འདས་པའི་བདུན་ཕྲག་ནང་བོད་མི་ ༣༦ ལ་ཏོག་དབྱིབས་ནད་གཞི་ཕོག་འདུག

Tibetan News Headlines

  • Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
  • Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
  • China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
  • Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
  • Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
  • China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
  • History Feature: Tsarong Dasang Damdul

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩

  • ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
  • རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
  • དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
  • Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
  • ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
  • རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
  • བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།
འདས་པའི་གཟའ་འཁོར་ནང་བཙན་བྱོལ་བོད་མིའི་འདུས་སྡོད་དུ་བོད་མི་ ༣༦ ལ་ཏོག་དབྱིབས་ནད་གཞི་ཕོག་འདུག་པ་དང་སྦྲགས། ནད་གཞི་ཕོག་མཁན་རྣམས་ནས་ས་གནས་སུ་ཡོད་པའི་ཕྱི་ལུགས་དང་བོད་ལུགས་གཉིས་ཀྱི་སྨན་པར་བསྟེན་གཏུག་གནང་བའི་ཐོག་ཟས་སྤྱོད་ཚུལ་ལྡན་བསྟེན་དགོས་པའི་གཞེན་སྐུལ་གནང་སོང་། ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་ COVID19 ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༧༧ པ་སྤེལ་བ་དང་སྦྲགས། ཚོགས་ཆུང་གི་འབྲེལ་མཐུད་པ་གསོ་རིག་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་ནད་ཡམས་དང་འབྲེལ་གནས་སྟངས་སོགས་ཀྱི་སྐོར་སྙན་གསེང་ཞུས་སྐབས། ཁོང་གིས་སྔོན་ཁབ་དང་འབྲེལ། རྒྱ་གར་ནང་ཁ་སང་བར་སྔོན་ཁབ་རིམ་པ་དང་པོ་དང་གཉིས་ཀ་བརྒྱབ་ཟིན་པ་དེ་བོད་མི་གྲངས་ ༣༣༢༠༦ དང་དེ་བཞིན་རིམ་པ་དང་པོ་བརྒྱབ་ཟིན་པ་དེ་༡༧༠༤༦ ཆགས་ཀྱི་ཡོད་པ་དང་ཕྱོགས་མཚུངས་བལ་ཡུལ་ནང་སྔོན་ཁབ་གཉིས་ཀ་ཐོབ་ཟིན་པ་དེ་ ༣༡༩༡ དང་སྔོན་ཁབ་རིམ་པ་དང་པོ་ཐོབ་པའི་མི་གྲངས་དེ་ ༥༣༣ ཆགས་ཀྱི་ཡོད་སྐོར་གསུངས་སོང་། དེ་བཞིན་ཁོང་གིས་རྒྱ་བལ་གཉིས་ཀྱི་བཙན་བྱོལ་འདུས་སྡོད་ནང་འདས་པའི་བདུན་ཕྲག་གཅིག་ནང་ནད་གཞི་གསར་པ་ཕོག་མཁན་མི་གྲངས་ ༣༦ བྱུང་བ་དང་ནད་གཞི་ཕོག་མཁན་རྣམས་ཀྱང་དེ་ཙམ་གྱི་ཚབས་ཆེན་པོ་མེད་པར་གསུངས་སོང་། གཞི་རྩའི་ད་བར་བཙན་བྱོལ་འདུས་སྡོད་སྤྱི་ཚོགས་ནང་ནད་གཞི་ཕོག་མཁན་ཁྱོན་མི་གྲངས་ ༦༣༡༠ དང་དྲག་སྐྱེད་ཕྱིན་པ་ ༦༡༠༥ དེ་བཞིན་ནད་ཡམས་རྐྱེན་འདས་གྲོངས་སོང་བ་དེ་ ༡༥༠ དང་ནད་ཀྱིས་མནར་བཞིན་པ་མི་གྲངས་ ༥༥ ཆགས་ཡོད་འདུག སྨན་པ་མཚམས་གཅོད་ལགས་ཀྱིས། ཐུགས་སྣང་ལམ་སྟོན་དང་འབྲེལ་ད་ཆ་རྡ་རམ་ས་ལ་གཙོས་པའི་བོད་མིའི་འདུས་སྡོད་གཞན་ཁག་ནས་ཏོག་དབྱིབས་ནད་གཞི་ཕོག་པའི་གནད་དོན་ཐོན་བཞིན་པས། ནད་གཞི་ཕོག་མཁན་རྣམས་ས་གནས་སུ་ཡོད་པའི་ཕྱི་ལུགས་དང་བོད་ལུགས་གཉིས་ཀྱི་སྨན་པར་བསྟེན་གཏུག་དང་ལམ་སྟོན་ཞུས་པའི་ཐོག་ཟས་སྤྱོད་གཉིས་ཚུལ་ལྡན་བསྟེན་ན་གསོ་བཅོས་སོགས་ཡག་པོ་ཡོང་གི་ཡོད་སྐོར་གསུངས་སོང་།
ཕྱི་ལུགས་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས། ད་ཆ་རྒྱ་གར་ནང་ཏོག་དབྱིབས་ནད་གཞི་ཕོག་མཁན་ཇེ་ཉུང་དུ་སོང་ཡོད་ཀྱང་ Mahrashtra དང་། Kerela Karnataka Tamilnadu Andhra Pradesh དེ་བཞིན་Mizoram སོགས་ཀྱི་མངའ་སྡེ་ཁག་ཅིག་ནང་ནད་གཞི་ཕོག་མཁན་ཇེ་མང་དུ་འགྲོ་བཞིན་པ་མ་ཟད། རང་རེའི་བོད་མིའི་འདུས་སྡོད་ནང་དུའང་ས་གནས་ཁག་ཅིག་ནང་ནད་གཞི་ཕོག་མཁན་ཇེ་མང་དུ་འགྲོ་བཞིན་འདུག་གསུངས་སོང་། ལྷག་པར་སོ་སོའི་ངོས་ནས་རྒྱུན་ལྡན་འཐུས་ཤོར་མེད་པའི་ཐོག་སྔོན་འགོག་གི་ཐབས་ལམ་ཁག་མུ་མཐུད་བསྟེན་རྒྱུ་དང་། ཡང་སྒོས་ནད་རྟགས་རིགས་ཐོན་ཚེ་ངེས་པར་དུ་བརྟག་དཔྱད་གནང་རོགས་ཞེས་གསུངས་སོང་། ཕྱོགས་མཚུངས་ཁོང་གིས་རྒྱ་གར་ནང་སྔོན་ཁབ་མང་པོ་བསྐྱོན་གྱི་ཡོད་ཀྱང་མི་འབོར་མང་བའི་ཆ་ནས་ད་ཆ་སྔོན་ཁབ་རིམ་པ་དང་པོ་ཐོབ་མཁན་དེ་བརྒྱ་ཆ་ ༤༡།༨ དང་སྔོན་ཁབ་གཉིས་ཀ་ཐོབ་མཁན་དེ་བརྒྱ་ཆ་ ༡༣།༣ ཆགས་ཀྱི་ཡོད་པས་སྔོན་ཁབ་མ་ཐོབ་པའི་གྲངས་འབོར་དེ་མང་བ་ཡོད་སྟབས་བོད་མི་མང་ཚོགས་ནས་གཟབ་ནན་གནང་གལ་ཡིན་སྐོར་གསུངས་སོང་།
དེ་བཞིན་ཁོང་གིས་མང་ཚོགས་ཁྲོད་གལ་ཏེ་ནད་ཚ་གཞན་ཆེད་སྔོན་ཁབ་བསྐྱོན་རྒྱུའི་འཆར་གཞི་ཡོད་ན་སྔོན་ཁབ་གཉིས་བར་ཉུང་མཐར་ཉིན་གྲངས་བཅུ་བཞིའི་བར་ཐག་འཇོག་དགོས་སྐོར་གྱི་ལམ་སྟོན་སོགས་གནང་སོང་། གཞི་རྩའི་ད་བར་འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་གཉན་རིམས་ནད་གཞི་ཕོག་པ་མི་གྲངས་ས་ཡ་ ༢༢༥ དང་། དེའི་ནང་ནས་ཨ་རི་ནི་ཚད་མཐོ་ཤོས་ཆགས་ཀྱི་འདུག རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ནད་གཞི་ཕོག་པའི་མི་གྲངས་ས་ཡ་ ༣༣ བྱུང་ཡོད་པ་དང་འདས་པའི་ཆུ་ཚོད་ ༢༤ནང་རྒྱ་གར་ནང་ནད་གཞི་གསར་པ་ཕོག་པའི་མི་གྲངས་སྟོང་ཕྲག་སུམ་ཅུ་དང་ལྔ་བརྒྱ་བདུན་ཅུ་ཙམ་བྱུང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།

Monday 09/11/2026