Tibetan Royal Year of 2151 | Year of the Wood Dragon

དམར་ཤོག་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དགོངས་འགྲེལ་བྱེད་ཐབས་མེད་པར་གསུངས་སོང་།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

ཟླ་འདིའི་ཚེས་ ༡༢ ཉིན། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ཟེར་བ་ཐུན་མོང་གིས་བོད་བརྒྱུད་ནང་བསྟན་དགོངས་འགྲེལ་ལས་དོན་དཔྱད་གླེང་གྲོས་ཚོགས་ཞེས་པའི་ཚོགས་འདུ་ཞིག་བསྡུས་ཏེ།  བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས་བའི་སྐུལ་མ་བྱས་འདུགཐེངས་འདི་བོད་བརྒྱུད་ནང་བསྟན་དགོངས་འགྲེལ་གྱི་ཚོགས་འདུའི་ཐོག  ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་འམ།  རྒྱ་ནག་གི་ངོས་འཛིན་བྱས་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་དང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་དགྲ་འདུལ་སོགས་ཀྱི་གཙོ་བྱས་པའི་དམར་ཤོག་གི་དཔོན་རིགས་དང་རྒྱ་ནག་གི་ངོས་འཛིན་ཡོད་པའི་བོད་ཁུལ་གྱི་གྲྭ་བ་ཁག་ཅིག་གིས་མཉམ་ཞུགས་བྱས་འདུག

འདི་གའི་གསར་འགོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་ཐེངས་འདིའི་ཚོགས་འདུ་དེར་ལྟ་ཕྱོགས་གང་ཡོད་ཀྱི་ཐད་ནས་བཅར་འདྲི་ཞུས་པར་ཁོང་གིས། ཐེངས་འདིའི་ཚོགས་འདུའི་མིང་གི་ཐོག་ནས་ཀྱང་གསལ་བོར་ཤེས་བ་ཞིག་ནི། བོད་བརྒྱུད་ནང་བསྟན་ལ་དགོངས་འགྲེལ་ཞེས་པ་དེ་ནི་བདག་ཅག་གི་སྟོན་པ་རིན་པོའི་ཆེ་ཡི་བཀའ་བསྟན་ལ་རྒྱས་འགྲེལ་བྱེད་པའི་སྔོན་བྱོན་གྱི་སྐྱེས་ཆེན་དམ་པ་དག་གི་བྱེད་ལས་ཤིག་ཡིན་པ་ལས།  ཆོས་ལུགས་ཁས་མི་ལེན་མཁན་གྱི་དམར་ཤོག་སྲིད་གཞུང་ཞིག་གིས་བོད་རྒྱུད་ནང་བསྟན་ལ་དགོངས་འགྲེལ་བྱེད་ཐབས་མེད་པ་ཞིག་ཡིན་པར་བརྟེན།   བརྗོད་བྱ་རང་གི་སྟེང་ནས་ཀྱང་བོད་བརྒྱུད་ནང་བསྟན་དེ་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ལག་ཆར་སྤྱོད་ནས་བོད་ཁུལ་གྱི་མང་ཚོགས་ལ་དྲག་གནོན་བྱེད་ཀྱི་ཡོད་པ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་ཡོད།

