Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་དབར་བྱམས་པ་དང་བརྩེ་བའི་སྐོར་མཇལ་མོལ་མཛད་པ། 

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

དེ་རིང་ཕྱི་ཟླ་ ༣ ཚེས་ ༨ ཉིན་གྱི་སྔ་ཐོག་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྒྱ་གར་བ་སྐུ་ཞབས་ཀེ་ལ་ཤ་སཱ་ཐི་ཡར་ཐི་ Kailash Satyarthi ལགས་དང་། ཨ་རི་བ་ལྕམ་སྐུ་འཇོ་ཌི་ཝི་ལམ་སེ་ Jody Williams ལགས་རྣམ་གཉིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁར་བཅར་ཏེ་བྱམས་པ་དང་བརྩེ་བའི་སྐོར་མཇལ་མོལ་མཛད་འདུག

Nobel Laureate Meet

སྐབས་དེའི་མཇལ་མོལ་ཁྲོད་སྐུ་ཞབས་ཀེ་ལ་ཤ་སཱ་ཐི་ཡར་ཐི་ལགས་ཀྱིས་རིང་མིན་ཕྱི་ཟླ་བདུན་པའི་ནང་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྣམ་པས་མཉམ་རུབ་ཐོག་ནས་བྱམས་པ་དང་བརྩེ་བའི་སྐོར་ཕྱོགས་སྒྲིག་ཞུས་པའི་བརྩམས་ཆོས་ཤིག་འདོན་སྤེལ་གནང་འཆར་ཡོད་པ་དེའི་ཐོག་༸གོང་ས་མཆོག་གི་དགོངས་འཆར་དང་ལམ་སྟོན་ཇི་ཡོད་བཀའ་དྲི་ཞུས་འདུག་པ་དང་། ༸གོང་ས་མཆོག་གིས། ང་ཚོའི་འཛམ་བུ་གླིང་འདིའི་ཐོག་ལ་བྱམས་པ་དང་བརྩེ་བ་ནི་དགོས་ངེས་ཡིན་པ་དང་། དེ་ཡང་ང་ཚོ་ཆུང་དུས་འཚར་བའི་སྐབས་སུ་ཨ་མའི་བྱམས་པ་དང་བརྩེ་བའི་འོག་ནས་འཚར་གྱི་ཡོད་ཀྱང་། རིམ་པས་འཚར་ལོང་དང་། ལྷག་པར་དུ་དེང་དུས་ཤེས་ཡོན་སློབ་གསོའི་རྒྱུད་རིམ་ནང་བྱམས་པ་དང་བརྩེ་བའི་སྐོར་དེ་ཙམ་གསུངས་ཀྱི་མེད་པ་དེ་ང་ཚོས་ལེགས་བཅོས་གནང་སྟེ་བྱམས་པ་དང་བརྩེ་བ་ལྡན་པའི་ཤེས་ཡོན་སློབ་གསོ་ཞིག་གི་ཐོག་ལ་བསྐྱོད་ཐབས་གནང་དགོས་པ་བཀའ་སྩལ་འདུག

Nobel Laureate Meet

དེ་བཞིན་ལྕམ་སྐུ་འཇོ་ཌི་ཝི་ལམ་སེ་ལགས་ཀྱིས་ད་ལྟའི་འཛམས་གླིང་གི་གནས་སྟངས་སྐོར་བཀའ་འདྲི་ཞུས་སྐབས། འགྲོ་བ་མི་གཅིག་འགྱུར་གྱི་བསམ་བློ་དེ་གོང་འཕེལ་འགྲོ་བཞིན་ཡོད་པ་དེ་ནི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཡིན་པ་དང་། མགོན་པོ་༸གང་ཉིད་མཆོག་ནས་ཀྱང་རྒྱུན་དུ་ང་ཚོ་འཛམ་བུ་གླིང་འདིའི་ཐོག་ཡོད་པའི་འགྲོ་བ་མི་ཐེར་འབུམ་བརྒྱད་ཙམ་ཡོད་པ་ཚང་མ་གཅིག་འགྱུར་ཡིན་པའི་འདུ་ཤེས་གོང་འཕེལ་མཛད་བཞིན་ཡོད་པ་བཀའ་སྩལ་འདུག 

Nobel Laureate Meet

རྩ་བའི་དེ་རིང་གི་མཇལ་མོལ་དེའི་སྐབས་སྦཱ་ར་ཛིལ་ Brazil རྒྱལ་ཁབ་ཀྱི་ཁྲིམས་དཔོན་བགྲེས་པ་ Lelio Bentes Correa ལགས་ལྷན་བཞུགས་གནང་ཡོད་པ་མ་ཟད། ཁོང་རྣམ་པ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ལྷན་དུ་མཇལ་འཕྲད་ཡང་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།