Tibetan Royal Year of 2151 | Year of the Wood Dragon

བོད་དེ་རྒྱལ་ཁབ་དང་ས་ཁོངས་ ༢༡༠ ནང་ནས་རང་དབང་ཆེས་སྡུག་ཤོས་གཉིས་པར་མངོན་གསལ།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

ཨ་རིར་རྟེན་གཞི་བྱས་པའི་ Freedom House འམ་རང་དབང་ཁང་པས་འདོན་སྤེལ་གནང་བའི་ FREEDOM IN THE WORLD 2020 འམ་ཕྱི་ལོ་ ༢༠༢༠ ནང་འཛམ་གླིང་ནང་གི་རང་དབང་ཞེས་པའི་སྙན་ཐོར་བོད་དེ་རྒྱལ་ཁབ་དང་ས་ཁོངས་ ༢༡༠ ནང་ནས་ཆབ་སྲིད་དང་སྤྱི་མང་གི་རང་དབང་ཆེས་སྡུག་ཤོས་ཨང་གཉིས་པ་དེ་ཡིན་པར་མངོན་གསལ་གནང་འདུགརང་དབང་ཁང་པས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁུལ་དང་བོད་ཤར་ཕྱོགས་ཁུལ་དུ་ཆབ་སྲིད་དང་སྤྱི་མང་གི་རང་དབང་ཐོབ་ཐང་གི་གནད་དོན་ཐོག་ཉམས་ཞིབ་གནང་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གི་ངོ་བོ་ནག་སྲུབ་གཏོང་ཐབས་གཙོས་རྒྱ་ནག་གཞུངགི་སྲིད་བྱུས་འོག་གཞིས་སྤོས་བྱེད་བཅུག་ནས་གྲངས་ཉུང་མི་རིགས་རྩ་མེད་གཏོང་ཐབས་བྱེད་བཞིན་པར་མངོན་གསལ་དང་འབྲེལ། བོད་དེ་རྒྱལ་ཁབ་དང་ས་ཁོངས་ ༢༡༠ ནང་ནས་ཆབ་སྲིད་དང་སྤྱི་མང་གི་རང་དབང་ཆེས་སྡུག་ཤོས་ཨང་གཉིས་པ་དེ་ཡིན་པར་མངོན་གསལ་གནང་འདུག

ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེ་མོ་ནས་བཟུང་ཏེ་བོད་ཁུལ་དུ་རྒྱ་ནག་གཞུང་གིས་དམ་དྲག་བྱེད་ཤུགས་ཇེ་ཆེར་གཏོང་བཞིན་པའི་ཁྲོད་རང་དབང་ཁང་པས་སྙན་ཐོའི་ནང་ཕྱི་ལོ་ ༢༠༡༩ ལོའི་ནང་རྒྱ་ནག་གཞུང་གིས་ཟི་ཁྲོན་ཞིང་ཆེན་གཙོས་བོད་ཁུལ་གྱི་ས་ཚིགས་གང་སར་བོད་བརྒྱུད་ནང་བསྟན་ལ་དམ་དྲག་ཤུགས་ཆེར་བྱ་རྒྱུར་དམིགས་ནས་ལས་འགུལ་མང་དག་ཅིག་སྤེལ་བའི་ཁྲོད་ཡ་ཆེན་སྒར་གྱི་ཁུལ་དུ་འདུ་ཁྱིམ་ ༧༠༠༠ ལྷག་གི་བཞུགས་ཤག་གི་བདག་དབང་འཕྲོག་ནས་གྲྭ་བཙུན་རྣམས་ཕྱིར་ཕུད་བཏང་ནས་ཆབ་སྲིད་ཀྱི་སློབ་གསོ་བསྟི་གནས་ཁང་དུ་བཏང་བ་མ་ཟད། རྒྱ་ནག་གཞུང་གི་ལྟ་སྲུང་ཁང་དུ་རྒྱའི་གཞུང་འབྲེལ་མི་སྣ་ ༦༠༠ ལྟ་མྱུལ་ཆེད་བསྐོ་བཞག་བྱས་ཡོད་སྐོར་བཀོད་འདུགརྒྱ་ནག་གཞུང་གིས་ལྷ་ས་ཁུལ་གྱི་རླངས་འཁོར་ ༢༠༠ ནང་དུ་གསང་བའི་པར་ཆས་ཆེད་འཛུགས་ཀྱིས་འགྲུལ་སྐྱོད་པར་གསང་མྱུལ་གཙོས་བོད་དུ་ངོ་གདོང་ཤེས་པའི་གསང་འཕྲུལ་རིགས་ཆེད་འཛུགས་ཀྱིས་རྒྱ་སྐྱེད་ཤུགས་ཆེར་བཏང་ཡོད་པར་མ་ཟད། རྒྱ་ནག་གཞུང་གི་ལྟ་སྤྱོད་ལ་ངོ་རྒོལ་གནང་ཕྱིར་ཞི་བའི་འདུ་འཛོམས་དང་སྤྱི་ཚོགས་དྲྭ་ལམ་བརྒྱུད་༸གོང་ས་མཆོག་གི་༸སྐུ་པར་ཁྱབ་སྤེལ་གནང་བ་སོགས་ཀྱི་ཉེས་མིང་འོག་བོད་མི་སྟོང་ཕྲག་མང་པོ་བཀག་ཉར་བྱས་པ་དང་དུས་ཡུན་རིང་པོར་བཙོན་འཇུག་བྱས་དང་བྱེད་བཞིན་ཡོད་པའི་དངོས་ཀྱི་གནས་སྟངས་ཁག་ཆེད་བཀོད་གནང་འདུག

