Tibetan Royal Year of 2151 | Year of the Wood Dragon

ཆོད་གན་གྱི་དགེ་རྒན་གཏན་འཇགས་བཟོ་རྒྱུ་ཐོག་རྒྱ་གར་གཞུང་ལ་བཀའ་བསྡུར་གནང་དགོས།

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ཁ་སང་དང་དེ་རིང་གི་ལས་ཉིན་ཐོོག་བོད་མིའི་སྒྲིག་འཛུགས་ཤེས་རིགས་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་དང་སྦྲགས་ཏེ། བགྲོ་གླེང་གནང་བའི་ཁྲོད་སྤྱི་འཐུས་མང་དག་ཅིག་གིས་དབུས་བོད་སློབ་འཛིན་ཚོགས་ཀྱི་གནད་དོན་དང་འབྲེལ་ནས་དགེ་ལས་རྣམས་ལ་བགྲེས་ཕོགས་ཀྱི་གནད་དོན་ཐོག་ཐུགས་འཚབ་ལྷག་པར་དུ་སློབ་གྲྭ་ཁག་ཏུ་ཕྱག་ལས་གནང་བཞིན་པའི་ཆོད་གན་གྱི་དགེ་ལས་རྣམས་ལ་སྐུ་ངལ་ཆེན་པོ་འཕྲད་བཞིན་སྐོར་གླེང་སློང་ཤུགས་ཆེར་གནང་དོན་ལྟར། སྲིད་སྐྱོང་མཆོག་གིས་དགེ་རྒན་གཏན་འཇགས་བཟོ་རྒྱུ་སོགས་ཀྱི་གནད་དོན་ཐོག་རྒྱ་གར་གཞུང་ལ་བཀའ་བསྡུར་གནང་དགོས་པ་ལས་ང་ཚོར་ཐོག་གཅོད་གནང་དབང་མེད་པ་དེ་ལྟར་ཡང་རྒྱ་གར་གཞུང་ལ་མུ་མཐུད་ནས་འབོད་སྐུལ་ཞུ་རྒྱུ་ཡིན་གསུངས་ཡོད།

དེ་བཞིན་ཤེས་རིག་བཀའ་བློན་མཐར་ལམ་སྒྲོལ་མ་མཆོག་གིས་དབུས་བོད་སློབ་འཛིན་ཚོག་ཀྱི་སློབ་གྲྭ་ཆ་ཚང་བོད་མིའི་སྒྲིག་འཛུགས་ནས་རྩིས་བཞེས་ཟིན་པར་ངོ་སྤྲོད་དང་སྦྲགས། དེ་སྔ་སཾ་བྷོ་ཊའི་དགེ་ལས་རྣམས་ལ་དྲ་ལམ་བརྒྱུད་བགྲེས་ཕོགས་དང་འབྲེལ་ཏེ། རྒྱ་གར་གཞུང་ནས་རག་ཐབས་གནང་རྒྱུའི་འགན་འཐུས་ཚང་བཞེས་རྒྱུ་ཡིན་སྐོར་གསུངས་པ་དང་། རྒྱ་གར་གཞུང ལའང་ crore ༡༨ འཆར་འབུལ་ཞུས་ཡོད་པ་དང་བགྲེས་ཕོགས་གནང་རྒྱུ་ལྷག་བསྡད་རྣམས་ལ་ཐོབ་ཐང་ཆ་ཚང་སྤྲད་རྒྱུའི་འགན་སཾ་བྷོ་ཊས་བཞེས་ཀྱི་རེད་གསུངས་སོང་། སྲིད་སྐྱོང་མཆོག་གིས་ཀྱང་སློབ་གྲྭ་འཛིན་སྐྱོང་གནང་རྒྱུ་དེ་སཾ་བྷོ་ཊས་གནང་རྒྱུ་ལས་གསོལ་ཕོགས་དེ་རྒྱ་གར་གཞུང་ནས་གནང་གི་ཡོད་སྟབས། དགེ་རྒན་གཏན་འཇགས་བཟོ་རྒྱུ་སོགས་ཀྱི་གནད་དོན་ཐོག་རྒྱ་གར་གཞུང་ལ་བཀའ་བསྡུར་གནང་དགོས་པ་ལས་ང་ཚོར་ཐོག་གཅོད་གནང་དབང་མེད་པ་དེ་ལྟར་ཡང་རྒྱ་གར་གཞུང་ལ་མུ་མཐུད་ནས་འབོད་སྐུལ་ཞུ་རྒྱུ་ཡིན་གསུངས་ཡོད།

