Tibetan Royal Year of 2151 | Year of the Wood Dragon

བཞུགས་སྒར་དུ་བོད་མི་གཙོས་ཧི་མཱ་ལ་ཡའི་ཡུལ་མི་ཚོས་༸གོང་ས་མཆོག་ལ་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་བ།  

Tibetan News Headlines

  • Press watchdog RSF: China’s communist regime leads world in repression of journalistic rights
  • Sikyong Penpa Tsering meets President of South Tyrol, before leaving for Berlin
  • Xi Jinping faces strong protests from Tibetans and rights advocates in Paris
  • Nancy Pelosi honored with Presidential Medal of Freedom, US highest civilian award
  • Tibetan MMA fighter Rinchen Griffithsgolha makes history with first professional victory
  • History Feature: Panchen Rinpoche’s Footprints Across Tibet

རེས་གཟའ་ཟླ་བ། ༢༠༢༤།༠༥།༠༦

  • རྒྱ་ནག་ནི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཡིན་པ་ཐེར་འདོན།
  • སྲིད་སྐྱོང་མཆོག་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་མོལ་གནང་རྗེས་འཇར་མ་ནིའི་རྒྱལ་ས་ Berlin དུ་ཕེབས་འབྱོར།
  • ཞི་ཅིན་ཕིང་ལ་ཧྥ་རན་སིར་བསླེབས་སྐབས་བོད་མིས་ངོ་རྒོལ།
  • ལྕམ་ Pelosi མཆོག་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཆེས་རླབས་ཆེན་ཞིག་ཡིན་པའི་ཆེ་བསྟོད།
  • བོད་མི་ཞིག་གིས་ཁུ་ཚུར་དྲག་རྩལ་གྱི་ཆེད་ལས་རྩེད་འགྲན་ནང་ཆེས་ཐོག་མ་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་འདུག
  • བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ལས་ལེའུ་དྲུག་པ་བོད་ཁམས་ཞབས་ཀྱིས་བཅགས་པ།

ཁ་སང་དང་ཁ་ཉིན་བཅས་སུ་ས་གནས་མི་ཉུང་བ་ཞིག་ལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། ལྷག་པར་དུ་༸གོང་ས་མཆོག་ལ་དད་གུས་ཡོད་མཁན་གྱི་མི་སེར་མང་དག་ཅིག་གིས་ཉེ་ལམ་གསར་འགྱུར་བརྒྱུད་ལམ་ཁག་ནས་༸གོང་ས་མཆོག་ལ་གཞི་མེད་མཚན་ཤས་བཟོ་བའི་གནས་ཚུལ་སྤེལ་བར་བློ་ཕམ་དང་སྦྲགས་ཏེ་ངོ་རྒལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༡༧ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། སི་པི་ཏི། ཀི་ནོར་གཙོས་ཧི་མཱ་ལ་ཡ་མངའ་ཁུལ་གྱི་སློབ་ཕྲུག་ཚོགས་པ་གཉིས་ཀྱི་སྣེ་ཁྲིད་འོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འདབས་ནས་དྷ་ཤོད་ཀ་ཅ་རིའི་ཁྲོམ་གཞུང་བར་གསར་འགྱུར་བརྒྱུད་ལམ་ཁག་གཅིག་དང་། གང་ཟག་སྒེར་ཁག་གཅིག་བཅས་ཀྱིས་རྒྱ་ནག་གཞུང་གིས་ཆེད་བཟོ་བྱས་པའི་༸གོང་ས་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་འཁྱོག་བཤད་ཀྱི་བརྙན་པར་ལ་དཔྱད་ཞིབ་གང་ཡང་མེད་པར་འགྲེམ་སྤེལ་གྱིས་༸གོང་ས་མཆོག་ལ་གཞི་མེད་མཚན་ཤས་དང་འགྲེལ་ལོག་ཅན་གྱི་གནས་ཚུལ་སྤེལ་བར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པའི་སྐད་འབོད་ཀྱི་ལས་འགུལ་སྤེལ་སོང་།   