འདི་ལོར་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ ༧༠ འཁོར་བའི་དུས་དྲན་ལ་སོགས་པའི་དུས་དྲན་རིགས་མང་དག་ཅིག་ཁེལ་ཡོད་སྟབས་རྒྱ་གཞུང་གིས་བོད་ཁུལ་དུ་དམ་དྲག་སྔར་ལྷག་བྱ་རྒྱུ་གཙོས་ལྷ་ས་ཁུལ་དུ་དྲག་པོའི་དམག་གི་རང་བཞིན་ལྡན་པའི་རུ་སྒྲིག་གཏང་རྒྱུ་སོགས་དྲག་པོའི་བྱ་འགུལ་མང་དག་ཅིག་སྤེལ་ཡོད་པ་མ་ཟད། ཆབ་སྲིད་ཀྱི་རང་དབང་དང་འབྲེལ་ནས་རྒྱ་ནག་གི་ས་ཁག་གཞན་ལྟར་བོད་ཁུལ་དུ་འོས་བསྡུའི་ལམ་ནས་མི་སྣ་བསྐོ་གཞག་བྱ་རྒྱུ་དེ་གྲོང་གསེབ་ཁག་ལ་མ་གཏོགས་མེད་པ་དང་། གྲོང་གསེབ་ཁག་གི་ནང་དུའང་རྒྱ་ནག་གཞུང་གིས་དམ་དྲག་ཤུགས་ཆེར་བྱེད་ཀྱི་ཡོད་པ་དང་། བཙན་བྱོལ་དུ་ཡོད་པའི་བོད་མི་དང་འབྲེལ་བ་ཡོད་མཁན། ཕྱི་རྒྱལ་ཡུལ་གྲུར་སློབ་སྦྱོང་བྱེད་མྱོང་མཁན། དེ་བཞིན་བོད་ཀྱི་ཕྱི་ཕྱོགས་སུ་ཡོད་པའི་དགོན་སྡེ་ཁག་ཏུ་སྤུན་གཉེན་སོགས་ཡོད་ཚེ་མི་སྣ་དེ་དག་འོས་བསྡུའི་ལས་རིམ་ནང་མཉམ་ཞུགས་གནང་ཆོག་གི་མེད་སྐོར་ཆེད་བཀོད་གནང་ཡོད།

སྙན་ཐོའི་ནང་ད་དུང་བོད་ཁུལ་དུ་གསར་འགོད་རང་དབང་གི་ཐད་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་བོད་མི་གང་རུང་ཞིག་གིས་སྤྱི་ཚོགས་དྲྭ་རྒྱ་བརྒྱུད་ཆབ་སྲིད་དང་འབྲེལ་བའི་ཚོར་བ་རྣོ་བའི་གནས་ཚུལ་སྤེལ་ཚེ་འཛིན་བཟུང་གིས་བཙོན་འཇུག་དང་ཉེས་ཆད་ལྕི་མོ་སྐྱེལ་རྒྱུ་མ་ཟད། ས་ཁུལ་ཁག་ཏུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རིགས་སྤེལ་ཚེ་ཁུལ་དེའི་དྲྭ་རྒྱ་དང་སྤྱི་ཚོགས་བརྒྱུད་ལམ་ཁག་ཡོངས་སུ་འཕྲལ་མར་བཀག་སྡོམ་དང་། ལྷག་དོན་ཕྱིའི་གསར་འགོད་པ་རྣམས་བོད་ནང་རང་དབང་སྒོ་ནས་འགྲུས་བཞུད་གནང་རྒྱུའི་ཆོག་མཆན་ནམ་ཡང་རག་ཐབས་མེད་པའི་ཁར་ཆོག་ཆེན་མེད་པར་ཕྱིའི་གསར་འགོད་པ་དང་ཐུག་འཕྲད་ཀྱིས་བཅར་འདྲི་ཞུས་པ་ཤེས་རྟོགས་བྱུང་ཚེ་བོད་མི་དེ་ཐད་ཀར་བཙོན་འཇུག་བྱེད་ཀྱི་ཡོད་པ་རེད།

གཞི་རྩའི་ཕྱི་ལོ་ ༢༠༡༩ ནས་ ༢༠༢༠ ལོའི་རྒྱལ་སྤྱིའི་རྒྱལ་ཁབ་ ༦༥ ལྷག་གི་དྲ་རྒྱའི་རང་དབང་ལ་རང་དབང་ཁང་པས་ཞིབ་འཇུག་གནང་བའི་སྙན་ཐོ་ཞིག་འདོན་སྤེལ་གནང་བར་རྒྱ་ནག་དེ་རྒྱལ་ཁབ་ ༦༥ ནང་ནས་རང་དབང་ཆེས་ཞན་ཤོས་ཀྱི་རྒྱལ་ཁབ་ལ་མངོན་གསལ་གནང་ཡོད་པ་དང་། རྒྱ་ནག་རྒྱལ་ཁབ་དེ་ལོ་ངོ་དྲུག་གི་རིང་བསྟུད་མར་དྲྭ་རྒྱའི་རང་དབང་སྡུག་ཤོས་ཀྱི་རྒྱལ་ཁོངས་སུ་མིང་འདོན་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།