Tibetan Royal Year of 2151 | Year of the Wood Dragon

དབུས་འོས་བསྡུ་ལས་ཁང་གིས་བདམས་ཐོན་སྤྱི་འཐུས་ཉེར་གཉིས་ནས་བཅའ་ཁྲིམས་དགོངས་དོན་དམ་འབུལ་གནང་བའི་ལམ་སྟོན།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བདམས་ཐོན་བྱུང་བའི་འཐུས་མི་རྣམ་པ་སྡིངས་ཆ་གཅིག་གི་ཐོག་ཏུ་བབས་ནས་ཚོགས་གཙོ་ཚོགས་གཞོན་གྱི་འོས་བསྡུའི་ལས་རིམ་ལ་ཕེབས་མ་ཐུབ་པའི་དཀའ་རྙོག་བྱུང་དོན་ལྟར་དེ་རིང་གི་ཉིན་བཅུ་ཙམ་འགྲོ་བཞིན་ཡོད་པའི་མཚམས་འདིར་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་གིས་བར་བརྒལ་ཚོགས་གཙོ་མདུན་ནས་དམ་འབུལ་མ་ཞུ་མཁན་གྱི་བདམས་ཐོན་སྤྱི་འཐུས་ ༢༢ ཡོད་པ་རྣམས་ཀྱིས་བཅའ་ཁྲིམས་དོན་ཚན་ ༤༧ གཞིར་བཟུང་དམ་འབུལ་ཞུས་པའི་མཚམས་སུ་དབུས་འོས་བསྡུ་ལས་ཁུངས་ནས་ཚོགས་གཙོ་ཚོགས་གཞོན་གྱི་འོས་བསྡུ་ཞུ་རྒྱུར་གྲ་སྒྲིག་ཨང་གསར་ཡོད་པ་དང་། བདམས་ཐོན་སྤྱི་འཐུས་རྣམ་པས་དེའི་ཐོག་དགོངས་བཞེས་གནང་བའི་ཡིད་ཆེས་དང་རེ་བ་ཡོད་ཅེས་གསུངས་པ་དང་ཆབས་ཅིག ད་རེས་སྐབས་ ༡༧ པའི་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་འོས་འདེམས་ཀྱི་ལས་རིམ་ལམ་ལྷོང་མ་བྱུང་བའི་རྐྱེན་རྩ་གཙོ་བོ་དེ་ཚོགས་དྲུང་ལས་ཁུངས་ཀྱིས་བཅའ་ཁྲིམས་དང་མ་མཐུན་པའི་དམ་འབུལ་ཞུ་ཡུལ་ཁག་གཉིས་བཟོས་པ་དེ་ཡིན་སྐོར་འགྲེལ་བརྗོད་གནང་ཡོད།དེའང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཐོག་བཞག་པའི་གྲོས་ཆོད་ཨང་ ༣༩ དང་འབྲེལ་ནས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་པ་རྣམས་ལ་ངོས་ལེན་ཡོད་མེད་ཀྱི་གནད་དོན་ལས་འཕྲོས་ཏེ་ཉེ་འཆར་ཕྱི་ཚེས་ ༨ ཉིན་སྐབས་ ༡༧ པའི་བདམས་ཐོན་བོད་མི་མང་སྤྱི་འཐུས་རྣམ་པ་སྡེ་ཚན་གཉིས་ལ་གྱེས་ཏེ་བདམས་ཐོན་སྤྱི་འཐུས་ ༢༡ ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༧ དགོངས་དོན་ལྟར་བར་བརྒལ་ཚོགས་གཙོའི་དྲུང་ནས་དམ་འབུལ་ཞུས་པ་དང་བདམས་ཐོན་སྤྱི་འཐུས་ ༢༢ ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་མདུན་ནས་ལས་ཁུར་དམ་འབུལ་ཞུས་ཏེ་ཚོགས་གཙོ་ཚོགས་གཞོན་འོས་འདེམས་ཀྱི་ལས་རིམ་ཐོག་ཕེབས་སྐབས་དབུས་འོས་བསྡུའི་འགན་འཛིན་གྱིས་བཅའ་ཁྲིམས་དགོངས་དོན་ལྟར་གྲོས་ཚོགས་ཀྱི་གྲུབ་ཆ་གསུམ་ཆ་གཉིས་མ་ཚང་བའི་རྐྱེན་གྱིས་ཚོགས་གཙོ་ཚོགས་གཞོན་འོས་འདེམས་ཀྱི་ལས་རིམ་གནང་ཐུབ་ཐབས་མེད་པར་གསུངས་ཏེ་ད་བར་དཀའ་ངལ་དེ་སེལ་མ་ཐུབ་པར་གནས་སྟངས་དེ་མུར་ལྷག་ཡོད་པ་རེད།དེ་རིང་སྔ་དྲོ་ཆུ་ཚོད་ ༡༠་༣༠ ཐོག་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་ནས་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སྟེ་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་གྱི་འོས་བསྡུ་དང་འབྲེལ་བའི་ལམ་སྟོན་གསལ་བཤད་དོན་ཚན་ལྔ་ཅན་ཞིག་གནང་སོང་བར་བདམས་ཐོན་སྤྱི་འཐུས་རྣམ་པའི་དམ་འབུལ་དང་འབྲེལ་བའི་ལས་དོན་ཚོགས་དྲུང་ལས་ཁུངས་ཀྱི་ཐུགས་འགན་ཡིན་ནའང་། བཅའ་ཁྲིམས་དོན་ཚན་ ༤༥ ལག་བསྟར་ཞུ་རྒྱུར་འགོག་རྐྱེན་འཕྲད་སྟབས་དབུས་འོས་བསྡུ་ལས་ཁང་ནས་གསལ་བཤད་མི་ཞུ་ཐབས་མེད་དུ་གྱུར་ཞེས་གསུངས་པ་དང་སྦྲགས། བདམས་ཐོན་སྤྱི་འཐུས་རྣམ་པའི་དམ་འབུལ་དང་ཚོགས་གཙོ་ཚོགས་གཞོན་གྱི་འོས་བསྡུ་ཟིན་མཚམས་སུ་སྤྱི་འཐུས་ལྷན་ཚོགས་ལ་ཁྲིམས་ལུགས་རྩ་འཛིན་གཏན་འབེབས་གནང་རྒྱུའི་དབང་ཆ་ཡོངས་རྫོགས་ཡོད་པ་དང་། ད་རེས་སྐབས་ ༡༧ པའི་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་འོས་འདེམས་ཀྱི་ལས་རིམ་ལམ་ལྷོངས་མ་བྱུང་བའི་རྐྱེན་རྩ་གཙོ་བོ་དེ་ཚོགས་དྲུང་ལས་ཁུངས་ནས་བཅའ་ཁྲིམས་དང་མ་མཐུན་པའི་དམ་འབུལ་ཞུ་ཡུལ་ཁག་གཉིས་བཟོས་པ་དེར་འགན་འཁུར་དགོས་པའི་ཡིག་ཐོག་ཕུལ་སྐབས། ཚོགས་དྲུང་ལས་ཁུངས་ནས་དཀའ་རྙོགས་ཀྱི་འབྱུང་རྐྱེན་གཙོ་བོར་གྱུར་བར་ངོས་ལེན་ཞུ་ཐབས་མེད་པ་དང་། མཇུག་འབྲས་ཇི་ཆགས་འགན་ཡང་འཁུར་ཐབས་མེད་ཅེས་གསལ་འདེབས་གནང་སྟངས་ལ་གཞིགས་སྐབས། བཅའ་ཁྲིམས་དང་སྒྲིག་འཁུར་གང་ཡང་ཞུ་མི་དགོས་པའི་གདེང་སྤོབས་དང་གན་སྟངས་ལ་ཐུགས་འཚབ་ཧ་ཅང་ཆེན་པོ་ཡོད་ཅེས་གསུངས་འདུགདབུས་འོས་བསྡུ་ལས་ཁང་ནས་ཕྱི་ཟླ་ ༦ ཚེས་ ༨ ཕྱི་དྲོ་བདམས་ཐོན་སྤྱི་འཐུས་སྐུ་ཚབ་བཞི་ཡིས་སྤྱི་འཐུས་གྲངས་ ༤༤ ཡི་མཚན་གཞུང་དང་གྲངས་ ༤༣ གྱི་ས་རྟགས་འཁོད་པའི་ཡིག་ཆའི་ངོ་བཤུས་ཕུལ་བ་དེར་བརྩད་ཞིབ་ཞུས་ཏེ་ལན་གསལ་བྱ་རྒྱུ་ཞུས་པ་བཞིན། ཕྱི་ཚེས་ ༡༠ ཉིན་བདམས་ཐོན་སྤྱི་འཐུས་ལྔ་ཕེབས་སྐབས་ཚོགས་དྲུང་ལས་ཁུངས་ཀྱི་ལན་འདེབས་ནང་དམ་འབུལ་ཞུ་ཕྱོགས་གཉིས་གསལ་འཁོད་བཅའ་ཁྲིམས་དགོངས་དོན་བྱུང་མེད་སྟབས། སླད་འགན་འཁུར་ཡོངས་རྫོགས་ཚོགས་དྲུང་ལས་ཁུངས་ནས་ཞུ་དགོས་ཞུས་ལུགས་གསལ་བཤད་མཐིལ་ཕྱིན་ཞུས་པ་དང་། ལྷག་པར་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༧ ནང་ “འདེམས་ཐོན་སྤྱི་འཐུས་ཁོངས་ནས་སྤྱི་འཐུས་ལས་རྒྱུན་རིང་ཤོས་དེར་སྤྱི་འཐུས་རྒྱུན་ལས་ཀྱིས་བར་བརྒལ་ཚོགས་གཙོར་བསྐོ་གཞག་བྱེད་དགོས། གལ་ཏེ་ལས་རྒྱུན་འདྲ་མཉམ་བྱུང་ཚེ་དེའི་ཁོངས་ནས་རང་ལོ་བགྲེས་ཤོས་དེར་བསྐོ་གཞག་བྱེད་དགོས། བར་བརྒལ་ཚོགས་གཙོས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་མདུན་སར་དམ་འབུལ་ཞུས་རྗེས། སྤྱི་འཐུས་རེ་རེས་རང་ཉིད་སྤྱི་འཐུས་ཀྱི་ལས་འཁུར་དུ་མ་ཞུགས་གོང་བར་བརྒལ་ཚོགས་གཙོའི་མདུན་སར་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དམ་བཅའམ། ཁས་ལེན་བྱེད་དགོས། ཚོགས་གཙོ་དང་ཚོགས་གཞོན་འདེམས་ཐོན་བྱུང་རྗེས་ཚོགས་གཙོའི་མདུན་སར་དམ་འབུལ་ཞུ་དགོས་པ་དང༌། ཚོགས་གཙོ་ས་གནས་སུ་མེད་སྐབས་ཚོགས་གཞོན་མདུན་སར་དམ་འབུལ་ཞུ་དགོས།” ཞེས་ཁ་གསལ་ཡོད་པ་བཞིན། བདམས་ཐོན་སྤྱི་འཐུས་གྲངས་ ༢༢ ནས་བཅའ་ཁྲིམས་དགོངས་དོན་བར་བརྒལ་ཚོགས་གཙོའི་མདུན་དམ་འབུལ་ཞུས་མཚམས་དབུས་འོས་བསྡུ་ལས་ཁང་ནས་འོས་བསྡུ་ཞུ་རྒྱུར་གྲ་སྒྲིག་ཨང་གསར་ཡོད་ཅེས་ལམ་སྟོན་གསལ་བཤད་གནང་ཡོད།ལྷག་པར་དུ་བོད་ཆགས་འཇིགས་གཉན་འཕྲང་གྱི་དུས་འདིར། འུ་ཅག་རྣམས་ཀྱི་མགོན་སྐྱབས་བླ་ན་མ་མཆིས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལྷ་དགོངས་འཁྲུགས་གཞིར་མི་གྱུར་བ་གཙོ་དོན་ཐོག། མང་ཚོགས་ནས་རེ་འདུན་ཆེན་པོས་མང་བཀུར་ཞུས་པ་བདམས་ཐོན་སྤྱི་འཐུས་རྣམས་ནས་འཕྲལ་ཕུགས་རྒྱང་གསུམ་ལ་དགོངས་བཞེས་ཐོག་དམ་འབུལ་བཅའ་ཁྲིམས་དགོངས་དོན་འབུལ་ཐབས་དང་། འོས་བསྡུའི་ལས་རིམ་ཤར་བསྐྱོད་འགྲོ་ཐབས་སུ་མཐུན་འགྱུར་ངེས་གནང་དགོས་པ་ཞུ་བཞིན་ཡོད་ཅེས་གསུངས་པ་དང་ཆབས་ཅིག གནད་དོན་འདི་འདི་མུར་རྒྱུན་རིང་ལྷགས་ཚེ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གང་ཅིར་ཇི་མི་སྙམ་པའི་གོད་ཆག་དང་འགོག་རྐྱེན་ཆགས་ཉེན་འདུག་པས་དེ་ལྟར་མི་ཡོང་བའི་ཐུགས་འགན་ངེས་པར་དུ་བཞེས་གནང་དགོས་པ་གསུངས་ཡོད།  