ལས་འགུལ་ནང་ས་གནས་སུ་ཡོད་པའི་བོད་མི་ཙམ་མ་ཟད་སི་པི་ཏི་དང་ཀོ་ནོར་གཙོས་པའི་ཧི་མཱ་ལ་ཡ་མངའ་ཁུལ་གྱི་སློབ་ཕྲུག་དང་མི་སེར། དེ་བཞིན་དྷ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ Ajit Nehria ལགས་དང་དྷ་ས་ས་གནས་གྲོང་སྡེ་སྤྱི་ཁྱབ་སྐུ་ཞབས་ Onkar Singh Nehria ལགས་གཙོས་འབྲེལ་ཡོད་ལས་བྱེད་སོགས་ཁྱོན་མང་ཚོགས་སྟོང་ཕྲག་ལྷག་མཉམ་ཞུགས་གནང་སྟེ། ང་ཚོ་དུས་རྟག་ཏུ་༸གོང་ས་མཆོག་དང་ལྷན་དུ་ཡོད་ཅེས་སོགས་༸གོང་ས་མཆོག་ལ་རྒྱབ་སྐྱོར་ཡོད་པའི་འབོད་ཚོག་དང་། NDTV གཙོས་པའི་གསར་ཁང་ཁག་གཅིག་ནས་༸གོང་ས་མཆོག་ལ་གཞི་མེད་མཚན་ཤས་དང་འགྲེལ་ལོག་ཅན་གྱི་གནས་ཚུལ་སྤེལ་བར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པའི་སྐད་འབོད་དང་གོམ་བགྲོད་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད།     

ལས་འགུལ་གོ་སྒྲིག་གནང་མཁན་ཁོངས་སུ་ཡོད་པ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དགོན་པོ་དོན་གྲུབ་ལགས་ཀྱིས་༸གོང་ས་མཆོག་དང་འབྲེལ་བའི་མཚན་ཤས་ཅན་གྱི་གནས་ཚུལ་སྤེལ་མཁན་གྱི་གསར་ཁང་དང་གང་ཟག་སྒེར། དེ་བཞིན་རྒྱ་གཞུང་གཙོས་པའི་དེ་འབྲེལ་བྱ་ངན་སྤེལ་མཁན་ཡོངས་ལ་མཐའ་གཅིག་ཏུ་ངོ་རྒོལ་གནང་ཕྱིར་ལས་འགུལ་སྤེལ་བ་ཞིག་ཆགས་ཡོད་ཅེས་གསུངས་སོང་།

དེ་བཞིན་སི་པི་ཏི་དང་ཀོ་ནོར་གཙོས་པའི་ཧི་མཱ་ལ་ཡ་མངའ་ཁུལ་གྱི་སློབ་ཕྲུག་ཚོགས་པའི་སྣེ་ཁྲིད་པ་ཀུན་དགའ་ཟླ་བ་ལགས་ཀྱིས་ང་ཚོ་༸གོང་ས་མཆོག་དང་ལྷན་དུ་ཡོད་ཅེས་པའི་བརྡ་ལན་འདི་འཕྲོད་ཐབས་བྱ་རྒྱུ་དང་། ༸གོང་ས་མཆོག་གི་མཛད་འཕྲིན་སྐོར་ལ་གསར་ཁང་ཁག་གཅིག་ནས་འཁྱོག་བཤད་སྣ་ཚོགས་སྤེལ་བ་དེས་ང་ཚོའི་སེམས་ལ་ཕོག་ཐུག་ཆེན་པོ་བཏང་སོང་། ང་ཚོ་ཚང་མས་ཤེས་གསལ་ལྟར་བདེན་པ་ཞེས་པ་དེ་རྟག་ཏུ་རྒྱལ་ངེས་ཡིན་སྟབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་དྲང་བདེན་དང་༸སྐུ་འཚོ་ཞིང་གཞེས་པའི་སྟོན་པ་རེད། ཁོང་༸སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་ཞུ་ཡི་ཡོད་ཅེས་གསུངས་ཡོད།  

 

གཞན་ཡང་དྷ་ས་ས་གནས་གྲོང་སྡེ་སྤྱི་ཁྱབ་སྐུ་ཞབས་ Onkar Singh Nehria ལགས་ཀྱིས་༸གོང་ས་མཆོག་གི་མཚན་སྙན་འོག་དྷརྨ་སཱ་ལཱའི་ས་གནས་འདི་ཉིད་དེ་སྔ་གོ་རྒྱུ་གང་ཡང་མེད་པ་ཞིག་ད་ཆ་རྒྱལ་སྤྱིའི་མི་མང་ཚང་མས་མཁྱེན་རྟོགས་ཡོད་པ་ཞིག་ཏུ་གྱུར་ཐུབ་པ་ནི་མགོན་པོ་༸གང་ཉིད་མཆོ་གི་༸སྐུའི་གཟི་བརྗོད་དང་མཛད་འཕྲིན་ཁག་ལ་བརྟེན་ནས་བྱུང་ཡོད་སྐོར་གསུངས་པ་དང་ཆབས་ཅིག ཉེ་ལམ་གསར་ཁང་དང་གང་ཟག་ཁག་གཅིག་ནས་༸གོང་ས་མཆོག་དང་འབྲེལ་བའི་མཚན་ཤས་ཅན་གྱི་གནས་ཚུལ་ཁྱབ་སྤེལ་བཏང་བ་དེར་དྷ་སའི་ས་གནས་མི་མང་ཚང་མས་ཆེས་བློ་ཕམ་དང་བཅས་ཏེ་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ཅེས་སོགས་གསུངས་ཡོད།

