Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་སོག་པོའི་བདམས་ཐོན་སྲིད་འཛིན་ལ་འཚམས་འཕྲིན་སྩལ་བ།

Tibetan News Headlines

  • CTA calls for immediate access to Panchen Lama, urges Chinese Panchen not to become a political tool
  • Tibetans commemorate Panchen Lama’s 35th birthday with fervor and heartfelt remembrance
  • New Amnesty report highlights severe human rights abuses in Tibet
  • We have back channel with China since one year but have no immediate expectation: Sikyong
  • Blinken kicks off direct engagement with China ahead of tough talks
  • Residents of Sakya Puruwala settlement offers ‘Gyaton Tenshug’ to Sakya Gongma Trichen Rinpoche

རེས་གཟའ་ཕུར་བུ། ༢༠༢༤།༠༤།༢༥

  • ༸པཎ་ཆེན་སྐུ་ཕྲེང་ ༡༡ མཆོག་དགུང་གྲངས་ ༣༥ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི།
  • ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་རྣམ་པ་འདྲ་མིན་སྒོ་ནས་སྲུང་བརྩི།
  • བོད་ནང་གི་བོད་མི་རྣམས་མུ་མཐུད་དྲག་གནོན་འོག་ཡོད་པ།
  • རྒྱ་ནག་དང་ལྷན་བརྒྱུད་ལམ་གཞན་ཐོག་འབྲེལ་ལམ་འགོ་འཛུགས་བྱས་ཀྱང་ལམ་སེང་དོན་འབྲས་སོན་པའི་རེ་བ་མེད་ཅེས་གསུངས་འདུག
  • ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ཏུ་འཚམས་གཟིགས་ཁྲོད་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་ངེས་ཡིན་པ་གསུངས་འདུག
  • སྤུར་ཝ་ལ་གཞིས་འབངས་ཡོངས་ནས་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་ལ་གྱ་སྟོན་གྱི་བརྟན་བཞུགས་བསྟར་འབུལ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོའི་བདམས་ཐོན་སྲིད་འཛིན་སྐུ་ཞབས་ Uknaa Kurelsukh མཆོག་ལ་འཚམས་འཕྲིན་སྩལ་འདུག ༸གོང་ས་མཆོག་གིས་འཚམས་འདྲི་སྩལ་བའི་གསུང་འཕྲིན་དེའི་ནང་མགོན་པོ་༸གང་ཉིད་མཆོག་ཐོག་མར་ཕྱི་ལོ་ ༡༩༧༩ ལོར་ཆིབས་སྒྱུར་སྐབས་ཐུགས་དགྱེས་ཚོར་བྱུང་བ་ཐུགས་དྲན་གསོས་པ་དང་སྦྲགས། ༸གང་ཉིད་མཆོག་གིས་འགྲོ་བ་མིའི་རིན་ཐང་གོང་འཕེལ་དང་ནང་པའི་སྲོལ་རྒྱུན་གྱི་ཤེས་ཡོན་དང་དེང་དུས་ཀྱི་ཤེས་ཡོན་གཉིས་ཟུང་འབྲེལ་གནང་དགོས་པའི་ཐད་སོག་རིགས་མང་ཚོགས་རྒན་གཞོན་གཉིས་ནས་དེར་དགའ་མོས་དང་དེ་འབྲེལ་གོང་མཐོར་ཐོག་འབད་བརྩོན་གནང་བཞིན་པ་དེས་མགོན་པོ་མཆོག་གི་ཐུགས་བསྐྱེད་ལ་ཕན་སྐོར་བཀའ་སྩལ་འདུག སྤྱིར་ལོ་རྒྱུས་ཀྱི་ཆ་ནས་སོག་པོ་དང་བོད་མི་གཉིས་མཚེ་མ་ལྟ་བུ་ངང་གནས་་ཡོད་པ་དང་སྒོས་སུ་༸རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་སྐབས་ནས་བཟུང་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་སོག་པའི་མི་མང་དབར་ཐུན་མིན་གྱི་འབྲེལ་བ་ཉེ་པོ་ཡོད་པར་བཀའ་སྩལ་བ་མ་ཟད། ༸གང་ཉིད་མཆོག་གིས་སོག་པོའི་ཡུལ་ལུང་ནང་ཆོས་ལུགས་གཞན་ལ་དད་མོས་གནང་མཁན་ཡོད་ཀྱང་དེའི་ཁྲོད་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱིས་ལོ་རྒྱུས་ཐོག་སོག་པོའི་མི་རིགས་ཀྱིས་ངོ་བོ་དང་རིག་གཞུང་སོགས་བཟོ་ལྟ་བཟོས་ཡོད་པ་དང་ཆབས་ཅིག ནང་པ་སངས་རྒྱས་པའི་གཞུང་ནས་གཙོ་བོ་བྱམས་པ་དང་འཚེ་བ་མེད་པའི་སྐོར་གསུངས་ཀྱི་ཡོད་པ་དང་བྱམས་དང་བརྩེ་བས་རང་གཞན་གཉིས་ལ་ཕན་པ་མ་ཟད་ལྷག་པར་དེས་མི་སྒེར་སོ་སོའི་ཆོས་དད་དང་མི་འགལ་བའི་ཐོག་ནས་ཕན་གྱི་ཡོད་པར་བརྟེན་སྲིད་འཛིན་ Uknaa Kurelsukh མཆོག་གིས་སྲིད་གཞུང་ནས་བྱམས་དང་བརྩེ་བ་འཚེ་མེད་ཞི་བ་འགྲོ་བ་མིའི་རིན་ཐང་དག་མུ་མཐུད་ཉར་ཚགས་དང་སྲུང་སྐྱོབ་གནང་རྒྱུའི་ཡིད་ཆེས་ཡོད་ཅེས་བཀའ་སྩལ་འདུག ༸གོང་ས་མཆོག་གིས་ད་དུང་ཉེ་བའི་ལོ་ཤས་ནས་སོག་པོའི་ནང་ཕྱིའི་ཕྱོགས་ཀྱི་རྣམ་པ་ཐད་ཡར་རྒྱས་ཕྱིན་ཡོད་པ་དང་ལས་དོན་དེ་དག་ལ་བསྔགས་བརྗོད་གནང་འོས་པ་དང་། ལྷག་པར་གནས་སྟངས་དེའི་འོག་སོག་པོ་མང་ཚོགས་དཀྱུས་མའི་འཚོ་བར་ཡར་རྒྱས་གོང་འཕེལ་གནང་ངེས་ཡིན་པར་བཀའ་སྩལ་འདུག

༸གང་ཉིད་མཆོག་གིས་སྲིད་འཛིན་ཁོང་གི་ལས་དོན་དག་ལམ་ལྷོང་དང་མང་ཚོགས་ཀྱི་མངོན་འདོད་ལྟར་གནང་ཐུབ་པའིཐུགས་སྨོན་མཛད་ཡོད་པ་རེད། གཞི་རྩའི་སྲིད་འཛིན་སྐུ་ཞབས་ Uknaa Kurelsukh མཆོག་དེ་སྔ་སོག་པོའི་སྲིད་བློན་ཆེན་གནང་མྱོང་མཁན་ཞིག་དང་ད་ལན་ཁོང་སྲིད་འཛིན་དུ་བདམས་ཐོན་བྱུང་བ་དེ་སོག་པོའི་མང་གཙོའི་ལམ་ལུགས་ཐོག་འོས་འདེམས་བྱུང་བའི་སྲིད་འཛིན་དྲུག་པ་དེ་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།