Tibetan Royal Year of 2151 | Year of the Wood Dragon

ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

ཁ་སང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྤྱི་འཐུས་རྣམ་པས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཁག་གཅིག་གི་བརྗོད་པའི་ཐོག་ཕེབས་སྐབས། སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའི་དམ་འབུལ་དང་འབྲེལ་བའི་བསྐྱར་བཅོས་ཁྲིམས་འཆར་ཁག་གཅིག་གཏན་འབེབས་ཐུབ་ཀྱང་། ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་མར་ཟགས་ཡོད་པ་རེད།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཅིག་གི་གོ་ཡུལ་སྟོང་པ་ལྷག་པའི་ཁྲོད། འོས་མི་འདེམས་སྒྲུག་ཚོགས་ཆུང་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༣ པའི་ནང་གསལ་བའི་འོས་ཆོས་ཡོངས་སུ་ཚང་བའི་ཁྲིམས་ཞིབ་པ་ཆེ་བའི་འོས་མི་མ་རག་པའི་གནས་སྟངས་སྙན་སེང་ཞུ་རྗེས། ད་བར་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་ཚོགས་དུས་སྔ་རྗེས་རིམ་པར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཕེབས་ཡོད་ཀྱང་གཏན་འབེབས་གནང་ཐུབ་མེད་པ་རེད།

Chief Justice Commisioner Appointment

སྤྱིར་བཅའ་ཁྲིམས་དོན་དྲུག་བཅུ་རེ་གསུམ་པའི་ནང་སྲེས་དོན་ཚན་གཉིས་པ་ག་པའི་ནང་། ཁྲིམས་ཞིབ་པའི་འོས་ཆོས་སུ་ཁྲིམས་ཁང་ཞིག་གི་ནང་ལོ་ལྔའི་རིང་མུ་མཐུད་ཁྲིམས་དཔོན་གྱི་ལས་འཁུར་བྱས་མྱོང་བའམ། ཡང་ན་ཉུང་མཐར་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་པ་བཅས་ལ་མ་གཏོགས་འོས་བབ་མ་ཡིན། འོན་ཀྱང་འཅའ་ཁྲིམས་འདི་ལག་ལེན་འགོ་འཛུགས་བྱས་པ་ནས་བཟུང་ལོ་ ༣༠ འི་རིང་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བསྐོ་གཞག་དགོས་རིགས་ནང་གསེས་འདིའི་ཆ་རྐྱེན་ཁག་ལ་བསྟུན་གནང་མི་དགོས་ཞེས་འཁོད་ཡོད་པ་དང་། དེ་འབྲེལ་ཁ་སང་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་བསྐྱར་བཅོས་ནང་ལོ་ ༣༠ ཚབ་ཏུ་ ༤༠ བཀོད་པར་བཀའ་ཤག་གི་བཟོ་བཅོས་གྲོས་འཆར་བསྣམས་ཕེབས་པའི་ནང་ལོ ༤༢ ཞེས་པ་དེར་དགོས་ངེས་ཀྱི་རྒྱབ་སྐྱོར་མ་ཐོབ་པར་མར་ཟགས་ཡོད་པ་རེད།

དེ་རིང་འདི་ག་རླུང་འཕྲིན་ཁང་ནས་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང། དེ་བཞིན་བསྐྱར་བཅོས་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་དོན་གྲུབ་བཀྲིས་ལགས་དང་། དགག་པ་སྐྱོན་མཁན་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་སུ་བཀའ་དྲི་ཞུས་སྐབས། བཅའ་ཁྲིམས་ནང་ཁྲིམས་ཞིབ་པའི་འོས་ཆོས་རང་འཇགས་གསལ་ཡོད་སྟབས། ཁྲིམས་ཞིབ་པའི་མི་འགྲོ་འཚོལ་རྒྱུར་ཁག་པོ་བྱེད་ན་མ་གཏོགས་གཞན་མཛད་གཙོ་རྣམ་པའི་དམ་འབུལ་དང་འབྲེལ་བའི་བསྐྱར་བཅོས་གཏན་འབེབས་ཐུབ་ཐབས་དཀའ་ངལ་དེ་ཙམ་མེད་པ་དང། ཡིག་ཆ་ཨང་ ༣༩ པ་གནད་དོན་དང་འབྲེལ་འདི་འདྲ་གསུངས་གི་འདུག

གང་ལྟར་ད་བར་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་ཆེ་བ་མེད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དམ་འབུལ་གནང་ས་མེད་ཀྱང་། ཁ་སང་གྲོས་ཚོགས་ནང་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཁག་གཅིག་གཏན་འབེབས་དང་འབྲེལ་ཁྲིམས་ཞིབ་པ་ཆེ་བ་མེད་ནའང་དམ་འབུལ་ཞུ་སའི་ལམ་ཁ་བཟོས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།