་ལ་རྡོག་རྩ་གཅིག་སྒྲིལ་དགོས་པའི་འབོད་སྐུལ་གནང་སོང་།

Namkyi Poilitical Prisoner Press Release

དེ་ཡང་རྣམ་སྐྱིད་ལགས་ནི་ཕྱི་ལོ་ ༢༠༡༥ ལོ་ཟླ་ ༩ པའི་ཟླ་མཇུག་ཏུ་ཁོང་གི་སྤུན་མཆེད་བསྟན་འཛིན་སྒྲོལ་མ་དང་ལྷན་ཕྱུགས་འཚོ་ཞོར་དུ་གསང་གྲོས་ཡང་ཡང་བྱས་པས་བརྒྱུད། ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༡ ཉིན་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་ ༣ ཐོག་རྔ་བ་རྫོང་གི་དཔའ་བོའི་ཁྲོམ་གཞུང་དུ་༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཆེན་པོ་གཉིས་བཟུང་སྟེ། བོད་ལ་རང་དབང་དགོས། ༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་མགྱོགས་ནས་མྱུར་ཏུ་བོད་ལ་ཕེབས་ཏུ་འཇུག་དགོས། སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག་ཅེས་སྐད་འབོད་བྱས་པའི་རྐྱེན་གྱིས་ཉེན་རྟོག་པས་ཐོག་མར་འཛིན་བཟུང་བྱས་པ་ཞིག་ཡིན་པ་རེད།

Namkyi Poilitical Prisoner Press Release

རྒྱ་ནག་གི་དོ་དག་ལ་དམ་བསྒྲགས་ཙམ་མ་ཟད་ནང་མི་ཉེ་འབྲེལ་ལའང་བསུན་གཙེར་སོགས་ཀྱི་དཀའ་ངལ་དུ་མའི་ཁྲོད་ད་སྐབས་བོད་ནས་གསར་དུ་ཕེབས་པའི་བོད་མི་དང་ལྷག་པར་ཆབ་སྲིད་བཙོན་ཟུར་རྣམས་ཀྱིས་ཡོངས་གྲགས་སྒོ་ནས་བོད་ནང་གི་གནས་སྟངས་དང་རང་ཉིད་ཀྱི་མྱོང་བ་གླེང་རྒྱུར་དོགས་ཟོན་ཤུགས་ཆེ་བྱེད་པའི་སྐབས་དེར། ཁ་སང་རྣམ་སྐྱིད་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཚོགས་ཐོག བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། རང་ཉིད་ཐོག་འཕྲད་པའི་རྒྱ་ནག་གི་མནར་གཅོད་དང་འབྲེལ་བའི་མྱོང་བ་སོགས་ཡོངས་གྲགས་གནང་སོང་།

