Tibetan Royal Year of 2151 | Year of the Wood Dragon

བོད་མིའི་རང་དབང་སྒེར་ལངས་ཉིན་མོར་བཀའ་སྤྱི་གཉིས་ཀྱིས་རྒྱ་གཞུང་ནས་བོད་མིའི་ཐོག་གུ་ཡངས་ཀྱི་སྲིད་བྱུས་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་གནང་སོང་།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

དེ་རིང་བཞུགས་སྒར་དུ་ཟླ་ ༣ ཚེས་ ༡༠ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་གི་གསུང་ཆོས་ར་བར་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༥༨ པ་དེ་བཞིན་ Italy ལྷོ་ Tyrol རང་སྐྱོང་མངའ་ཁུལ་གྱི་སྲིད་འཛིན་སྐུ་ཞབས་ Dr Arno Kompatscher མཆོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་སྲུང་བརྩི་ཞུས་སོང་བ་དང་། གཞུང་འབྲེལ་མཛད་སྒོ་འདིའི་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྣམ་གཉིས་ཀྱིས་རྒྱ་གཞུང་ནས་བར་ལམ་ནས་བོད་མིའི་ཐོག་དམ་བསྒྲགས་ཇེ་ཆེར་གཏོང་བཞིན་པ་གསལ་བཏོན་གནང་པ་དང་ཆབས་ཅིག གཞུང་གིས་འགོ་ཁྲིད་ཚོས་བོད་ནང་སྲིད་བྱུས་གུ་ཡངས་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བསྐྱར་ནན་གནང་སོང་།

རྩ་བའི་དེ་རིང་གི་ཉིན་མོ་འདི་ནི་ཕྱི་ལོ་ ༡༩༥༩ལོར་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གཞུང་གིས་བོད་རྒྱལ་ཁབ་ཆེན་པོ་བཙན་བཟུང་བྱ་རྒྱུ་དང་སྒོས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱར་བསྡོ་བའི་ངན་བྱུས་གཏིང་པའི་རྐྱེན། བོད་ཆོལ་ཁ་གསུམ་གྱི་བོད་མི་ཚོས་མ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་རྒྱ་ནག་གཞུང་གི་ངན་བྱུས་ལ་ཞི་བའི་སྒེར་ལངས་གནང་པའི་ལོ་རྒྱུས་ནང་དྲན་གསོ་ཞུ་དགོས་པའི་དུས་ཚིགས་ཤིག་ཆགས་ཡོད་པ་ལྟར། གཞུང་འབྲེལ་མཛད་སྒོའི་སྐབས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་སྤྱི་འཐུས་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྣམ་གཉིས་ཀྱིས་དུས་དྲན་ངོ་སྤྲོད་དང་། ལྷག་དོན་ད་བར་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལུས་སྲོང་ལོངས་སྤྱོད་བློས་བཏང་གནང་མཁན་འདས་གསོན་ཡོངས་ལ་རྗེས་དྲན་དང་ད་ལྟ་དཀའ་སྡུག་འོག་ཡོད་མཁན་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཡོད་པ་གསུངས་ཡོད།