སྤྱིར་དབུས་བོད་སློབ་འཛིན་ཚོགས་ཀྱི་ལྷག་ལུས་སློབ་གྲྭ་ཁག་དྲུག་རྩིས་བཞེས་ཟིན་པའི་གནས་སྟངས་དང་འབྲེལ་ནས་ཟླ་བ་འདིའི་ཚེས་ ༣༡ ཉིན་བོད་སློབ་འཛིན་ཚོགས་སྒོ་བརྒྱབ་རྒྱུ་དང་བདུན་རྗེས་མའི་རེས་གཟའ་ཟླ་བར་ཛ་དྲག་གི་ཚོགས་འདུ་ཞིག་བསྐོང་ཚོགས་གནང་གི་ཡོད་སྟབས་ཤེས་རིག་བཀའ་བློན་མཆོག་ཚོགས་འདུ་ཐོག་ཚོགས་བཅར་གནང་གི་ཡོད་པ་རེད།

དེ་བཞིན་གྲོས་ཚོགས་སུ་གླེང་སློང་བྱུང་བའི་གནད་དོན་གཅིག་ནི་སློབ་གྲྭ་ཟླ་སྒྲིལ་གནང་རྒྱུ་དང་ལྷག་པར་དྷ་ཤོད་དཔེ་སྟོན་སློབ་གྲྭ་དེ་ཤེས་རབ་དགའ་ཚལ་སློབ་གླིང་དུ་གནས་སྤོས་གནང་བ་ཕན་ཚུན་གཉིས་ལ་སྐུ་ངལ་ཤུགས་ཆེར་འཕྲད་བཞིན་ཡོད་པ་དང་། སྤྱི་འཐུས་ཁག་ཅིག་གིས་ཤེས་རབ་དགའ་ཚལ་སློབ་གླིང་ནི་བོད་ནས་གསར་དུ་ཕེབས་པའི་སློབ་ཕྲུག་རང་གི་ཆེད་དུ་ཡིན་པས་རང་སོར་བཞག་དགོས་པ་དང་། ཡང་ན་ས་གནས་གང་ཞིག་ཏུ་གནས་སྤོ་གནང་ཡང་མིང་བྱང་རང་གནས་དགོས་པ། དེ་བཞིན་འཛིན་སྐྱོང་ནས་ལམ་སྟོན་ཁ་གསལ་ཞིག་གནང་དགོས་སྐོར་གྱི་དགོངས་ཚུལ་དང་། སྤྱི་འཐུས་ལ་ལས་དཔེ་སྟོན་སློབ་གྲྭ་དེ་སྒོ་བརྒྱབ་ཟིན་པའི་པོན་ཊ་སློབ་གྲྭ་སོགས་སུ་གནས་སྤོ་གནང་དགོས་པའི་དགོངས་ཚུལ་ཕེབས་པ་ལྟར། ཤེས་རིག་བཀའ་བློན་མཆོག་གིས་ཕྱི་ལོ་ ༡༩༩༩ ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སློབ་གྲྭ་མཁོ་བསྡུ་གནང་རྒྱུ་དབུ་འཛུགས་གནང་ཡོད་པ་དང་། ཉེ་བའི་ཆར་སཾ་བྷོ་ཊའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་ག་ཚོང་སྒོ་བརྒྱབ་པ་དང་མཁོ་བསྡུ་གནང་བ་རྣམས་ངོ་སྤྲོད་དང་སྦྲགས། དྷ་ཤོད་དཔེ་སྟོན་སློབ་གྲྭ་དང་འབྲེལ་ནས་སློབ་གྲྭ་གནས་སྤོ་བྱ་རྒྱུ་དེ་སློབ་གྲྭ་དེའི་ཕ་མ་དང་བགྲོ་གནང་དགོས་པ་ལས་པོན་ཊར་གནས་སྤོ་བྱ་རྒྱུ་ལས་སླ་པོ་ཡིན་པར་གསུངས་ཡོད།