Namkyi Poilitical Prisoner Press Release

ཁོང་གིས་སྐབས་དེར་འགྲེལ་བརྗོད་གནང་བར་གཞིགས་ན། རྒྱ་མིའི་ཉེན་རྟོག་པས་དེ་ཉིན་ཁོང་དང་ཁོང་སྤུན་གཉིས་རྔ་བ་རྫོང་གི་བཀག་ཉར་ཁང་དུ་བཙན་འཁྲིད་དང་། དེ་ནས་ཉིན་དེའི་མཚན་དགུང་ཙམ་ལ་རྔ་བ་རྫོང་ནས་འབར་ཁམས་ཀྱི་བཀག་ཉར་ཁང་དུ་འཁྲིད་དེ་ཉིན་མཚན་དྲུག་ལྷག་རིང་འདྲི་ཞིབ་ཁང་ཆུང་ཆུང་ཞིག་གི་ནང་ཚ་གློག་ཚད་ལས་བརྒལ་བ་བཏང་སྟེ། འདྲི་རྩད་པ་རེས་མོས་བྱས་ནས་ངོ་རྒོལ་སྐད་འབོད་བྱེད་པར་སུས་སྐུལ་མ་བཏང་བ་དང་། དང་པོ་སུས་གྲོས་འགོ་བཏོན་པ། ༸རྒྱལ་བ་རིན་པོ་ཆེའི་སྐུ་པར་གང་ནས་རག་པ། ཕྱི་ལོགས་ན་ངོ་ཤེས་ཡོད་མེད་སོགས་དྲི་བ་སྣ་ཚོགས་དྲིས་ཏེ། རྒྱལ་ཁབ་ལ་ངོ་ལོག་བྱེད་མཁན། ཁྱེད་གཉིས་ཀྱི་ཉེས་པ་ཧ་ཅང་ཚབས་ཆེན་ཡིན་པ་ཤེས་ཀྱི་ཡོད་དམ་ཞེས་སྐྲ་ནས་འཇུས་ཏེ་འགྲམ་ལྕག་དང་རྡོག་ཐོས་གཞུས་པ་སོགས་གཅར་རྡུང་རྒྱུན་མི་ཆད་པར་བཏང་བ་མ་ཟད། ཟས་བཅད་གཉིད་བཅགས་པ་དེས་མགྱོགས་པོར་ཤི་སོང་ན་དགའ་བ་ལ་བསམ་པའི་ཚོར་བ་ཡང་ཡང་བྱུང་ཡོད་པ་འགྲེལ་བརྗོད་གནང་སོང་། ཡང་ཁོང་ལ་མཚམས་རེར་འཇམ་པོའི་ཟོལ་གྱིས་ཁྱེད་རང་གཉིས་ཀྱིས་དྲང་པོ་བཤད་ན་ཉེས་པ་ཆུང་དུ་འགྲོ་རྒྱུ་ཡིན་པ་མ་ཟད། གང་མགྱོགས་གློད་བཀྲོལ་ཡང་གཏང་སྲིད་པ་ཡིན་སྐོར་སོགས་བཤད་འདུག འོན་ཀྱང་། ཁོང་གཉིས་ཀྱིས་རང་ཐག་རང་གཅོད་ཀྱིས་ཞི་བའི་ལས་འགུལ་དེ་སྤེལ་བ་ལས་སུ་གང་གིས་སྐུལ་མ་བྱས་མེད་ལ། ཁྱིམ་མིས་ཀྱང་གནས་ཚུལ་དེའི་སྐོར་གང་ཡང་ཤེས་ཀྱི་མེད་པ་ལན་འདེབས་གནང་ཡོད་པ་དང་། དེ་ནས་ཁོང་གཉིས་བཀྲ་ཤིས་རྒྱལ་ཁ་གླིང་རྫོང་གི་བཀག་ཉར་ཁང་དུ་ཟླ་བདུན་ལྷག་བཙོན་བཅས་ཁྱོན་ལོ་གཅིག་དང་ཟླ་གཅིག་ཙམ་བཙོན་འཇུག་བྱས་ཡོད་པ་རེད་འདུག

Namkyi Poilitical Prisoner Press Release

ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢༣ ཉིན། ཁྲོ་ཆུ་རྫོང་ཁྲིམས་ཁང་གིས། ཁོང་གཉིས་ལ་ཁྲིམས་རར་འཁྲིད་དེ་དངོས་སུ་ཁྲིམས་བཤེར་བྱས་པ་དང་། སྐབས་དེར་ཁོང་སྤུན་གཉིས་པོ་ནི་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་ཕན་ཚུན་མཐོང་བ་དང་པོ་དེ་ཆགས་ཡོད་པ་དང་། ཁྲིམས་རའི་ནང་ཁོང་གཉིས་ཀྱི་ཕ་མ་སྤུན་མཆེད་སོགས་གཅིག་ཀྱང་མཐོང་རྒྱུ་མེད་པ་མ་ཟད། གཞུང་གིས་ཆེད་བསྐོས་བྱས་པའི་ཁྲིམས་རྩོད་པ་བོད་པའི་བུ་མོ་ཞིག་དང་རྒྱ་མོ་ཞིག་ཡོད་ཀྱང་། ཁོང་རྣམ་གཉིས་ལ་རྒྱལ་ཁབ་ལ་ངོ་ལོག་བྱས་མཁན་གྱི་ཁ་བྲལ་རིང་ལུགས་པ་དང་། ཏཱ་ལའི་ཁ་བྲལ་བར་དད་གུས་བྱས་པ་ཟེར་བའི་ཉེས་མིང་འོག་ལོ་ ༣ རེའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

Namkyi Poilitical Prisoner Press Release

དེ་ནས་རིམ་པས་སི་ཁྲོན་གྱི་གྲངས་ཉུང་མི་རིགས་ཀྱི་བཙོན་ཁང་དང་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་དུ་ཡོད་པའི་བུད་མེད་ཀྱི་བཙོན་ར་ཆེ་ཤོས(四川省女子监狱简阳市养马镇)ནང་འཁྲིད་འདུག བཙོན་ཁང་ནང་དུ་ཁོང་ལ་དམག་སྦྱོང་བྱེད་དུ་བཅུག་པ་མ་ཟད། རྩ་ཁྲིམས་དང་བཅའ་ཁྲིམས། རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློའི་གོ་རྟོགས་མཐོར་འདེགས་ཟེར་བ་སོགས་ཀྱི་རྒྱ་ཡིག་གི་ཡིག་ཆ་མང་པོར་སློབ་སྦྱོང་བྱེད་དུ་བཅུག་པ། དེ་བཞིན་ཁ་ཟས་ནང་འབུ་ཡོད་པ་སོགས་སྤྲད་ཀྱི་ཡོད་པ། འཕྲུལ་ཆས་ལྟ་བུའི་ངལ་རྩོལ་བསྐུལ་བ་སོགས་མནར་གཅོད་ཚད་མེད་མྱངས་འདུག