ཁྱད་པར་དུ་དེ་རིང་གི་མཛད་སྒོ་འདིའི་ཐོག་ནས་བཀའ་སྤྱི་གཉིས་ཀྱིས་བར་ལམ་ནས་རྒྱ་གཞུང་གིས་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་གྱི་སྡོད་ཁང་གཏོར་བཤིག་དང་གྲྭ་བཙུན་ཕྱིར་ཕུད་བཏང་བའི་ལས་གཞི་དང་། ཆོས་ལུགས་ལས་དོན་གྱི་སྲོལ་ཡིག་ཟེར་བར་བསྐྱར་བཅོས། དེ་དེ་བཞིན་ཉེ་ཆར་༸གོང་ས་མཆོག་གིས་དྲུང་ནས་དུས་འཁོར་དབང་ཆེན་ཞུ་བར་འགྲོ་མི་ཆོག་པའི་བཀག་འགོག་སོགས་ཆོས་ཕྱོགས་ཀྱི་ཐད་ནས་དམ་བསྒྲགས་ཧ་ཅང་བྱེད་མུས་ཡིན་གསལ་བཏོན་གནང་པ་མ་ཟད། དེ་བཞིན་ཁྲིམས་མཐུན་སྐད་ཡིག་དང་ཁོར་ཡུག་སྲུང་སྐྱོབ་གནང་མཁན་སོགས་ལའང་དམ་བསྒྲགས་ཇེ་ཆེར་གཏོང་མུས་ཡིན་གསུངས་གནང་སོང། སྒོས་སུ་སྲིད་སྐྱོང་མཆོག་གིས་འདི་ནི་རིག་གནས་གསར་བརྗེ་བསྐྱར་སློང་ཞིག་ཏུ་འགྲེལ་བརྗོད་དང་སྦྲགས། ད་ལྟའི་རྒྱ་གཞུང་གི་འགོ་ཁྲིད་ཚོས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་ཀྱིས་དེ་སྔ་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཧུའུ་ཡའོ་པང་གིས་བོད་ཐོག་བཟུང་བའི་གུ་ཡངས་ཀྱི་སྲིད་བྱུས་ལག་བསྟར་གནང་གལ་ཡིན་པའི་འབོད་སྐུལ་ནན་པོ་གནང་ཡོད།

ད་དུང་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་ལྔ་དང་ལྔ་བཅུའི་ཐབས་བྱུས་འོག་ནས་འབྱུང་འགྱུར་ལོ་ལྔའི་ནང་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་དང་འབྱུར་འགྱུར་ལོ་ལྔ་བཅུའི་རིང་སྒྲིག་འཛུགས་རྒྱུན་གནས་གནང་སྟེ་བོད་མིའི་རང་དབང་འཐབ་རྩོད་རྒྱུན་སྐྱོང་གནང་ངེས་ཡིན་པ་གསུངས་ཡོད། འོན་ཀྱང་སྲིད་སྐྱོང་མཆོག་གིས་དེ་རིང་གི་དུས་ཚིགས་འདིའི་ཐོག་ནས་བོད་མིའི་རྩ་དོན་ལ་གནོད་གཞི་དང་༸གོང་ས་མཆོག་ལ་གཞི་མེད་མཚན་སྨད་ཞུ་མཁན་རྒྱ་ནག་གཞུང་གི་རྒྱུགས་ཁྱིའམ་དོལ་རྒྱལ་རྗེས་འབྲང་པ་ཁ་ཤས་ཀྱི་གཙོས། སྨྲ་བརྗོད་རང་དབང་ཁ་ལ་འཁྱེར་ནས་མགོན་པོ་༸གང་ཉིད་མཆོག་ལ་ཟུར་ཟ་བྱེད་མཁན་ལ་མཐའ་ཅིག་ཏུ་གདོང་ལེན་དང་ངོ་རྒོལ་གནང་རྒྱུ་ཡིན་པ་གསུངས་སོང།

དེ་བཞིན་སྲིད་སྐྱོང་མཆོག་གིས་འདི་ལོ་ནི་བོད་མིའི་སྒྲིག་འཛུགས་ནས་ལས་འགུལ་གྱི་ལོར་སྲུང་བརྩི་གནང་རྒྱུ་དང་། ༢༠༡༨ དེ་བཞིན་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ ༦༠ འཁོར་གྱི་ཡོད་པ་དང་བསྟུན། གནས་ཡུལ་རྒྱལ་ཁབ་ཁག་ལ་བཀྲིན་རྗེས་དྲན་གྱི་ངོ་བོ་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་སོགས་ཀྱང་གནང་ཡོད།

བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་རྒྱ་གཞུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་དམ་འཛིན་གྱིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་ཐབས་ལ་ཚུལ་མཐུན་གྱི་ཡ་ལན་གང་ཡང་མེད་པར། ༸གོང་ས་མཆོག་གི་མཛད་འཕྲིན་དང་བོད་མིའི་སྒྲིག་འཛུགས་ལ་སྐྱོན་བརྗོད་དང་མཁྲེགས་བཟུང་གི་སྲིད་བྱུས་མུ་མཐུད་འཛིན་བཞིན་ཡོད་པ་གསུངས་པ་དང་སྦྲགས། བོད་རྒྱའི་དཀའ་རྙོག་འདི་སེལ་དགོས་ན་རྒྱ་ནག་གཞུང་ཁོ་ནའི་ལག་ན་ཡོད་པ་གསུངས་སོང་།