སྐབས་དེར་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་མཆོག་ནས་གསར་འགོད་པ་རྣམ་པའི་དྲི་བར་བཀའ་ལན་གནང་སྐབས་མང་གཙོའི་རིང་ལུགས་ནང་ལ་ཁྲིམས་སྒྲིག་ཞེས་པ་དེ་གལ་ཆེ་ཤོས་ཡིན་པ་དང་། ང་ཚོ་བཙན་བྱོལ་དུ་གནས་རིང་ལ་བཅའ་ཁྲིམས་རིན་པོ་ཆེར་གོང་བཀུར་ཞུས་དགོས་པ་ཆགས་ཀྱི་ཡོད་པ་མ་ཟད་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་དུ་བསྐོ་བཞག་བྱུང་སྐབས་སུའང་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏན་ཐོག་ཕྱག་ལས་གནང་རྒྱུའི་དམ་འབུལ་ཞུས་ཟིན་པ་ཞིག་ཡིན་སྟབས། བཅའ་ཁྲིམས་དེ་ཟུར་དུ་བཞག་སྟེ་ཕྱོགས་གཉིས་འདུག་ཅེས་རྒྱུན་འཁྱོངས་ཞུ་ཐབས་ཀྱི་གནས་སྟངས་དེ་རྩ་བ་ཉིད་ནས་ཡོད་མ་རེད་ཅེས་གསུངས་ཡོད། གནད་དོན་འདི་འདི་མུར་ལྷགས་ཚེ་དབུས་འོས་བསྡུ་ལས་ཁང་ནས་དགོང་པ་གང་བཞེས་ཀྱི་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་ད་ལྟའི་དཀའ་ངལ་འདི་སེལ་ཐབས་སུ་བདམས་ཐོན་སྤྱི་འཐུས་རྣམ་པས་དགོངས་པ་བཞེས་གནང་གི་རེད་བསམ་པའི་རེ་བ་དང་ཡིད་ཆེས་ཡོད་ཅེས་གསུངས་པ་དང་ཆབས་ཅིག ནམ་ཞིག་དཀའ་ངལ་ཆེན་པོ་འཕྲད་ཚེ་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་ནང་གསལ་ལྟར་དངོས་ཡོད་གནས་སྟངས་ཇི་ཆགས་གསལ་བཤད་ཞུ་དགོས་པའི་གནས་སྟངས་ཆགས་རྒྱུའི་ཉེན་ཁ་ཡང་ཡོད་པ་སོགས་གསུངས་སོང་།གཞི་རྩའི་ཐེངས་འདིའི་བདམས་ཐོན་སྤྱི་འཐུས་རྣམ་པའི་དམ་འབུལ་དང་འབྲེལ་བའི་གནད་དོན་དེ་ནི་དེ་སྔ་སྐབས་ ༡༦ པའི་གྲོས་ཚོགས་ཐོག་བཞག་པའི་གྲོས་ཆོད་ཨང་ ༣༩ དང་འབྲེལ་ཏེ་ད་རེས་བདམས་ཐོན་སྤྱི་འཐུས་ལྷན་ཚོགས་ཀྱི་བར་བརྒལ་ཚོགས་གཙོ་མཆོག་ནས་གྲོས་ཆོད་ཨང་ ༣༩ གཞིར་བཟུང་འཕོ་འགྱུར་ཟིན་པའི་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་དྲུང་ནས་དམ་འབུལ་ཞུས་པ་དེ་ཁྲིམས་མཐུན་ཆགས་མིན་སོགས་ལས་འཕྲོས་པ་ཞིག་ཡིན་པ་དང་། གནད་དོན་དེ་སེལ་ཐབས་ཐོག་ཕྱོགས་གཉིས་ཀྱི་བདམས་ཐོན་སྤྱི་འཐུས་རྣམ་པས་གྲོས་མོལ་གནང་རྒྱུར་གྲ་སྒྲིག་ཡིན་ཞེས་གསུངས་ཡོད་ཀྱང་ཐབས་ལམ་ཞིག་གི་ཐོག་ལ་ད་ལྟ་ཡང་ཕེབས་ཐུབ་མེད་པ་རེད།དཀའ་ངལ་དེའི་རྐྱེན་གྱིས་ད་ལྟའི་ཆར་གྲོས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་འོས་འདེམས་མ་ཐུབ་པར་གྲོས་ཚོགས་ཀྱི་ལས་དོན་ཡོངས་རྫོགས་གནང་ཐུབ་ཀྱི་མེད་པ་མ་ཟད་གྲོས་ཚོགས་ཀྱི་ལས་དོན་ཁག་གནང་མ་ཐུབ་པའི་དབང་གིས་བཀའ་ཤག་གསར་པའི་བཀའ་བློན་བསྐོ་བཞག་དང་། དཔལ་འབྱོར་དང་འབྲེལ་བའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཁག་ཅིག་ཀྱང་གནང་རྒྱུར་ངལ་བ་འཕྲད་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།