Tibetan Royal Year of 2151 | Year of the Wood Dragon

ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པའི་ལས་ཉིན་ ༧ ཐོག་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་ཕེབས་ཡོད།

ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུས་པའི་ཚོགས་ཆུང་གི་སྙན་ཐོ་དེ་བཞིན་ལས་དོན་འགོ་འཛུགས་དང་། ཚོགས་གཙོ་སྦྲེལ་པོའི་ལམ་སྟོན། མི་མང་གི་བསམ་ཚུལ། ལས་དོན་སྒྲུབ་སྟངས་དང་མཇུག་བསྡོམས་བཅས་ཁྱོན་སྡེ་ཚན་ལྔའི་ནང་འཆར་འགོད་གནང་འདུག་པ་དང་། ད་རེས་ཚོགས་ཆུང་གི་ལས་བསྡོམས་དང་ལྷན་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་ཁག་ ༣༠ ལ་བསྐྱར་བཅོས་འཆར་ཟིན་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི། བཙན་བྱོལ་བོད་མིའི་རྩིས་ཞིབ་ལས་ཁང་གི་སྒྲིག་གཞི་སོགས་ཁྱོན་སྒྲིག་གཞི་གྲངས་བརྒྱད་ཀྱི་དོན་ཚན་མི་ཉུང་བ་ཞིག་གི་ཐོག་ལ་བསྐྱར་བཅོས་འཆར་ཟིན་བསྣམས་ཕེབས་འདུག

དེ་རིང་གྲོས་ཚོགས་སུ་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་སྙན་སྒྲོན་ཞུས་མཚམས། འདི་ག་གསར་འགོད་པས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་སུ་བཀའ་འདྲི་ཞུས་སྐབས། ཁོང་གིས་ཚོགས་ཆུང་གི་ངོས་ནས་ཚོགས་གཙོ་སྦྲེལ་པོའི་ལམ་སྟོན་བཞིན་ད་ལྟའི་ཆར་བཅའ་ཁྲིམས་ཀྱི་ཐོག་ནས་འཕྲད་བཞིན་པའི་དཀའ་ངལ་ཁག་སེལ་ཐབས་སླད་མཛད་གཙོ་རྣམ་པ་དང་མི་མང་བཅས་ནས་དགོངས་ཚུལ་བསྡུ་རུབ་གནང་ཡོད་པ་དེ་ལྟར་ཡང་། དགོངས་ཚུལ་ཡོངས་སུ་རྫོགས་པ་ད་ལྟའི་བསྐྱར་བཅོས་ནང་བསྣམས་ཐུབ་པ་མི་འདུག་ཅེས་འགྲེལ་བརྗོད་དང་འབྲེལ། ད་ལྟའི་ཆར་སྒྲིག་འཛུགས་དེ་ཉིད་སྲ་བརྟན་དགོས་གལ་ཡིན་སྟབས། དེའི་ཆེད་དུ་དགོས་ངེས་ཀྱི་བསྐྱར་བཅོས་དེ་དག་བསྣམས་ཡོད་པ་སོགས་གསུངས་སོང་།

རྩ་བའི་དེ་རིང་གྲོས་ཚོགས་སུ་ཕེབས་པའི་བསྐྱར་བཅོས་འཆར་ཟིན་དེ་དག་ཐེངས་འདིའི་གྲོས་ཚོགས་ཀྱི་ལས་ཉིན་ལྷག་འཕྲོས་ནང་རིམ་པས་གཏན་འབེབས་གནང་འཆར་ཡོད་པ་དང་། དེ་རིང་གྲོས་ཚོགས་སུ་ཕེབས་པའི་བསྐྱར་བཅོས་ཁྲིམས་འཆར་ནང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་རེ་གསུམ་པའི་ནང་གསེས་ ༢ པའི་ག་པ་དེ་བསྟུན་མི་དགོས་པ། ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་འོས་ཐོན་བྱུང་འཕྲལ་ཁྲིམས་ཞིབ་པ་ཆེ་བའམ་སྤྱི་འཐུས་ཚོགས་གཙོའི་མདུན་ནས་ལས་འཁུར་དམ་བཅའམ་ཁས་ལེན་བྱ་དགོས་པ། འདེམས་ཐོན་སྲིད་སྐྱོང་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའམ་སྤྱི་འཐུས་ཚོགས་གཙོའི་མདུན་ནས་ལས་འཁུར་དང་གསང་རྒྱའི་དམ་བཅའམ་ཁས་ལེན་བྱ་དགོས་པ། འདེམས་ཐོན་བཀའ་བློན་རྣམ་པ་སྲིད་སྐྱོང་གི་མདུན་ནས་ལས་འཁུར་དང་གསང་རྒྱའི་དམ་བཅའམ་ཁས་ལེན་བྱ་དགོས་པ། འདེམས་ཐོན་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་རྣམ་གཉིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའམ་སྲིད་སྐྱོང་གི་མདུན་དུ་ལས་འཁུར་དམ་བཅའམ་ཁས་ལེན་བྱ་དགོས་པ། དེ་བཞིན་དོན་ཚན་བརྒྱད་པ་བོད་ཀྱི་ཡུལ་མི་ཞེས་པའི་ནང་རྒྱལ་ཁབ་གཞན་གྱི་ཡུལ་མི་བོད་ཀྱི་ཡུལ་མི་དང་མཉམ་དུ་ལུགས་མཐུན་གཉེན་སྒྲིག་བྱས་ཏེ་མུ་མཐུད་ལོ་ལྔ་ལས་བརྒལ་བ་རྣམས་བོད་ཀྱི་ཡུལ་མིར་ཞུགས་འདོད་ཡོད་ཚེ་ཞུགས་ཆོག་པ། སྤྱི་འཐུས་རྒྱུན་ལས་ཀྱི་གྲུབ་ཆའི་ནང་རྒྱ་བལ་འབྲུག་གསུམ་ཕུད་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་སྤྱི་འཐུས་གཅིག་རེ་ཞུགས་རྒྱུ་སོགས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་འཆར་ཟིན་མི་ཉུང་བ་ཞིག་བསྣམས་ཕེབས་འདུག  

འབྲེལ་ཡོད་གསར་གནས།

གསར་གནས།