Tibetan Royal Year of 2151 | Year of the Wood Dragon

གཞོན་ནུའི་ལས་འགུལ་བ་ ༡༥༠ རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བྱས་འདུག

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་བོད་མི་ཚོས་ལས་འགུལ་གྱི་རྣམ་པ་འདྲ་མིན་བརྒྱུད་དེ་རིང་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༥༨ སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། དེ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲོག་འོག་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་མདུན་དུ་ལས་འགུལ་བ་བགོས་འགྲེམས་ཀྱིས་རྒོལ་མཆོང་ལས་འགུལ་སྤེལ་སྟབས།  གཞོན་ནུའི་ཚོགས་གཞོན་གྱིས་གཙོས་པའི་ལས་འགུལ་བ་ ༡༥༠ འཛིན་བཟུང་བྱས་འདུག

ད་ལན་གྱི་བོད་མི་དེ་དག་གིས་ལས་འགུལ་སྤེལ་བའི་དགོས་དམིགས་གཙོ་བོ་ནི། གཞིས་བཞུགས་བོད་མི་རྣམས་ལ་ཆོས་དད་དང།  སྨྲ་བརྗོད།    འགྲོ་འོང་།   སྐད་ཡིག་དང་རིག་གཞུང་སོགས་ཀྱི་རང་དབང་ཁག་ལ་དམ་བསྒྲགས་བྱེད་གཞིན་པ་དེར་ངོ་རྒོལ་དང་། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་འགྲོ་བ་མིའི་གཞི་རྩའི་རང་དབང་སྤྲོད་དགོས་པ་དང་རྒྱལ་སྤྱིའི་ངོས་ནས་བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་གནང་དགོས་པ་སོགས་ཀྱི་དགོས་འདུན་བཏོན་ཡོད།

དེ་ཡང་བོད་མི་ལས་འགུལ་བ་རྣམས་དེ་རིང་སྔ་དྲོ་ཚོུད་ ༡༠།༠༠ ཡོམ་ཙམ་ལ་རྒྱ་གར་གྱི་ས་གནས་སྐོར་སྲུང་བ་བརྒྱ་ཕྲག་འགའ་འགྲེམས་འཇོག་བྱེད་པར་ལྟོས་མེད་ཀྱིས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་མདུན་དུ་རྒོལ་མཆོང་གི་ལས་འགུལ་སྤེལ་སྟབས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་རྟ་མགྲིན་སྲིད་ཆོས་ལགས་ཀྱིས་དབུས་པའི་བལ་ཡུལ་སྤོག་ར་ས་གནས་གཞོན་ནུའི་ཚོགས་གཙོ་དང་། ལྡི་ལི་རོ་ཧི་ནི་བོད་ཁྱིམ་སྡོད་ཁང་གི་མཐོ་རིམ་སློབ་མ་བཅས་ཁྱོན་བོད་མི་ལས་འགུལ་བ་ཕོ་མོ་གྲངས་ ༡༥༠ རྣམས་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་རེད།

སྐབས་དེར་ས་གནས་སུ་རྒྱལ་སྤྱིའི་གསར་འགོད་པ་དང་རྒྱ་གར་གི་གསར་འགོད་པ། དེ་བཞིན་བོད་པའི་གསར་འགོད་པ་བཅས་མང་དག་ཞིག་ཕེབས་ཡོད་པ་དེ་དག་ལ་བོད་ནང་གི་བོད་མི་ཚོ་རྒྱ་ནག་གི་ཆེས་སྡུག་རྩུབ་ཆེ་བའི་སྲིད་བྱུས་འོག་དཀའ་ངལ་དུ་མ་མྱོང་བཞིན་པའི་གནས་སྟངས་སྤྱི་དང་སྒོས་སུ་བོད་མིའི་མངོན་འདོད་དང་ལས་འགུལ་དེའི་དགོས་འདུན་སོགས་འགྲེལ་བརྗོད་གནང་རྒྱུའི་གོ་སྐབས་ཤིག་ཀྱང་བྱུང་ཡོད་པ་རེད།

རྩ་བའི་དེ་རིང་སྔ་དྲོ་ལྡི་ལི་བོད་མིའི་གཞིས་སྒར་བསམ་ཡས་གླིང་དུ་གཞུང་འབྲེལ་གྱི་གསུམ་བཅུའི་དུས་དྲན་སྲུང་ཐེངས་ ༥༨ པ་སྲུང་བརྩི་ཞུས་གྲུབ་རྗེས། བོད་མི་ ༣༠༠ ལྷག་འདུ་འཛོམས་ཀྱིས་ལྡི་ལི་གསར་པའི་  Connaught place  ས་གནས་ཀྱི་ Ranjit Singh Flyover  ནས་དབུ་འཛུགས་ཀྱིས་ཇནྟར་མནྟར་བར་ངོ་རྒོལ་རྔམ་སྟོན་གྱི་གོམ་བགྲོད་གནང་པ་དང་། བོད་མི་ཚོས་ཇནྟར་མནྟར་ཁུལ་དུ་༸གོང་ས་མཆོག་༸སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག  བོད་ཀྱི་བདག་པོ་བོད་མི་ཡིན། རྒྱ་མི་བོད་ནས་ཕྱིར་འཐོན་དགོས་པ་སོགས་ཀྱི་འབོད་ཚིག་སྒྲོག་ཤིང་ངོ་རྒོལ་གནང་ཡོད་པ་རེད། བོད་མི་ཚོས་ཇནྟར་མནྟར་དུ་མཛད་སྒོ་སྟབས་བདེ་ཞིག་ཚོགས་པའི་སྐུ་མགྲོན་དུ་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་གནད་ཡོད་མི་སྣ་ཁག་ཅིག་གིས་ཀྱང་གསུང་བཤད་གནང་སོང་།

གཞན་ཡང་དེ་མཚུངས་སུ་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་སྦེང་ལོར་ལྷོ་སྤྱི་ལས་ཁུངས་དང་ལྷོ་ཕྱོགས་བོད་མིའི་གཞིས་ཁག་ལྔའིི་ས་གནས་གཞོན་ནུ་དང་བེུད་ལྷན་ཚོགས་ཐོུང་གིས་གོ་སྒྲིག་འོག་སྦེང་ལོར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། སྦེང་ལོར་ཏཱ་ལའི་བླ་མ་མཐོ་སློབ། སྦེང་ལོར་ནི་ལ་མང་ལ་ལག་ཤེས་སྦྱོང་བསྡར་བསྟི་གནས་ཁང་དང་། དེ་བཞིན་ཁུལ་དེའི་མཐོ་སློབ་འདྲ་མིན་ནང་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་སློབ་ཕྲུག ས་གནས་བོད་མི་བཅས་ཀྱིས་གྲོང་ཁྱེར་སྦེང་ལོར་གྱི་ Banamantapa park ཞེས་པའི་སྤྱི་གླིང་དུ་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༥༨ སྲུང་བརྩི་གཟབ་རྒྱས་ཞུས་འདུག

 

འབྲེལ་ཡོད་གསར་གནས།

གསར་གནས།