གཞན་ཡང་དེ་རིང་སྔ་དྲོ་ཚོུད་ ༩ ནས་ ༡༢ བར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸སྐུ་བཅར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་དགེ་འདུན་པ་གཙོས་བཞུགས་ཁུལ་གྱི་དགོན་སྡེ་གྲྭ་ཚང་ཁག་གི་གྲྭ་བཙུན་རྣམ་པ་དང་ས་གནས་མི་མང་བཅས་ཀྱིས་༸རྒྱལ་བའི་༸སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་དང་། དགོང་དྲོ་ཚོུད་ ༥ ཐོག་དྷ་ས་ཁྲོམ་གཞུང་དུ་མར་མེ་ཁྲོམ་སྐོར་ཞིག་ཀྱང་གནང་ཡོད།     

ཕྱོགས་མཚུངས་ཁ་ཉིན་ཕྱི་ཚེས་ ༡༥ ཉིན་དྷ་སའི་ཧིན་བོད་མཛའ་འབྲེལ་ཚོགས་པ་གཙོས་ས་གནས་ཡུལ་མིའི་ཚོགས་པ་ཁག་གཅིག་ཟུང་སྦྲེལ་ཐོག་གསར་འགོད་ལྷན་ཚོགས་ཤིག་གནང་སྟེ་དེང་སྐབས་སྤྱི་ཚོགས་ཀྱི་བརྒྱུད་ལམ་ཁག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་སྐྱོན་བརྗོད་བྱེད་བཞིན་པར་བདེན་མིན་གྱི་དགག་པ་གནང་སོང་བ་དང་ཆབས་ཅིག དེ་འབྲེལ་མཚན་ཤས་ཞུ་མཁན་ཚོར་རྒྱ་གར་གཞུང་ནས་ཞིབ་འཇུག་མཐིལ་ཕྱིན་གནང་དགོས་པའི་འབོད་སྐུལ་ཞུས་སོང་།

གསར་འགོད་ལྷན་ཚོགས་ཐོག་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Ajit Neheria ལགས་ཀྱིས་༸གོང་ས་༸སྐྱབསམགོན་ཆེན་པོ་མཆོག་ནི་བོད་མི་ཙམ་མིན་པར་འཛམ་གླིང་མི་མང་ཀུན་ནས་དད་གུས་དང་དགའ་མོས་ཆེན་པོ་ཞུ་ཡུལ་འཛམ་གླིང་ནང་གི་ཆོས་ཕྱོགས་ཀྱི་དབུ་ཁྲིད་རླབས་ཆེན་ཞིག་ཡིན་བཞིན་དུ་ཉེ་ལམ་མགོན་པོ་༸གང་ཉིད་མཆོག་གིས་རྒྱ་གར་གྱི་བྱིས་པ་ཞིག་ལ་ཐུགས་བརྩེ་ཆེན་པོས་བྱམས་སྐྱོང་དང་འབྲེལ་ཏེ་སྐུ་རྩེད་ཀུ་རེ་གནང་བའི་བཀའ་མོལ་མཛད་ཕྱོགས་ཀྱི་གསུང་བབས་དང་འབྲེལ་སྤྱི་ཚོགས་ཀྱི་བརྒྱུད་ལམ་ཁག་ཏུ་སྐྱོན་བརྗོད་བྱེད་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་གནང་ཡོད་པར་མ་ཟད། ལྷག་དོན་མགོན་པོ་༸གང་ཉིད་མཆོག་ལ་མཚན་ཤས་ཀྱི་འཁྱོག་བཤད་སྤེལ་བ་དང་བརྙན་ཐུང་བཅོས་སྒྲིག་བྱས་པ་དེ་ནི་སྡིག་པའི་ལས་བསགས་པ་མ་ཚད་པར་ཐ་ཤལ་གྱི་བྱ་སྤྱོད་ཅིག་ཡིན་པས་བྱ་ངན་དེ་རིགས་སྤེལ་མཁན་གང་ཟག་སུ་འདྲ་ཞིག་ཡིན་ཀྱང་ངེས་པར་དུ་དགོངས་སེལ་ཞུ་དགོས་ཞེས་ནན་བརྗོད་གནང་སོང་།

ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཞོན་དྷ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས་ད་ཆ་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་༸གོང་ས་མཆོག་ལ་མཚན་ཤས་ཀྱི་འཁྱོག་བཤད་བྱེད་བཞིན་པ་དེ་ནི་གཙོ་བོ་ཉེ་ལམ་མགོན་པོ་༸གང་ཉིད་མཆོག་གིས་རྒྱ་གར་གྱི་བྱིས་པ་ཞིག་ལ་ཐུགས་བརྩེ་ཆེན་པོས་བྱམས་སྐྱོང་དང་འབྲེལ་ཏེ་སྐུ་རྩེད་ཀུ་རེ་གནང་བའི་བཀའ་མོལ་མཛད་ཕྱོགས་ཀྱི་གསུང་བབས་དང་འབྲེལ་སྤྱི་ཚོགས་ཀྱི་བརྒྱུད་ལམ་ཁག་ཏུ་སྐྱོན་བརྗོད་བྱེད་བཞིན་ཡོད་སྟབས། མགོན་པོ་༸གང་ཉིད་མཆོག་ལ་མཚན་ཤས་ཞུ་མཁན་རྣམས་ནས་ཐོག་མར་༸གང་ཉིད་མཆོག་གིས་ཉིན་དེར་རྒྱ་གར་གྱི་བུ་ཆུང་དེ་ཉིད་ལ་སྩལ་བའི་བཀའ་སློབ་ཀྱི་བརྙན་ཐུང་ཆ་ཚང་བ་ཞིག་གཟིགས་དགོས་གནད་ཡིན་པའི་རེ་སྐུལ་ནན་པོ་གནང་ཡོད།

ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་ Ram Swaroop ལགས་ཀྱིས་༸གོང་ས་མཆོག་ལ་གཞི་མེད་བསྙོན་འཛུགས་བྱས་པའི་གནད་དོན་སོགས་ད་རེས་ཐེངས་དང་པོ་མ་ཡིན་པར་དེ་སྔ་ཐེངས་ཁ་ཤས་བྱུང་ཡོད་པའི་ཁྲོད་འདིར་མི་ཁག་གཅིག་གིས་སྤྱི་ཚོགས་དྲ་ལམ་ཐོག་རང་ཉིད་ཀྱི་ཁ་བྱང་རྫུན་མ་བཟོས་ཏེ་༸གོང་ས་མཆོག་དང་འབྲེལ་བའི་བརྙན་ཐུང་བཅོས་སྒྲིག་གིས་མགོན་པོ་༸གང་ཉིད་མཆོག་ལ་མཚན་དམད་ཞུ་བཞིན་ཡོད་སྟབས་ཧི་མཱ་ཅལ་དང་རྒྱ་གར་གྱི་གཞུང་མང་རྣམས་ཀྱིས་གང་ཟག་དེ་དག་མང་ཚོགས་ཁྲོད་ཐེར་བཏོན་དགོས་པའི་རེ་འདུན་བཏོན་སོང་།

ཁ་སང་ཚེས་ ༡༦ ཉིན་ལྡི་ལི་བོད་སྒར་གྱི་མི་མང་དང་ས་གནས་རྒྱ་གར་བ། ཧི་མཱ་ལ་ཡ་རི་རྒྱུད་ཀྱི་མང་ཚོགས་བཅས་ཀྱིས་བོད་སྒར་བསམ་ཡས་གླིང་གི་ཁྲོམ་གཞུང་དུ་གསར་ཁང་ཁག་གི་ངོས་ནས་༸གོང་ས་མཆོག་ལ་སྐུར་འདེབས་མཚན་དམད་ཞུ་མཚམས་འཇོག་དགོས་པ་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་བསྐལ་བརྒྱར་བརྟན་པ་ཤོག་ཅེས་འབོད་ཚིག་སྒྲོག་བཞིན་ཞི་བའི་རྔམ་སྟོན་གནང་ཡོད། 

འབྲེལ་ཡོད་གསར་གནས།

གསར་གནས།