Tibetan Royal Year of 2151 | Year of the Wood Dragon

དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

དབྱིན་ཡུལ་གྱི་ Harborough དང་། Lutterworth གྲོང་སྡེ་གཉིས་ཀྱིས་ད་ལྟའང་གཞུང་གི་འབྲེལ་ཡོད་སྡེ་ཚན་ནང་ Hikvision བཟོ་ལས་ཁང་གིས་ཆེད་བཟོས་བྱས་པའི་སོ་ལྟའི་བརྙན་མིག་བེད་སྤྱོད་གཏོང་བཞིན་པར་མངོན་གསལ་དང་འབྲེལ། དབྱིན་གཞུང་ངོས་ནས་ཁུལ་དེར་ཡོད་པའི་འཕྲུལ་ལས་རིགས་ཡོངས་སུ་རྫོགས་པར་བསྐྱར་ཞིབ་གནང་རྒྱུའི་གསལ་བསྒྲགས་གནང་འདུག

Hikvision

དེ་ཡང་ཁ་སང་དབྱིན་ཡུལ་གྱི་ The Mail གསར་ཤོག་ཐོག་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། Harborough གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་སྐུ་ཞབས་ Simon Whelband ལགས་ཀྱིས་ Harborough དང་། Lutterworth གྲོང་སྡེ་གཉིས་ཀྱིས་ད་ལྟའང་གཞུང་གི་འབྲེལ་ཡོད་སྡེ་ཚན་ནང་ Hikvision བཟོ་ལས་ཁང་གིས་ཆེད་བཟོས་བྱས་པའི་སོ་ལྟའི་བརྙན་མིག་བེད་སྤྱོད་གཏོང་བཞིན་པར་མངོན་གསལ་དང་འབྲེལ། དེ་སྔ་ House of Commons Foreign Affairs Select Committee ཞེས་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཕྱི་ལོ་ ༢༠༢༡ ལོར་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པའི་ནང་། Hikvision བཟོ་ལས་ཁང་གིས་བཟོ་སྐྲུན་བྱས་པའི་བརྙན་མིག་གི་འཕྲུལ་ལས་རིགས་དེ་དག་བོད་གཙོས་པའི་ཡུ་གུར་མི་རིགས་ལ་དྲག་གནོན་སླད་བེད་སྤྱོད་གཏོང་བཞིན་པའི་འཕྲུལ་ལས་ཡིན་པར་ཤེས་རྟོགས་ཀྱིས་ཚོང་ལས་ཁང་དེས་བཟོ་སྐྲུན་བྱས་པའི་སོ་ལྟའི་བརྙན་མིག་རྣམས་དབྱིན་ཡུལ་ནང་བེད་སྤྱོད་གཏོང་མཚམས་འཇོག་དགོས་པ་བསྒྲགས་ཡོད་པ་སོགས་ལུང་འདྲེན་གྱིས། Harborough དང་། Lutterworth གྲོང་སྡེ་གཉིས་ཀྱིས་ཁུལ་དེར་ཡོད་པའི་ Hikvison ཚོང་ལས་ཁང་དེས་བཟོ་སྐྲུན་བྱས་པའི་སོ་ལྟའི་བརྙན་མིག་རྣམས་ཡོངས་སུ་ཕྱིར་འཐེན་བྱ་དགོས་པ་གསུངས་འདུག

