Tibetan Royal Year of 2151 | Year of the Wood Dragon

ཤེས་རིག་གི་སྔོན་རྩིས་དང་འབྲེལ་ཕྱི་རྒྱལ་ཡུལ་གྲུ་ཁག་གི་གཟའ་མཇུག་སློབ་གྲྭའི་སྐོར་འདྲི་རྩད་དང་བགྲོ་གླེང་།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སུ་སྔ་དྲོ་ཁྲིམས་སྒྲིག་བསྐྱར་བཅོས་འཆར་འཛིན་ཚོགས་ཆུང་གི་ལས་བསྡོམས་འགོད་འབུལ་རྗེས་སུ། ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་དང་གཏན་འབེབས་ཀྱི་ལས་རིམ་ཐོག་ཕེབས་པའི་ཁྲོད། ཤེས་རིག་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་གནང་ཡོད།

Tharlam Dolma

སྐབས་དེར་སྤྱི་འཐུས་ཁག་གཅིག་གིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་གལ་གནད་སྐོར་དང་འབྲེལ། དེང་བོད་མི་ཕོན་ཆེ་ཞིག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གཞིས་སྤོས་གནང་ཟིན་པ་དང་འབྲེལ་ནས་གཟའ་མཇུག་སློབ་གྲྭ་ཡང་མང་རུ་འགྲོ་བཞིན་པའི་གནས་སྟངས་ཆགས་ཀྱི་ཡོད་སྟབས། ཤེས་རིག་ལས་ཁུངས་ནང་དུ་གཟའ་མཇུག་སློབ་གྲྭའི་ཚན་པ་ཞིག་གསར་བཙུགས་གནང་དགོས་གལ་དང་དེ་བཞིན་་སྤྱི་འཐུས་ཁག་གཅིག་ནས་བཞུགས་སྒར་རྡ་ཤོས་བོད་ཁྱིམ་སློབ་གྲྭ་དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་པའི་བོད་ཕྲུག་གི་ཆེད་དུ་དམིགས་བསལ་གྱི་གཏན་འཇག་སློབ་གྲྭའི་ངོ་བོར་བསྒྱུར་རྒྱུའི་སྐོར་གླེང་སློང་འགྲོ་བཞིན་པ་དང་འབྲེལ་ནས་བཀའ་འདྲི་ཞུས་སོང་ལ། ཁག་གཅིག་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུུན་འཛིན་སླད་གཞི་རིམ་སློབ་གྲྭ་ཟུར་དུ་འཛུགས་དགོས་གལ་སྐོར་ལ་བཀའ་མོལ་གསུངས་མཁན་བྱུང་སོང་།

སྐབས་དེར་ཤེས་རིག་བཀའ་བློན་མཆོག་གིས་ད་ལྟའི་ཆར་ཤེས་རིག་ལས་ཁུངས་སུ་འབྲེལ་མཐུད་པ་གཅིག་བསྐོ་བཞག་ཡོདསྐོར་ལན་འདེབས་གནང་བ་དང་། དེ་བཞིན་སྲིད་སྐྱོང་མཆོག་ནས་ཨ་རིའི་ Minnesota ནང་དུ་ Charter School ཞེས་པའི་དམིགས་བསལ་སློབ་གྲྭ་ཞིག་འཛུགས་རྒྱུའི་སྐོར་གླེང་སློང་དང་འཆར་གཞི་ཡོད་པའི་སྐོར་གསུངས་སོང་།

Sikyong Penpa Tsering

གཞན་ཡང་སྤྱི་འཐུས་ཁག་གཅིག་གིས་དེང་སྐབས་བོད་པའི་སློབ་གྲྭ་ཁག་གི་ནང་དུ་ Learning Disability འམ་ཤེས་ཡོན་རྟོགས་ཡག་གི་ནུས་པ་ཞན་པ་ཡོད་པའི་གནད་དོན་མང་རུ་འགྲོ་བཞིན་པ་དང་འབྲེལ་ནས་དེའི་ཐོག་སྲིད་བྱུས་དང་མཐུན་རྐྱེན་གང་དང་གང་སྦྱོར་གནང་གི་ཡོད་པའི་སྐོར་ལ་བཀའ་འདྲི་ཕེབས་པར། ཤེས་རིག་བཀའ་བློན་མཆོག་ནས་ཀྱང་དེང་སྐབས་དཀའ་ངལ་འདི་ཡོད་པར་ངོས་བཞེས་གནང་བའི་ཐོག་ཤེས་རིག་ལས་ཁུངས་ཀྱི་དམིགས་བསལ་ཤེས་ཡོན་སློབ་སྟོན་པ་གཅིག་ཡོད་པའི་ཐོག་ནས་ཕྱག་ལས་གནང་བཞིན་པའི་བཀའ་ལན་གནང་སོང་།

དེ་མིན་དེ་རིང་ཤེས་རིག་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་ཁྲོད། ཤེས་རིག་ལས་ཁུངས་ཀྱི་མ་དངུལ་དང་འབྲེལ་ནས་གླེང་སློང་མུ་མཐུད་བྱུང་སོང་ལ། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་སྲིད་བྱུས་ལག་བསྟར་སྐོར་དང་། སློབ་གྲྭ་ཟླ་སྒྲིལ་གྱི་གནས་སྟངས། དེ་བཞིན་སློབ་གྲྭའི་ནང་དུ་མདུན་ལམ་སློབ་སྟོན་གྱི་གནས་སྟངས་སྐོར་སོགས་ཀྱི་ཐོག་ལ་ཡང་གླེང་སློང་བྱུང་སོང་།

སྔ་དྲོའི་ཚོགས་ཐུན་གཉིས་ཤེས་རིག་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་དང་སྔོན་རྩིས་གཏན་འབེབས་གྲུབ་པའི་རྗེས་སུ་ཉིན་རྒྱབ་ནང་སྲིད་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་གི་ལས་ཐོག་ཕེབས་གནང་སོང་བ་ལྟར། སྐབས་དེར་སྤྱི་འཐུས་ཁག་གཅིག་གིས་ Bandara ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མཉམ་འབྲེལ་དྲུང་ཆེ་བོར་བརླགས་སོང་བའི་གནས་སྟངས་དང་འབྲེལ་ནས་བཀའ་འདྲི་ཞུས་པ་དང་མཉམ་འབྲེལ་གྱི་མ་འོངས་འཛིན་སྐྱོང་ཐོག་དོ་ནན་གནང་དགོས་གལ་གསུངས་པ་མ་ཟད། རྗེས་འབྱོར་བ་སྡོད་ཁང་མེད་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཤག་བགོ་འགྲེམས་གནང་ཕྱོགས། དེ་བཞིན་དྷ་ས་ཁུལ་དུ་བོད་ནས་རྗེས་འབྱོར་བ་སྡོད་ཁང་མེད་པའི་ཁྱིམ་ཚང་རྣམས་ལ་སྒྲིག་འཛུགས་ནས་ཁང་གླ་མཚོན་པའི་མཐུན་རྐྱེན་སྦྱོར་རྒྱུ་སོགས་གནད་དོན་མི་ཉུང་བ་ཞིག་གི་ཐོག་གླེང་སློང་བྱུང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།