Namkyi Poilitical Prisoner Press Release

ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༡ ཉིན་ཁོང་རྣམ་གཉིས་གློད་བཀྲོལ་བཏང་རྗེས་རྔ་བ་རྫོང་པདྨ་ལྷ་ཐང་མངགས་གཏོང་ཁང་དུ་བདུན་ཕྲག་གཅིག་རིང་བཞག་ཡོད་འདུག་པ་དང་། ཁྱིམ་མིར་ཁག་ཐེག་ཡི་གེ་འབྲི་རུ་བཅུག་པ་མ་ཟད། ཕུ་བོ་ཡང་བཙོན་ཁང་དུ་ཡོད་པས་ཁོང་གི་ཁྱིམ་ཚང་ཁྱིམ་ཐོ་ནག་པོའི་ནང་བཅུག་ཡོད་པ་རེད་འདུག ད་དུང་ལྟ་སྲུང་དམ་བསྒྲགས་ནན་པོའི་འོག་བཞག་ནས་འགྲོ་འདུག་ལ་རང་དབང་གཏན་ནས་མེད་པ་དང་། ཐ་ན་མི་ཞིག་ལ་ཐུག་དགོས་ཀྱང་འཛེམ་དོགས་དགོས་པ་སོགས་དཀའ་ངལ་མུ་མཐུད་དུ་འཕྲད་པར་བརྟེན། མཐར་ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༡༣ ཉིན་ཁོང་གི་་ཨ་ནེ་ཚེ་རིང་སྐྱིད་དང་ལྷན་དུ་ཁྱིམ་མི་སོགས་སུ་གང་ལའང་ཤེས་སུ་མ་བཅུག་པར་རྒྱ་གར་ནང་བཙན་བྱོལ་དུ་ཡོང་བ་དང་། ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༢༧ ཉིན་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་ཏེ། ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༢༨ ཉིན་བཞུགས་སྒར་དྷ་རམ་ས་ལའི་དབུས་སྣེ་ལེན་ཁང་དུ་འབྱོར་འདུག

Namkyi Poilitical Prisoner Press Release
Namkyi Poilitical Prisoner Press Release

རྣམ་སྐྱིད་ལགས་ཀྱིས་ཁ་སང་གི་གསར་འགོད་ལྷན་ཚོགས་ཀྱི་གོ་སྐབས་དང་བསྟུན་ཉེ་ལམ་༸གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་བཙུགས་ནས་ལོ་ ༥༠ འཁོར་བའི་དུས་ཚིག་ཐོག་སྩལ་བའི་གསུང་འཕྲིན་ལུང་འདྲེན་དང་བོད་ནང་གི་བོད་མི་རྣམ་པའི་བློས་གཏོང་སྐོར་འགྲེལ་བརྗོད་དང་འབྲེལ། བཙན་བྱོལ་ནང་གི་བོད་མི་རྣམས་ནས་རྡོག་རྩ་ཆིག་སྒྲིལ་གནང་དགོས་གལ་ཡིན་པ་དང་། བོད་ནང་གི་བོད་མིའི་མངོན་འདོད་ལ་གཙིགས་ཆེར་འཛིན་དགོས་པ་སོགས་ཚོར་ཤུགས་ཆེན་པའི་ཐོག་ཞུ་སྐུལ་གནང་སོང་།

Namkyi Poilitical Prisoner Press Release

ཁོང་གིས་ད་དུང་བོད་ནང་རྒྱལ་གཅེས་ལྷག་བསམ་ཅན་ཕོ་མོ་རྒན་གཞོན་མང་པོ་ཞིག་གིས། རྒྱ་ནག་དམར་གཞུང་གིས་བོད་ཀྱི་དགོན་པ་གྲྭ་ཚང་དང་། སློབ་གྲྭ། མང་ཚོགས་བཅས་ལ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་དངོས་ཤུགས་བརྒྱུད་གསུམ་ནས་བཀག་འགོག་དང་། འགྲོ་འདུག་གི་རང་དབང་ལ་བཙན་གནོན་ཤུགས་ཆེན་བྱེད་བཞིན་ཡོད་ཀྱང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ཕྱིའི་རྒྱལ་ཁབ་ཁག་ནས་བོད་ནང་གི་ཉིན་རེའི་དཀའ་སྡུག་མནར་གཅོད་རྣམས་མཁྱེན་རྟོགས་ཐུབ་ཀྱི་ཡོད་པ་མ་རེད་བསམ་པའི་བློ་འཚབ་དང་ཡིད་གདུང་ཆེན་པོ་བྱུང་གི་ཡོད་པ་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།