གསུམ་བཅུའི་དུས་དྲན་ཐེངས་ ༥༨ པའི་གཞུང་འབྲེལ་སྐུ་མགྲོན་གཙོ་བོ་ Italy ལྷོ་ Tyrol རང་སྐྱོང་མངའ་ཁུལ་གྱི་སྲིད་འཛིན་སྐུ་ཞབས་ Dr Arno Kompatscher མཆོག་གིས་དེ་གར་འདུས་པའི་བོད་རིགས་རྣམས་ལ་ལྷོ་ Tyrole རང་སྐྱོང་མངའ་ཁུལ་གྱི་མི་དམངས་དང་བོད་མའི་དབར་གྱི་འབྲེལ་བ་དམ་ཟབ་ཡོད་པ་དེའི་བྱུང་སྟངས་དེ་ཐོག་མར་ལོ་ ༢༠ སྔོན་༸གོང་ས་མཆོག་ཁུལ་དེར་ཆིབས་བསྒྱུར་བསྐྱངས་པའི་རྗེས་ནས་བྱུང་ཡོད་པ་གསུངས་པ་དང་སྦྲགས། ཁོང་དེ་རིང་བོད་མི་ཚོ་དང་མཉམ་དུ་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་སྐོར་གསུངས་ཡོད།  ཁྱད་པར་དུ་སྐུ་ཞབས་ Dr Arno Kompatscher མཆོག་གིས་ད་བར་ལྷོ་Tyrole ནས་བོད་མིའི་ཤེས་ཡོན་དང་འཕྲོད་བསྟེན། དེ་བཞིན་མང་གཙོ་སོགས་ཀྱི་ཐད་ནས་རོགས་རམ་རྒྱབ་སྐྱོར་གནང་མུས་ཡིན་པའི་སྐོར་གསུངས་པ་དང་སྦྲགས། ད་བར་བོད་ཀྱི་གནད་དོན་ཐོག་ལ་གྲུབ་འབྲས་ཤིག་སོན་མེད་ནའང་། འབྱུང་འགྱུར་བདེན་མཐའ་སེལ་བའི་རེ་བ་ཡོད། དེའི་བར་ན་བོད་མི་ཚོའི་མི་རབས་བརྗེ་འགྲོ་གི་ཡོད་ནའང་མི་རབས་གཞོན་པ་ཚོས་ཆོད་སེམས་བརྟན་པོའི་ཐོག་ནས་སྔར་བཞིན་རང་གི་ཆོས་དང་རིག་གཞུང་སྲུང་སྐྱོབ་གནང་གལ་ཡིན་པ་གསུངས་ཡོད། དེ་བཞིན་གཞུང་འབྲེལ་སྐུ་མགྲོན་ཁོངས་སུ་ཕེབས་པ་ France གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Mchel Raison མཆོག་དང་ཚོགས་གཙོ་གཞོན་པ་སྐུ་ཞབས་ Ander Gattoline མཆོག Canada འི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ Consigilo Di Nino མཆོག་བཅས་ནས་དེ་རིང་གིས་དུས་དྲན་དང་བསྟུན་བོད་མིར་གདུང་སེམས་མཉམ་བསྐྱེད་ཀྱི་གསུང་བཤད་དང་ཁྱད་པར་དུ་༸གོང་ས་མཆོག་གི་གསོལ་བསྩལ་མཛད་པའི་བོད་མིའི་མང་གཙོའི་ལམ་ལུགས་དང་འཕེལ་རིམ་ལ་ཆེ་བསྟོད་སོགས་གནང་ཡོད།

གཙུག་ལག་ཁང་དུ་གཞུང་འབྲེལ་མཛད་སྒོ་གྲུབ་བསྟུན། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ལྔ་ནས་རྡ་ཤོད་ཁྲིམས་ཁང་བར་རྔམ་སྟོན་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།