དེ་བཞིན་ཐེངས་འདིའི་ཚོགས་འདུའི་ཁྲོད་དུ། བོད་བརྒྱུད་ནང་བསྟན་དེར་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱིས་ཤུགས་རྐྱེན་ཐེབས་པ་བཅས་བྱས་ཏེ། འདུལ་ཁྲིམས་དང་བསྟན་དོན་ལ་དུས་རབས་འཕེལ་རྒྱས་ཡར་ཐོན་དང་མཐུན་པའི་དགོངས་འགྲེལ་བྱེད་དགོས་ཞེས་འཁོད་ཡོད་པ་དང་འབྲེལ་ནས་ཁོང་གིས། རྒྱ་ནག་གི་ལོ་རྒྱུས་ཀྱི་ཁྲོད་དུ་རྒྱལ་རྒྱུད་མང་པོ་དམག་འཐབ་བྱས་ཏེ་རྩ་རྫོགས་བྱས་ཟིན་པ་ཞིག་ཡིན་པར་བརྟེན།  ད་ལྟའི་ཆར་རྒྱ་ནག་དེ་མི་རིགས་ལྔ་བཅུ་ང་དྲུག་གིས་གྲུབ་པ་ཞིག་ཡིན་པ་ལས།  ཀྲུང་གོའི་ཕུལ་བྱུང་གི་རིག་གནས་འདི་རེད་ཅེས་པ་ཞིག་མེད་པ་དང་།  ཐེངས་འདིར་ཁོང་ཚོས་བོད་རྒྱུད་ནང་བསྟན་ལ་ཀྲུང་གོའི་ཕུལ་བྱུང་རིག་གནས་ཀྱིས་ཤུགས་རྐྱེན་ཐེབས་དགོས་ཞེས་གསལ་བོར་བརྗོད་ཡོད་པ་དེ་ནི་མཐར་དེད་ན་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ལྟ་གྲུབ་དང་མཐུན་དགོས་པ་ཞིག་བརྗོད་བཞིན་ཡོད་མ་གཏོགས།  རྒྱ་ནག་ལ་དམངས་ཕན་རང་བཞིན་གྱི་རིག་གནས་འདི་རེད་ཟེར་བ་ཞིག་མེད་པར་གསུངས་སོང་།གཞན་ཡང་ཁོང་གིས་རྒྱ་ནག་གིས་འདས་བའི་ལོ་འགའི་རིང་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྫུན་མ། རྒྱལ་མཚན་ནོར་བུ་བོད་ཁུལ་དང་བོད་ཀྱི་མཐའ་མཚམས་ཁག་ཏུ་ཆེད་མངགས་ཀྱིས་མང་ཚོགས་ཀྱི་དད་མོས་བེད་སྤྱད་ནས་རྒྱ་ནག་གི་དགོས་འདུན་སྒྲུབ་ཐབས་ལ་ཤུགས་སྣོན་རྒྱག་གི་ཡོད་པ་མངོན་གསལ་གནང་སྟེ། རྒྱལ་མཚན་ནོར་བུ་བོད་ཁུལ་ཙམ་མིན་པར། བོད་དང་ས་འབྲེལ་ཡོད་པའི་མཐའ་མཚམས་ཁག་ཏུ་ཆེད་གཏོང་གིས་ཁུལ་དེའི་མི་མང་ལ་ཆོས་འབྲེལ་བཙུགས་པ་ཙམ་དུ་མ་ཟད། མཐའ་མཚམས་ཁག་ཏུ་ཡོད་པའི་མི་མང་དེ་དག་ཀྱང་རྒྱ་ནག་གིས་བརྗོད་བཞིན་པའི་མེས་རྒྱལ་གྱི་པང་དུ་ཕྱིར་ལོག་པར་དགའ་བསུ་ཡོད་པའི་གཏམ་བཤད་གནང་ཡོད་པར་བལྟས་ན། རྒྱ་ནག་གིས་ཆོས་ལུགས་ཀྱི་མིང་ཐོག་ནས་བོད་དམར་ཤོག་སྲིད་གཞུང་གི་ལྟ་གྲུབ་ཁྱབ་སྤེལ་གཏོང་གི་ཡོད་པ་གསལ་བོ་ཡིན་པར་ངོ་སྤྲོད་གནང་སོང་།

གཞི་རྩའི་བོད་བརྒྱུད་ནང་བསྟན་དགོངས་འགྲེལ་ལས་དོན་དཔྱད་གླེང་གྲོས་ཚོགས་ཞེས་པ་དེ་ནི་ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་སྔ་རྗེས་སུ་ཐེངས་༡༠ ལ་ཚོགས་པ་དང་། ཐེངས་འདིའི་བོད་བརྒྱུད་ནང་བསྟན་དགོངས་འགྲེལ་ལས་དོན་དཔྱད་གླེང་གྲོས་ཚོགས་ཞེས་པའི་བརྗོད་བྱ་གཙོ་བོ་ནི། བོད་བརྒྱུད་ནང་བསྟན་དེ་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ལུགས་གཙོ་འདོན་གནང་སྟེ།  ཆོས་ལུགས་བེད་སྤྱད་ནས་མང་ཚོགས་ཀྱི་བསམ་སྤྱོད་ལ་བསྒྱུར་བཅོས་གཏོང་ཐབས་ལ་དམིགས་པ་ཞིག་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།