Hikvision

ཁོང་གིས་ད་དུང་ Harborough གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་གཙོར་ཕྱག་བྲིས་ཤིག་ཕུལ་ཡོད་པའི་ནང་། Hikvision བཟོ་ལས་ཁང་དེས་བཟོ་སྐྲུན་བྱས་པའི་བརྙན་མིག་གི་འཕྲུལ་ལས་རིགས་དེ་དག་གིས་གཞུང་དམངས་གཉིས་ཀའི་བདེ་འཇགས་ལ་གནོད་འཚེ་སྐྱེལ་གྱི་ཡོད་པ་དང་། སྒོས་རང་རྒྱལ་ཁབ་ཀྱི་བདེ་སྲུང་ཀྱི་གནད་དོན་ལ་གཞིགས་ནས་དེ་སྔ་ཨ་རི་དང་དབྱིན་གཞུང་གཉིས་ནས་ཚོང་ལས་ཁང་དེ་ཉིད་ཀྱིས་བཟོ་སྐྲུན་བྱས་པའི་སོ་ལྟའི་བརྙན་མིག་རྣམས་བཀག་སྡོམ་དང་སྦྲགས། ཁུལ་དེར་བེད་སྤྱོད་གཏོང་བཞིན་པའི་སོ་ལྟའི་བརྙན་མིག་རྣམས་འཕྲལ་དུ་ཕྱིར་བསྡུ་བྱ་རྒྱུའི་སྐུལ་མ་བཏང་ཡོད་ལ། འདས་ལོའི་ནང་དབྱིན་ཡུལ་གྱི་ Tesco དང་ Co-Op ལྟ་བུའི་གྲགས་ཆེ་བའི་ཚོང་ལས་ཁང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་གཞིགས་ནས་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་གནང་ཡོད་པ་སོགས་འགྲེལ་བརྗོད་ཀྱིས།  Harborough དང་། Lutterworth གྲོང་སྡེ་ལྷན་ཚོགས་ཀྱིས་ཀྱང་དེ་ལྟར་གནང་དགོས་པའི་དུས་ལ་བབས་ཡོད་ཅེས་བཀོད་འདུག

སྐུ་ཞབས་ Simon Whelband ལགས་ཀྱིས་ Kent གྲོང་སྡེ་ལྷན་ཚོགས་ཀྱིས་ལོ་འདིའི་འགོ་སྟོད་དུ་ཁུལ་དེར་ཡོད་པའི་གཞུང་གི་ལས་ཁུངས་ཁག་དང་འཛིན་སྐྱོང་སྡེ་ཁག་ནང་ Hikvision བཟོ་ལས་ཁང་གིས་ཆེད་བཟོས་བྱས་པའི་སོ་ལྟའི་བརྙན་མིག་མཐའ་དག་ཕྱིར་བསྡུ་གནང་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་སོགས་མངོན་གསལ་དང་སྦྲགས། Harborough དང་། Lutterworth གྲོང་སྡེ་གཉིས་ནས་ཀྱང་རྒྱ་ནག་གི་བཟོ་ལས་ཁང་དེའི་བརྙན་མིག་བཀོལ་སྤྱོད་བྱ་རྒྱུ་མིན་པའི་ཞུ་སྐུལ་གནང་འདུག

གཞི་རྩའི་ཕྱི་ལོ་ ༢༠༢༠ ནས་འགོ་འཛུགས་ཀྱིས་དབྱིན་གཞུང་གིས་རང་རྒྱལ་ཁབ་ཀྱི་བདེ་འཇགས་དང་འགྲོན་བ་མིའི་ཐོབ་ཐང་གི་གནད་དོན་ལ་གཞིགས་ནས་ཁུལ་དེར་ཡོད་པའི་སྒྲིག་འཛུགས་ཁག་གིས་གཙོས་འཛིན་སྐྱོང་གི་སྡེ་ཁག དེ་བཞིན་མངའ་སྡེ་དུ་མས་སོ་སོའི་ཁྱབ་ཁོངས་ཀྱི་ལས་ཁུངས་ནང་ Hikvision བཟོ་ལས་ཁང་གིས་ཆེད་བཟོས་བྱས་པའི་སོ་ལྟའི་བརྙན་མིག་སྤྱོད་པར་དགག་བྱ་ཤུགས་ཆེ་དང་སྦྲགས།དེ་དག་བདེ་སྤྱོད་བཏང་མི་ཆོག་པའི་བཀོད་ཁྱབ་ཁག་ཅིག་གནང་ཡོད་པ་དེ་ལྟར་ཡང་། ཁུལ་དེར་ཡོད་པའི་ལས་ཁུངས་ཁག་ནས་གཞུང་གི་བཀའ་རྒྱ་ལ་རྩིས་མེད་ཀྱིས་དུས་ད་ལྟའང་ Hikvision གི་བརྙན་མིག་བདེ་སྤྱོད་བྱེད་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།