དེ་བཞིན་སྲིད་སྐྱོང་མཆོག་གིས་སློབ་གྲྭ་ཟླ་སྒྲིལ་དང་འབྲེལ་ནས་སྒྲིག་འཛུགས་ནས་སློབ་ཕྲུག་གི་གྲངས་འབོར་ལ་གཞིགས་ནས་སློབ་གྲྭ་གཉེར་རྒྱུ་དང་། སློབ་གྲྭ་རྣམས་ལ་ཐུན་རྐྱེན་ཚད་ལྡན་ཕུལ་རྒྱུའི་དགོངས་པ་ཡོད་པ་མ་ཟད་འཛིན་རིམ་དྲུག་པ་ཡན་རྣམས་ལ་སློབ་གྲྭ་ཆེ་བ་དང་དམའ་རིམ་རྣམས་གཞིས་ཆགས་སུ་སོར་གནས། དེ་བཞིན་རྒྱ་གར་དབུས་དང་བྱ་ཤར། ནུབ་དང་ལྷོ་ཕྱོགས། དེ་བཞིན་ལ་དྭགས་བཅས་སུ་སློབ་ཕྲུག་གི་གྲངས་འབོར་ལ་གཞིགས་ཏེ་དགོས་ངེས་ཅན་གྱི་བསྒྱུར་བཅོས་གནང་རྒྱུའི་དགོངས་པ་ཡོད་སྐོར་གསུངས་པ་དང་སྦྲགས། ཤེས་རབ་དགའ་ཚལ་སློབ་གླིང་གི་ཁང་པ་བདག་པོ་རྒྱག་སླད་སྤྱོད་དགོས་ཀྱང་ད་ཡོད་སློབ་ཕྲུག་བཅུ་གཅིག་གི་བདེ་དོན་དང་ལྷག་པར་མ་འོངས་པར་བོད་ནས་ཕེབས་མཁན་རིགས་འབྱུང་ཚེ་ཁོང་རྣམ་པར་སློབ་གཉེར་དང་བཞུགས་ཡུལ་བཅས་ཀྱི་འགན་འཛིན་སྐྱོང་ནས་བཞེས་རྒྱུ་ཡིན་པར་གསུངས་ཡོད།

རྩ་བའི་ཤེས་རིག་ལས་ཁུངས་ཀྱི་སྔོན་རྩིས་ཐོག་སློབ་ཕྲུག་རྣམས་ལ་དེང་རབས་དང་མཐུན་པའི་འགུལ་རིས་གློག་བརྙན་གང་མང་དགོས་པ་དང་། དགེ་རྒན་རྣམ་པར་དགོས་མཁོ་དང་མཐུན་པའི་གསོལ་ཕོགས་སྤར་དགོས་པ། དེ་བཞིན་ལྟ་གྲུབ་སློབ་དཔོན་རྣམས་ལ་ཆེ་བསྟོད་དགོས་པ་སོགས་ཀྱི་ཐོག་་བགྲོ་གླེང་གནང་ཡོད། དེ་རིང་ལས་ཉིན་ལྔ་པའི་ཚོགས་ཐུན་དང་པོ་གྲུབ་མཚམས་སུ་རེས་གཟའ་ཟླ་བ་བར་དུ་ཚོགས་སེང་གནང་ཡོད་ཀྱང་། སྤྱི་འཐུས་རྣམ་པ་གྲོས་ཆོད་ཡིག་ཆ་ཨང་ ༣༩ དང་འབྲེལ་ནས་ བཞུགས་མོལ་ཚོགས་འདུ་ཚོགས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།